མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་མི་མང་གི་སེམས་ཁྲལ་ཆེ་ཤོས།

བོད་ཀྱི་དུས་བབ།
༢༠༡༦/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་མི་མང་གི་ལྟ་ཚུལ་དངོས་ལ་ཞིབ་འཇུག་རྒྱུས་ལོན་བྱུང་བ་ལྟར་ན། རྒྱ་ནག་མི་མང་གི་སེམས་ཁྲལ་ཆེ་ཤོས་དེ་སྲ་བརྟན་མེད་པའི་རྒྱལ་སྤྱིའི་དཔལ་འབྱོར་ཁྲོམ་ར་དང་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད། དེ་བཞིན་གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་མིན་པར་ཨ་རིའི་སྟོབས་འབྱོར་དང་དེའི་ཤན་ཤུགས་ཡིན་འདུག

Screen Shot 2016-10-06 at 11.47.49 AM

ཁ་སང་ཨ་རིའི་ཕེ་ཝོ་ཞིབ་འཇུག་ལྟེ་གནས་ (Pew Research Center) གིས། རྒྱ་ནག་མི་མང་གི་ལྟ་ཚུལ་ལ་ཞིབ་འཇུག་རྒྱུས་ལོན་བྱས་དོན་ལྟར་ན། དེང་གི་རྒྱ་ནག་མི་མང་གི་སེམས་ཁྲལ་ཆེ་ཤོས་དེ་རྒྱ་ནག་གཞུང་གིས་གླེང་བཞིན་པའི་རྒྱལ་སྤྱིའི་དཔལ་འབྱོར་ཁྲོམ་ར་དང་གནམ་གཤིས་འགྱུར་ལྡོག དེ་བཞིན་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་གང་ཡང་མིན་པར་ཨ་རིའི་སྟོབས་འབྱོར་དང་དེའི་ཤན་ཤུགས་ཡིན་སྐོར་བརྗོད་འདུག

ཕེ་ཝོ་ཞིབ་འཇུག་ལྟེ་གནས་ཁང་གི་ཞིབ་འཇུག་གི་གྲུབ་འབྲས་ལྟར་ན། རྒྱ་ནག་མི་མང་བརྒྱ་ཆ་ ༤༥ ཡིས་དེང་གི་ཨ་རིའི་སྟོབས་འབྱོར་དང་དེའི་ཤན་ཤུགས་ནི་རྒྱ་ནག་གི་འཇིག་ཉེན་ཆེ་ཤོས་སུ་མཐོང་གི་ཡོད་པ་དང་། གནས་བབ་དེ་ཡུ་རོབ་དང་ཉི་ཧོང་མི་མང་གི་ལྟ་ཚུལ་དང་བསྡུར་ན། རྒྱ་ནག་མི་མང་ནི་ཨ་རིའི་སྟོབས་འབྱོར་ལ་སེམས་ཁྲལ་བྱེད་མཁན་ཨང་གཉིས་པ་ཆགས་ཀྱི་ཡོད་པ་དང་། རྒྱ་ནག་མི་མང་བརྒྱ་ཆ་ ༣༥ ཡིས་སྲ་བརྟན་མེད་པའི་རྒྱལ་སྤྱིའི་དཔལ་འབྱོར་ཁྲོམ་རའི་གནས་བབ་དེ་རྒྱ་ནག་གི་འཇིག་ཉེན་ཞིག་ཏུ་མཐོང་གི་ཡོད་པ་དང་། མི་མང་བརྒྱ་ཆ་ ༣༤ ཡིས་དེང་གི་གནམ་གཤིས་འགྱུར་ལྡོག་རྒྱ་ནག་གི་འཇིག་ཉེན་དང་། མི་མང་བརྒྱ་ཆ་ ༡༥ མ་ཟིན་ཙམ་གྱིས་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་སེམས་ཁྲལ་བྱེད་བཞིན་ཡོད་སྐོར་འཁོད་འདུག

གནས་ཚུལ་འདིའི་ནང་། རྒྱ་རིགས་མི་མང་བརྒྱ་ཆ་ ༧༧ ཙམ་གྱིས་ཕྱིའི་རྒྱལ་ཁབ་ཁག་གི་སྟོབས་འབྱོར་དང་དེའི་ཤན་ཤུགས་འོག སོ་སོའི་འཚོ་བར་འགན་སྲུང་བྱེད་དགོས་ཚུལ་བཤད་ཀྱི་ཡོད་པ་དང་། བསམ་ཚུལ་དེ་ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་མི་མང་ལྟ་ཚུལ་ལ་ཞིབ་འཇུག་བྱས་པ་དང་བསྡུར་ན་བརྒྱ་ཆ་ ༡༣ ཙམ་འཕར་ཡོད་པ་དང་། རྒྱ་མི་བཅུ་ཆའི་དགུ་ཡིས་རྒྱ་ནག་གི་དཔལ་འབྱོར་སྲིད་ཇུས་ཡག་པོར་མཐོང་གི་ཡོད་པ་དང་། རྒྱ་མི་བཞི་ཆའི་གསུམ་གྱིས་ལོ་རྗེས་མར་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་འགྲོ་བར་རེ་བ་བྱེད་ཀྱིན་ཡོད་འདུག

རྒྱ་རིགས་མི་མང་བརྒྱ་ཆ་ ༤༠ ཡིས་རྒྱ་ནག་ནས་ཐོན་སྐྱེད་བྱས་པའི་སྨན་རིགས་དང་ཟས་རིགས་ཀྱིས་འཕྲོད་བསྟེན་ལ་གནོད་འཚེ་ཡོང་གི་ཡོད་པ་དེ་རྒྱ་ནག་གི་དཀའ་རྙོག་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། བསམ་ཚུལ་དེ་ཕྱི་ལོ་ ༢༠༠༨ ལོར་བསམ་ཚུལ་བསྡུས་པ་དང་བསྡུར་ན་བརྒྱ་ཆ་ ༩ ཡིས་མང་དུ་ཕྱིན་ཡོད་འདུག ཡང་རྒྱ་རིགས་མི་མང་བརྒྱ་ཆ་ ༥༩ ཡིས་རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་བར་གྱི་མངའ་ཁོངས་བདག་དབང་རྩོད་གླེང་ལ་བརྟེན་ནས་རྒྱལ་ཁབ་ཕན་ཚུན་བར་དྲག་པོའི་ཟིང་འཁྲུག་ལང་སྲིད་པར་སེམས་ཁྲལ་བྱེད་ཀྱི་ཡོད་འདུག

screen shot 2014-06-26 at 12.11.49 pmད་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ཐད་ནས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧ་ལེ་རེ་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ ༣༧ དང་དགག་པ་རྒྱག་མཁན་བརྒྱ་ཆ་ ༣༥། དེ་བཞིན། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ ༢༢ དང་སྡིགས་ར་གཏོང་མཁན་བརྒྱ་ཆ་ ༤༠ ཡོད་སྐོར་སོགས་འཁོད་འདུག

སེ་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ན་ནིང་རྒྱ་ནག་གིས་ཨ་རིའི་རང་དབང་ཚོང་དོན་སྒྲུག་འཛུགས་ཀྱི་དྲ་ལམ་ནང་ལྐོག་འཛུལ་བྱས་ཏེ་ཨ་རིའི་མི་མང་ས་ཡ་ ༢༡ གི་ཚོང་དོན་ཡིག་ཆ་རྐུ་འཁྱེར་བྱས་ཡོད་པ་དང་། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ནང་རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་བཅིངས་འགྲོལ་དམིག་གི་སྟོབས་ཤུགས་ཡར་རྒྱས་བཏང་ཡོད་པ་མ་ཟད། དྲག་ཆས་དམག་དཔུང་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་དམག་དོན་རྩ་འཛུགས་བཙུགས་པ་དེ་རྒྱ་ནག་གི་དྲག་ཆས་དམག་དཔུང་གི་ཡན་ལག་གསར་བ་ཞིག་ཡིན་སྐོར་སོགས་འཁོད་འདུག

དེ་བཞིན། ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ལྕམ་ཚའེ་ཡེན་ཝན་ཐའེ་ཝན་མཚོ་འགག་གི་སྲིད་འཛིན་དུ་བདམས་ཐོན་བྱུང་བ་ནས། རྒྱ་ནག་གཞུང་གིས་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་གཏོང་གི་ཡོད་པ་དང་། ད་ལོའི་ཧོང་ཀོང་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུའི་སྐབས་སུ། དེ་སྔོན་ཧོང་ཀོང་སློབ་ཕྲུག་ཚོས་དམངས་གཙོའི་ལས་འགུལ་སྤེལ་བ་དེས་ཧོང་ཀོང་མི་མང་གི་རང་དབང་འབོད་སྒྲ་ཆེ་རུ་གཏོང་ཐུབ་ཡོད་ནའང་། པེ་ཅིན་གཞུང་གིས་ཧོང་ཀོང་མི་མང་གི་རང་དབང་དམངས་གཙོའི་མངོན་འདོད་ལ་སུན་གཙེར་གཏོང་གི་སྐོར་སོགས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༨ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༩ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese