མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཐོག་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་བསམ་འཆར།

བོད་ཀྱི་དུས་བབ།
༢༠༡༦/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

༄༅།། མཆོག་ཏུ་བཀུར་འོས་དཔལ་ལྡན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཆེད་བཙུགས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་གིས་ཚོགས་གཙོའི་དབུས་ཚོགས་མི་ལྷན་རྒྱས་ལ་ཆེད་ཞུ།

དེ་ནས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་གྲོས་ཆོད་ཨང་ ༢༠༡༦།༡༦།༡།༥(༩)དགོངས་དོན་བཞིན་འོས་བསྡུའི་ལས་དོན་དང་འབྲེལ་པའི་དོན་ཚན་གཉིས་ཀྱི་ཐོག་བོད་མི་སྤྱི་ཡོངས་ལ་དགོངས་འཆར་ཇི་ཡོད་ཡིག་ཐོག་དགོས་པའི་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༠ ཉིན་བཀོད་ཁྱབ་ཕེབས་བ་བཞིན་འདི་ག་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ས་གནས་དང་འབྲེལ་མཐུད་པ་ཁག་ ༣༢ དང་། དབུས་རྒྱུན་ཟུར་པ་རྣམ་པ་བཅས་འབྲེལ་ཡོད་ཡོངས་ལ་ཡིག་ངག་གཉིས་ཐོག་ནས་སྤྱི་ཟླ་ ༨ པའི་ཚེས་ ༡༥ ནང་ཚུད་དགོངས་འཆར་ཇི་ཡོད་ཡིག་ཐོག་དབུས་སྤྱི་ཁྱབ་ལས་ཁུངས་ལ་གནང་སྐྱོང་ཡོང་པའི་བཀོད་ཁྱབ་འབོད་སྐུལ་ཞུས་དོན་བཞིན་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་ལ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་བསམ་འཆར་ཕྱོགས་བསྡོམས་ཞུས་པ་དེའི་མཉམ་ལྷན་སྦྱར་ཞུས་པ་ནང་གསལ་ལགས་ན། དེ་དོན་དགོངས་བཞེས་གནང་སྐྱོང་ཡོང་བ་མཁྱེན།

འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་ལ་བསམ་འཆར་གཤམ་གསལ།

༡༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་དང་པོ། གཞི་རྩའི་ལམ་སྟོན། དོན་ཚན་དང་པོའི་ནང་གསེས་༢ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོས་གལ་ནམ་གཟིགས་སྐབས་དང་། འགོ་འཁྲིད་རྣམས་ཀྱིས་གསོལ་འདེབས་ནམ་ཞུས་ལ་བོད་མི་རིགས་དང་། སྤྱི་ཚོགས། བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་གི་དགོངས་པའི་དཔྱད་གཞིར་དགོངས་འཆར་གནང་རྒྱུ་ཞེས་འཁོད་པའི་ཆ་སྐྱེན་འོག་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་འཐུས་ ༢ པའི་ཚོགས་མགོན་དུ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་གསོར་བཀའ་དྲིན་ཆེ་ནས་བཀའ་སློབས་ལམ་སྟོན་གནང་སྐྱོང་ཡོང་པའི་གསོལ་འདེབས་ཞུ་དགོས་རྒྱུ།

༢༽ སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དུས་གཅིག་ལ་མཉམ་དུ་མ་ཡིན་པར་དུས་ཡུན་ཟླ་ངོ་གསུམ་གྱི་བར་ཁྱད་བཞག་གནང་ཐུབ་ན་ད་ཕན་མང་ཚོགས་ནང་སྲིད་སྐྱོང་སྐོར་ལ་བསམ་ཚུལ་དང་བགྲོ་གླེང་དོ་སྣང་ཤུགས་ཆེར་བྱེད་པ་ལས་སྤྱི་འཐུས་ཀྱི་སྐོར་ལ་དོ་སྣང་ཆུང་སྐྱོན་འདུག་པས། དེ་དོན་སྒྲིག་གཞི་བསྐྱར་བཅོས་ཡོང་པའི་དགོངས་བཞེས་དགོས་རྒྱུ།

༣༽ སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་དུས་ཚོད་རྒྱ་གར་ནང་གནས་པའི་བོད་མི་མང་ཆེ་བ་དགུན་ཚོང་གི་དུས་ཚོད་ཁེལ་གྱི་ཡོད་ལྟབས་འོས་བསྡུའི་སྐབས་མི་མང་མཉམ་བཞུགས་བྱེད་རྒྱུར་སྤྱི་སྒེར་གཉིས་ལ་མཐུས་བཤོར་དང་དཀའ་ངལ་ཡོད་པ་དངོས་ཡོད་ཡིན་པར་བརྟེན། སླད་ཕྱིན་འོས་བསྡུའི་དུས་ཚོད་དགུན་ཚོང་གི་སྐབས་མ་ཁེལ་བ་ཞིག་འོས་བསྡུའི་སྒྲིག་གཞི་ནང་ཁ་གསལ་ངེས་པར་དུ་དགོས་པའི་དགོངས་བཞེས་གནང་དགོས་རྒྱུ།

༤༽ གཞི་རྩའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ ༡༢ པའི་གཞི་རྩའི་རང་དབང་དང་ཐོབ་ཐང་གཞན་ཁག་ཞེས་པའི་ནང་གསལ་བཞིན་མང་ཚོགས་ཀྱི་རང་དབང་ལ་བཀག་འགོག་མི་མཆོག་ཀྱང་སྲིད་སྤྱི་འོས་མི་འདོན་པའི་སྐབས་ཆོལ་ཁ་དང་། ལུང་མཚན། ཆོས་ལུགས། ཕོ་མོ། རྒན་གཞོན་དབྱེར་མེད་ཀྱི་ཚོགས་པ་སྒྲིག་འཛུགས་ཁག་ནས་འོས་མི་འདོན་མཆོག་པ་ལས་ཆོལ་ཁ་དང་། ལུང་མཚན་ཤོག་ཁག་གི་རྣམ་པས་ཐོག་ནས་སྲིད་སྤྱིའི་འོས་མི་བཏོན་ན་བཙན་བྱོལ་བོད་མིའི་རྡོག་རྩ་ཆིག་བསྒྲིལ་ཀྱི་ནུས་པ་ཉམས་རྒུད་འགྲོ་རྒྱུའི་གཞི་བརྩ་ལྟ་བུ་ཆགས་རྒྱུར་ཉམ་མྱོང་དངོས་བྱུང་ལ་བརྟེན་འབྱུང་འགྱུར་གནད་དོན་དེ་རིགས་ལ་དབུས་འོས་བསྡུ་ལྷན་ཁང་ནས་སྟངས་འཛིན་ནན་པོ་དགོས་པའི་འོས་བསྡུའི་སྒྲིག་གཞི་ནང་ཁ་གསལ་འཁོད་གནང་དགོས་རྒྱུ།

༥༽ བཀའ་ཤག་སྐབས་ ༡༣ པའི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢ ཉིན་གྱི་མང་གཙོ་དབུ་བརྙེས་ནས་མི་ལོ་ ༥༠ འཁོར་པའི་གཞུང་འབྲེལ་དུས་ཆེན་མཛད་སྒོའི་བཀའ་ཤག་གི་གསུང་བཤད་ནང་༼ད་ལྟ་སྲིད་དོན་གྱི་ཚོགས་པ་གཅིག་རང་ཡོད་པ་དེ་རང་གིས་ཁུངས་སྐྱེལ་ཐུབ་ངེས་ཡིན༽ ཅེས་གཞུང་འབྲེལ་གི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་བཞིན་སྲིད་དོན་ཚོགས་པ་ཞིག་ལ་ངོས་བཞེས་གནང་པ་བཞིན་ད་ཡོད་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་སྒྲིག་གཞི་ནང་། འབྱུང་འགྱུར་སྲིད་སྤྱི་གཉིས་ཀྱི་འོས་མི་འདོན་ཕྱོགས་ཀྱང། ད་ལྟའི་སྲིད་དོན་ཚོགས་པ་གཅིག་པོ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ངོས་ཞེས་ཡོང་སླད་འོས་བསྡུའི་སྒྲིག་གཞི་ནང་ཁ་གསལ་ངེས་པར་དུ་འཁོད་དགོས་རྒྱུ།

༦༽ སྲིད་དོན་ཚོགས་པ་མེད་པའི་ད་ཡོད་གྲོས་ཚོགས་ཀྱི་ལམ་ལུགས་འདི་བཞིན་སྲིད་དོན་ཚོགས་པ་ རང་བཞིན་ལྡན་པའི་ལམ་ལུགས་ཐོག་འགྲོ་རྒྱུའི་ཆེད་ཁྲིམས་འཆར་གྲོས་ཚོགས་ནང་སླེབས་ཐབས་གནང་དགོས་རྒྱུའི་འབོད་བསྐུལ་ཞུ་རྒྱུ།

༧༽ སྲིད་སྤྱི་འོས་བསྡུའི་སྐབས་སུ་གཞི་རིམ་མང་གཙོའི་ཆབ་སྲིད་གོ་རྟོགས་མཐོར་འདེགས་ཀྱིས་ལས་འགུལ་ཆེད་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ལྟ་བུ་སྲིད་དོན་ཚོགས་པར་གྲོན་དངུལ་གྲོས་ཚོགས་ཀྱི་སྔོན་རྩིས་བཀའ་འཁྲོལ་ནང་རྩིས་འགོ་ལོགས་སུ་དགོས་རྒྱུ།

༨༽ སྲིད་སྤྱི་འོས་འདེམས་སྐབས་སུ། འོས་བསྡུ་ལས་ཁང་གི་དབུས་ས་གཉིས་ཀྱི་ཕྱག་ལས་གནང་ཕྱོགས་ཐད་ཁྲིམས་སྒྲིག་ལ་མཐུན་མིན་དང་། བཀའ་ཁྱབ་ཚགས་ཚུད་ཡོང་མིན་ལ་རྟག་དཔྱད་གནང་མཁན་གྱིས་ཟུར་དཔང་ཚོགས་ཆུང་ཞིག་ཟུར་བཙུགས་དགོས་པ་དང་། ཚོགས་ཆུང་དེའི་རྟག་དཔྱད་བརྒྱུད་འོས་བསྡུའི་ལས་རིམ་ལ་སྐྱོན་གནད་ཚབས་ཆེན་དངོས་སུ་ར་འཕྲོད་བྱུང་ཚེ་ཚོགས་ཆུང་དེའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཛ་དྲག་ཞུ་བསྐུལ་གྱི་འོས་བསྡུའི་འགན་འཛིན་དང་འགན་འཛིན་ལས་རོགས་ཀྱི་ཕྱག་ལས་བར་མཚམས་བཞག་རྒྱུའི་སྒྲིག་གཞི་སྣོན་འཇོགས་དགོས་རྒྱུ།

༩༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༢༡ ནང་གསལ་སྲིད་སྐྱོང་དང། བཀའ་བློན་གྱི་འོས་ཆོས་ནང་རང་ལོ་སོ་ལྔ་ཧྲིལ་པོར་ལོན་པ་གསལ་ཡོད་པ་དང། འོས་བསྡུའི་སྒྲིག་གཞི་ལེའུ་དྲུག་པ། དོན་ཚན་དྲུག་ཅུ་རེ་གསུམ་པ། སྲིད་སྐྱོང་གི་འོས་ཆོས་ནང་རང་ལོ་ ༣༥ ཧྲིལ་པོར་ལོན་པ་གསལ་བ་དང་། འོས་བསྡུའི་སྒྲིག་གཞི་ལེའུ་བཞི་པ། དོན་ཚན་སོ་དགུ་པ། བོད་མི་མང་སྤྱི་འཐུས་ཀྱི་འོས་ཆོས་ནང་རང་ལོ་ ༢༥ ཧྲིལ་པོར་ལོན་དགོས་པ་ཅེས་འཁོད་ཡོད་པ་ལས་ཧྲིལ་པོ་ལོན་པའི་གཞི་འཛིན་སའི་ཡིག་ཆ་གང་ལ་ངོས་འཛིན་བྱེད་དགོས་མིན་ད་ཕན་ཁྲིམས་སྒྲིག་ནང་ཁ་གསལ་མེད་པར་བརྟེན་སླད་ཕྱིན་འོས་བསྡུའི་སྒྲིག་གཞི་ནང་ཁ་གསལ་དགོས་རྒྱུ།

༡༠༽ ད་བར་བོད་མི་མང་སྤྱི་འཐུས་སྐབས་ ༡༤ དང་ ༡༦ གཉིས་ཀྱི་ཚོགས་གཙོ་རེ་མོས་གནང་བཞིན་པ་དེ་དག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། འོས་བསྡུའི་སྒྲིག་གཞི་གང་དུ་ཡང་ཁྲིམས་སྒྲིག་ཁ་གསལ་མེད་པར་བརྟེན་འབྱུང་འགྱུར་གནས་ཚུལ་དེ་རིགས་མི་ཡོང་པའི་ཆེད་འོས་བསྡུའི་སྒྲིག་གཞི་ནང་ངེས་པར་དུ་ཁ་གསལ་དགོས་རྒྱུ།

༡༡༽ སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་དུས་ཡུན་ཧ་ཅང་རིང་དྲག་པའི་བསམ་ཚུལ་གཅིག་འགྱུར་ལ་བརྟེན་འོས་བསྡུའི་སྒྲིག་གཞི་ནང་དུས་ཡུན་ཐུང་ངུར་གཏོང་གནང་དགོས་རྒྱུ།

༡༢༽ སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་འོས་མི་ཕན་ཚུན་བགྲོ་གླེང་གོ་སྒྲིག་ཞུ་མཁན་ཚོགས་པ་སྒྲིག་འཛུགས་དང་། མི་སྒེར། གསར་འགྱུར་བརྒྱུད་ལམ་ཁག་བཅས་ནས།   ད་ཕན་གོ་སྒྲིག་ཞུ་བཞིན་པ་དེ་རིགས་ཀྱི་གཞི་རྩའི་བགྲོ་གླེང་གི་དམིགས་ཡུལ་དང་། འཆར་གཞི་གཞིར་ཟུང་མ་སོང་པར་གང་ཟག་སྒེར་གྱི་ལྟ་ཚུལ་ལ་འགྲོ་ཡི་ཡོད་པའི་རྣམ་པ་ཤུགས་ཆེ་པས་དེའི་རིགས་དབུས་འོས་བསྡུའི་ཁྱབ་ཁུངས་དབུས་ས་གཉིས་ཀྱི་ནན་གཏན་གྱི་སྟངས་འཛིན་ནན་པོ་དགོས་བ་འོས་བསྡུའི་སྒྲིག་གཞི་ནང་ཁ་གསལ་དགོས་རྒྱུ།

༡༣༽ འོས་བསྡུ་སྒྲིག་གཞིའི་དོན་ཚན་ ༢༤ ནང་གསེས་ ༤ པ་ནང་གསལ། གཞུང་འབྲེལ་ལས་བྱེད་ཞེས་པའི་ངོ་བོ་དང་ཁྱབ་ཚད་ཁ་གསལ་དགོས་རྒྱུ།

༡༤༽ འོས་བསྡུའི་སྒྲིག་གཞི་དོན་ཚན་དྲུག་པ། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་ལས་འཕར་གྱི་འོས་ཆོས་ནང། སྲིད་དོན་ཚོགས་པ་གང་རུང་གི་ཚོགས་མི་མ་ཡིན་པ་གསལ་པར་ད་ཡོད་འོས་བསྡུའི་སྒྲིག་གཞི་ཁྱབ་ཁུངས་ནང་སྲིད་དོན་ཀྱི་ཚོགས་པ་གང་ལ་ངོས་འཛིན་གནང་གི་ཡོད་མིན་ཁ་གསལ་དགོས་རྒྱུ།

༡༥༽ དབུས་འོས་བསྡུ་ལྷན་ཁང་ནས་ཀྱང་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་སྐབས་དུས་བསྟུན་འོས་བསྡུའི་སྒྲིག་གཞི་གཏན་ཕེབས་གནང་སྐབས་གང་ཟག་སྒེར་ལ་བརྟེན་ནས་ཐག་གཅོད་གནང་པའི་རྣམ་པ་མ་ཐོན་པ་གནང་གལ་མ་ཟད། ཐག་གཅོད་གང་གནང་པ་ཁྲིམས་སྒྲིག་དང་མཐུན་པ་དགོས་རྒྱུ་སྨོས་མེད་ཐོག་དབུས་ས་གཉིས་ཀྱི་འོས་བསྡུའི་འགན་འཁུར་ཕྱག་ལས་གནང་མཁན་ཡོངས་རྫོགས་ཀྱི་སྒྲིག་གཞི་ལྟར་ཕྱག་བསྟར་དོན་འཁྱོལ་ངེས་པར་དགོས་རྒྱུ།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།

                                                           ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༣༠ ལ།

                                                                                               ཕུལ།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༢ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༣ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༣ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༤ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 1

  1. བློ་བཟང་། says:
    ལོ་ 10 སྔོན།

    སྲིད་སྐྱོང་དང་སྤྱི་འཐུས་ནང་གི་ཆོལ་ཁའི་རྙོག་དྲ་མ་བཀག་བར། འོས་བསྡུའི་ལས་རིམ་ནང་གི་རྙོག་དྲ་འགོག་ཐབས་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese