ཟླ་འདིའི་ ༡༡ ནས་ ༡༢ ཉིན་གཉིས་རིང་། སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་དེ་ཚོགས་ཡོད་འདུག
ཚོགས་འདུའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དེ་བཞིན། ལྡི་ལི་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་དང་། ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས། ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས། སུད་སིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་སོགས་མཉམ་ཞུགས་གནང་ཡོད་འདུག
ཚོགས་འདུའི་གྲོས་གཞི་གཙོ་བོ་སྔ་ལོའི་ཚོགས་འདུའི་སྐབས་ཀྱི་གྲོས་དོན་ཁག་ལ་བསྐྱར་ཞིབ་དང་། ཐེངས་འདིར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་གྱི་གྲོས་དོན་ལ་གཞིགས་ཏེ་མ་འོངས་པར་ལས་དོན་བྱེད་ཕྱོགས་བཅས་ཀྱི་ཐོག་བགྲོ་གླེང་གནང་ཡོད་འདུག