མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་བསམ་ཚུལ་ཁག་འདིར་གླེང་འདོད་བྱུང་།

བོད་ཀྱི་དུས་བབ།
༢༠༡༦/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ལས་མང་ཚོགས་ནང་ལབ་གླེང་མང་བ་དང་། ༧གོང་ས་མཆོག་ཐུགས་ཕམ་དང་བཀའ་ཁྲི་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་ནས་གཞི་རིམ་མང་གཙོའི་ཐོབ་ཐང་འོས་འཕེན་གྱི་ཆ་ཤས་མ་བླང་པ་དང་། བསྟན་སྲུང་ཆེན་པོ་ཆོས་སྐྱོང་སྐུ་དྲག་ཏུ་ཕེབས་པ་སོགས་ལ་བརྟེན། སྤྱི་འཐུས་གྲོས་ཚོགས་ནས་མ་ཚང་བ་དང་མ་འགྲིག་པ་མ་འཐུས་པའི་ངན་ཁག་ཚང་མ་གཟུགས་མེད་འོས་བསྡུའི་སྒྲིག་གཞི་ལ་གཡོགས་ཏེ། འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་ཚོགས་ཆུང་ཟུར་འཛུགས་གནང་སྟེ། མི་མང་གི་བསམ་འཆར་འབུལ་སའི་བརྒྱུད་ལམ་དང་དུས་ཚོད་སོགས་དྲ་རྒྱའི་ནང་གསལ་བསྒྲགས་གནང་བ་ལྟར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་བསྒྲུབས་ནས་གང་ཟག་སྒེར་གྱི་བསམ་འཆར་ཁག་ཉེ་ལམ་སྤྱི་འཐུས་ཚོགས་དྲུང་ཡིག་ཚང་ལ་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་མགྱོགས་སྦྲགས་ཐོག་ཕུལ་བ་དེ་དག་དུས་ཐོག་འབྱོར་མིན་ལ་བརྟེན་ད་ལམ་བོད་ཀྱི་དུས་བབ་སྟེང་བཀོད་ཡོད།

མང་གཙོ་དང་རང་དབང་ཁྲིམས་ཀྱི་དབང་བསྒྱུར་ལ་དགའ་ཞེན་དང་རྩི་བཀུར་བློ་གཏད་ཡིད་ཆེས་ཡོད་པའི་ཟུར་གནས་བློ་ལྡན་རྣམས་ནས་ཐུགས་ཞིབ་གནང་བའི་ཡིད་ཆེས་དང་བཅས། དང་པོ་མང་གཙོ་སྤྱིའི་ལམ་ལུགས་དང་མཐུན་པའི་ནང་ང་ཚོ་ཡང་ཁ་ཕྱོགས་དགོས་པ་དེ་གལ་ཆེའི་ནང་གི་གལ་ཆེན་དོན་ཆེན་ཡིན་པའི་ངོས་འཛིན་ཐོག སྲི་སྤྱིའི་འོས་བསྡུ་ལ་སྔོན་འགྲོ་དང་དངོས་གཞི་གཉིས་མ་དགོས་པ་འོས་བསྡུ་ཐེངས་གཅིག་ལ་སྲིད་སྤྱིའི་འོས་བསྡུའི་ལས་རིམ་འགྲུབ་དགོས་པ་ནི་མང་གཙོའི་རྒྱལ་ཁབ་གཞན་གྱི་འོས་བསྡུའི་ལས་རིམ་ལ་གཟིགས་ན་དེ་ནས་མཁྱེན་ཐུབ། སྔོན་འགྲོ་དང་དངོས་གཞི་གཉིས་བཟོས་པ་འདིའི་གཞུང་མགྲོན་འཕར་མ་དང་མི་མང་ལ་བརྡབ་གསིག་མང་བ། སྐབས་འཚོལ་བ་དང་མགོ་འདྲེན་ཕྱོགས་གཏོགས་ཚོར་གོ་སྐབས་མང་བ་བཅས་གོང་རིམ་གྱི་གནད་འགག་དང་། རྒྱུ་ཚན་ལ་གཟིགས་ནས་སྔོན་འགྲོ་དང་དངོས་གཞི་ཐེངས་གཉིས་མི་དགོས་པ་བྱས་ཏེ། སྲིད་སྤྱིའི་འོས་དམིགས་འདེམས་སྒྲུག་ཚོགས་ཆུང་ཟུར་འཛུགས་དགོས་པ་ (Electoral college )ཞེས་པ་དང་། ཡང་ན་   Candidate selection committe)  འདེམས་སྒྲུག་ཚོགས་ཆུང་ནང་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་དང་། ཆོས་བརྒྱུད་དང་ཆོལ་ཁའི་སྐུ་ཚབ་ལས་གྲུབ་པའི་ཚོགས་ཆུང་དེའི་ཚོགས་གཙོ་འོས་བསྡུའི་འགན་འཛིན་ནས་གནང་དགོས་པ་དང་། འདེམས་སྒྲུག་ཚོགས་ཆུང་ནས་སྲིད་སྐྱོང་འོས་དམིགས་ལ་ཆོལ་ཁ་དང་ཆོས་ལུགས་མི་སྐྱ་ཕོ་མོ་གྲྭ་བཙུན་ཁྱད་མེད་འོས་ཆོས་ཚང་བའི་མི་ ༣ འདོན་དགོས་པ་དང་། ཆོས་ལུགས་རེར་འོས་དམིགས་གྲྭ་བཙུན་ཁྱད་མེད་ ༦ འདོན་དགོས་པ། ཆོལ་ཁ་རེར་འོས་དམིགས་ཕོ་མོ་ཁྱད་མེད་ ༣༠ འདོན་དགོས་ཤིང་དེའི་ཁྲོད་བུད་མེད་ ༦ ངེས་པར་དགོས་པ། ཆོས་ལུགས་སྤྱི་འཐུས་ནང་གྲྭ་བཙུན་ལས་མི་སྐྱ་ཕོ་མོ་འགྲོ་མི་ཆོག་པ་བཟོ་དགོས། ཆོལ་ཁའི་སྤྱི་འཐུས་ནང་མི་སྐྱ་ཕོ་མོ་ལས་གྲྭ་བཙུན་ཕེབས་མི་ཆོག་པ་བཟོ་དགོས་པ། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ཚོའང་ཆོས་ལུགས་དང་ཆོལ་ཁའི་ཁོངས་སུ་བསྡུས་ཏེ་ད་ལྟའི་ཆོས་ལུགས་དང་ཆོལ་ཁ་དབྱེར་མེད་འོས་འཕེན་གྱི་ལམ་ལུགས་ལ་འགྱུར་བ་གཏོང་དགོས།

གཉིས་པ། བཅའ་སྒྲིག་ནང་རང་ལོ་18,25,35,50, ཧྲིལ་པོ་ལོན་ཡོད་མེད་རང་ལུགས་དང་ཕྱི་ལུགས་གང་ལ་ཚད་འཛིན་ཡང་། ལོ་དང་ཟླ་བ་ཉི་མ་ཆུ་ཚོད་སྐར་མ་སྐར་ཆ་སོགས་རྩི་དགོས་པ་བཅའ་སྒྲིག་ནང་གསལ་དགོས། གསུམ་པ། སྤྱི་འཐུས་གྲོས་ཚོགས་ལ་ཚོགས་གཙོ་ག་ཚོད་དགོས་ཀྱང་བཅའ་སྒྲིག་ནང་གསལ་དགོས། བཞི་པ། ཆོལ་ཁ་དང་ལུང་ཚན་ཚོགས་སྐྱིད་མི་སྒེར་སོགས་ནས་སྲིད་སྤྱིའི་འོས་དམིགས་འདོན་མི་ཆོག་པ་བཅའ་སྒྲིག་ནང་གསལ་དགོས། ལྔ་པ། བཅའ་སྒྲིག་ནང་གསལ་བའི་སྲིད་སྐྱོང་གི་འོས་ཆོས་དེ་དག་སྤྱི་འཐུས་ཀྱི་འོས་ཆོས་དང་གཅིག་མཚུངས་ལ་སོང་། སྲིད་སྐྱོང་གི་འོས་ཆོས་རྒྱ་ཆེ་ཙམ་དང་གཏིང་ཟབ་ཙམ། ཆ་རྐྱེན་ཡང་མང་ཙམ་འདོན་མ་ཐུབ་ཚེ་མ་འོང་པར་ཐོབ་གོ་ས་ལ་རྔམ་མཁན་ཚང་མ་ཕྱོགས་གཏོགས་དང་མགོ་འདྲེན་ལ་སྐྱབས་བཅོལ་ནས་སྲིད་སྐྱོང་ལ་ཚང་ཁ་མི་རྒྱག་པའི་ངེས་པ་མེད་སྟབས། སྲིད་སྐྱོང་གི་འོས་ཆོས་ལ་བསྐྱར་བཅོས་གཏོང་དགོས།

དྲུག་པ། བཅའ་ཁྲིམས་དོན་ཚན་གསུམ་པ་ཆབ་སྲིད་ཀྱི་རང་བཞིན་ཟེར་བའི་ནང་མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་སྤྱི་ཚོགས་བདེ་དོན་ཆོས་སྲིད་ཟུང་འབྲེལ་མང་གཙོ་ཡུལ་མིའི་རྒྱལ་ཁབ་ཞིག་བྱ་རྒྱུ་ཡིན་གཤིས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་ཞེས་གསལ་བ་ནས་མ་འོངས་བོད་ཀྱི་ཆབ་སྲིད་དེ་སྔོན་དུ་བཤད་དེ། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་དགོས་པ་གསལ་བ་ལྟར་(ཡུལ་མིའི་རྒྱལ་ཁབ་)( Republic) ཟེར་བའི་གོ་དོན་ཡང་རྒྱལ་ཁབ་ཀྱི་དབུ་འཁྲིད་དང་། སྲིད་གཞུང་གི་མགོ་འཁྲིད་དེ་དག་མི་མང་ནས་བདམས་པའི་མི་ཞིག་དགོས་པ་ལྟར། (Republic)  means head of nation and  head of state is elected by people) ཕྱི་ལོ་ ༢༠༡༡ ལོར་༧གོང་ས་མཆོག་ནས་སྲིད་དབང་མི་མང་ལ་རྩིས་སྤྲོད་གནང་རྒྱུའི་སྐོར་སྤྱི་འཐུས་གྲོས་ཚོགས་ལ་གསུང་འཕྲིན་ཕེབས་པའི་ནང་དུའང་ང་ཚོའི་བཅའ་ཁྲིམས་ནང་ཡུལ་མིའི་རྒྱལ་ཁབ་ཟེར་བའི་ཚིག་འཁོད་ཡོད་པ་ལྟར་དེ་དང་ཕྱོགས་མཐུན་དགོས་སྐོར་བཀའ་ཕེབས་ཡོད་ཀྱང་། སྤྱི་འཐུས་གྲོས་ཚོགས་ནས་སྲིད་དབང་མི་མང་ལ་གནང་ཚར་བའི་རྗེས་ནས་ (ཡུལ་མིའི་རྒྱལ་ཁབ ) (Republic ) ཟེར་བའི་ཚིག་དེ་(ཡུལ་མིའི་སྲིད་སྐྱོང)་ལ་བསྐྱར་བཅོས་གནང་འདུག་ན་ (ཡུལ་མིའི་སྲིད་སྐྱོང་) ཟེར་བའི་ཚིག་འདི་རྒྱལ་ཁབ་ག་འདྲ་ཞིག་གི་མང་གཙོའི་ལམ་ལུགས་དང་མཐུན་པ་ཡིན་མིན་གསལ་པོ་ཤེས་མ་སོང་ལ། འདིའི་གོ་དོན་ཡང་དབྱིན་སྐད་ནང་མང་གཙོའི་ལྟ་སྒྲུབ་དང་མཐུན་པའི་ཁྲིིམས་མཐུན་གྱི་འབྲེལ་བཤད་ག་འདྲ་ཞིག་རྒྱག་གི་ཡོད་པའང་གསལ་པོ་ཤེས་མ་སོང་སྟབས། མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་དང་མཐུན་པའི་ཁྲིམས་མཐུན་གྱི་ཐ་སྙད་  (་ཡུལ་མིའི་རྒྱལ་ཁབ་)   (Republic) དེ་དག་རང་སོར་བསྐྱར་བཅོས་དགོས་པ་ནི་འདས་པའི་བོད་ཀྱི་ལོ་རྒྱུས་ནང་བོད་མི་རིགས་འདི་འཛམ་གླིང་ལ་ཁ་ཕྱོགས་མ་ཐུབ་པའི་དབང་གིས་རྗེས་ལུས་ཏེ། བོད་ཀྱི་སྤྱི་ཚོགས་འཕེལ་རིམ་ལ་གསབ་དཀའ་བའི་གྱོང་གུད་ཕོག་པ་དེ་ཚོའི་ཉམས་མྱོང་གཞི་ལ་བཞག་ཐོག སླར་ཡང་ང་ཚོ་རྗེས་ལུས་ནས་ཡང་ལུས་སུ་ནམ་ཡང་ཁ་ཕྱོགས་མི་ཉན་པ་ནི་བོད་ཀྱི་ལོ་རྒྱུས་ནང་ནག་ཐིག་མ་ཕོག་པའི་འགན་དེ་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་དང་། ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས། ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་། ཁྱབ་ཆེ་བའི་རྒྱ་ཆེ་མང་ཚོགས་བཅས་ནས་མ་འོངས་བོད་ཀྱི་མང་གཙོའི་ཁ་ཕྱོགས་དེ་ཡར་འཐོན་མང་གཙོའི་རྒྱལ་ཁབ་སྤྱིའི་ལམ་ལུགས་དང་ནམ་ཡང་ཁ་བྲལ་མི་ཉན་པའི་བསླབ་བྱ་ནན་པོ་ཞུ་འདོད་བྱུང་།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ཕྱི་ལོ་ ༢༠༡༦། ༩ ། ༨ ཉིན་ལ་ཕུལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

མཆན། 2

  1. གཡུ་ཐོག says:
    ལོ་ 10 སྔོན།

    ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཞི་རིམ་མང་གཙོའི་ཐོབ་ཐང་གི་འོས་འཕེན་ཆ་ཤས་བླང་དང་མ་བླང་སྒེར་གྱི་རང་དབང་རེད། འདིར་ཁྱེད་རང་སྙིང་ན་དགོས་དོན་མིན་འདུག

    Reply
    • shungpatsewangsonam says:
      ལོ་ 10 སྔོན།

      གཏམ་བརྗོད་རང་དབང་རྒྱལ་སྤྱིའི་ཁྲིམས་ཀྱི་བསྟན་།
      ཚད་བཀག་བྱེད་པ་གུང་ཁྲན་དམར་པོའི་ལུགས་།
      རང་དབང་མང་གཙོའི་སྤྱི་ཚོགས་ཆེན་པོའི་ནང་།
      རང་རང་བསམ་ཚུལ་གླེང་སའི་བརྒྱུད་ལམ་མང་།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese