མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མང་ཚོགས་ཁག་ཅིག་གི་ཨ་རིའི་སྲིད་འཛིན་འོས་མིར་ལྟ་སྟངས།

བོད་ཀྱི་དུས་བབ།
༢༠༡༦/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་མངའ་སྡེ་ཁག་ཅིག་ནང་མི་མང་གིས་ཨ་རིའི་དཔལ་འབྱོར་གྱི་དཀའ་ཁག་སེལ་བར་སྐུ་ཞབས་ཊི་རུམ་ཕི་ཡག་པོ་ཡོད་པ་དང་གཞུང་འཛིན་སྐྱོང་གི་ཆབ་སྲིད་ཉམས་མྱོང་ལྕམ་ཧེ་ལ་རེ་ལ་ཡོད་པའི་བསམ་ཚུལ་ཡོང་གི་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་ཧྥོ་ཁི་སི་གསར་ཁང་ (Fox News) གིས་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་འོས་ཤོག་གྲངས་བཤེར་སྐོར་གྱི་བརྙན་ཐུང་ཞིག་ཕྱི་བསྒྲགས་བྱས་པའི་ནང་། ལྕམ་ཧེ་ལ་རེ་ལ་འོས་ཤོག་བརྒྱ་ཆ་ ༤༩ དང་། སྐུ་ཞབས་ཊི་རུམ་ཕི་ལ་བརྒྱ་ཆ་ ༤༡ ཐོབ་སྐོར་བརྗོད་ཡོད་དེས། མི་འབོར་ཆེ་ཤོས་ཨང་གསུམ་པ་ཡིན་པའི་ཨ་རིའི་ལྷོ་རྒྱུད་མངའ་སྡེ་ཁ་ལེ་ཧྥོར་ནེ་ཡའི་མི་མང་ལ་དོགས་གཞི་ཆེན་པོ་ཞིག་བསླངས་ཡོད་འདུག

ཨ་རིའི་ལྷོ་རྒྱུད་བ་ཌྭ་གསོ་རིག་སློབ་ཆེན་གྱི་སྐུ་ཞབས་བེ་ཕེན་མ་ཐོ་ (Vipin Mathew)ཡིས། བརྙན་ཐུང་དེའི་ནང་གི་འོས་ཤོག་གྲངས་བཤེར་གྱི་གྲུབ་འབྲས་དེ་ངོས་ལེན་བྱེད་དཀའ་བ་ཞིག་རེད། སྐུ་ཞབས་ཊི་རུམ་ཕི་ཡིས་བུད་མེད་ལ་བརྙས་བཅོས་མང་པོ་བྱས་ཚུལ་གྱི་སྐད་ཆ་དེ་བདེན་པ་མིན་པར། ཁོང་གིས་བུད་མེད་ལ་བརྩི་བཀུར་བྱེད་ཀྱི་ཡོད་པ་གསལ་བཤད་གནང་བར་མི་མང་གིས་དགའ་བསུ་ཆེན་པོ་བྱས་ཡོད་པ་དེ་ནི་ཁོང་གི་རྒྱལ་ཁ་ཞིག་ཡིན་ཡང་། གང་ལྟར་ཨ་རིའི་བུད་མེད་མང་ཆེ་བས་ཁོང་ལ་འོས་འཕེན་རྒྱུ་མིན་སྟབས། ཐེངས་འདིའི་མཐའ་མའི་འོས་འགྲན་ཁྲོད་ཁོང་ལ་ཕམ་ཁ་འབྱུང་རྒྱུ་རེད། ཅེས་བརྗོད་འདུག

རྒྱ་གར་བ་ཨ་རིའི་མི་སེར་རྗོ་ཧལ་ (Johl) ཟེར་བ་ཞིག་གིས། ཨ་རིའི་མི་མང་གིས་ད་ལྟའི་དཔལ་འབྱོར་གནས་བབ་དང་ལས་མེད་ཀྱི་དཀའ་ངལ་ལ་གཞིགས་ཏེ་སྐུ་ཞབས་ཊི་རུམ་ཕི་སྲིད་འཛིན་ལ་འདེམས་དགོས་པ་དང་། འབྱོར་ལྡན་པ་ཁོང་སྲིད་འཛིན་དུ་བདམས་པ་ཡིན་ན། ད་ལྟའི་དཔལ་འབྱོར་དཀའ་རྙོག་སེལ་ཐུབ་པ་དང་། ཁོང་ལ་དཔལ་འབྱོར་འདུ་འགོད་ཐད་འཇོན་ནུས་ཆེན་པོ་ཡོད་སྟབས། ཁོང་གིས་མ་འོངས་པར་ཨ་རིའི་དཔལ་འབྱོར་འཕེལ་རྒྱས་ཐོག་གྲུབ་འབྲས་ཆེན་པོ་ལེན་ཐུབ། ཅེས་བརྗོད་འདུག

བྷེན་སི་ (Bains) ཟེར་བ་ཞིག་གིས། ལྕམ་ཧེ་ལ་རེ་མཆོག་ནི་ཨ་རིའི་རྒྱལ་དོན་དྲུང་ཆེ་ཟུར་བ་དང་གྲོས་ཚོགས་གོང་མའི་འཐུས་མི་བཅས་ཡིན་པའི་ཆ་ནས། ཁོང་མོར་ཆབ་སྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་ཁོང་མོས་དེ་སྔོན་གསང་བའི་གནས་ཚུལ་མང་པོ་སྒེར་གྱི་གློག་འཕྲིན་བརྒྱུད་ནས་བཏང་བ་དང་། བྷན་ཧ་ཙེ་ནང་བྱུང་བའི་འཇིགས་སྐུལ་དྲག་སྤྱོད་གནད་དོན་སོགས་ཀྱི་སྐྱོན་ཆའང་མང་པོ་ཡོད་མོད། ད་ལྟའི་སྲིད་འཛིན་འོས་མི་གཉིས་བསྡུར་བ་ཡིན་ན། ལྕམ་ཧེ་ལ་རེ་ཡག་པོ་ཡོད་པར་མཐོང་གི་ཡོད་པ་མ་ཟད། ཁོང་མོས་ཁ་ནས་གང་བཤད་པ་དེ་དངོས་སུ་ལག་བསྟར་བྱེད་མཁན་ཞིག་ཡིན་སྟབས། ངས་ནི་ལྕམ་ཧེ་ལ་རེ་ལ་འོས་ལྡུག་རྒྱུ་ཡིན། ཞེས་བརྗོད་འདུག

ཨ་རིའི་སྲིད་འོས་མི་གཉིས་ཀྱི་ཆབ་སྲིད་བགྲོ་གླེངས་ཐེངས་གཉིས་པ་ནས་བཟུང་། ཨ་རིའི་བུད་མེད་ཁག་ཅིག་གིས་སྐུ་ཞབས་ཊི་རུམ་ཕི་ཡིས་ཁོང་ཚོར་ཆགས་སྲེད་ཀྱི་བརྙས་བཅོས་མང་པོ་བྱས་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་མ་ཟད། ད་དུང་དེའི་སྐོར་གྱི་བརྙན་ཐུང་ཁག་ཅིག་ཀྱང་བརྒྱུད་ལམ་ཁག་ཏུ་བཀྲམས་ཡོད་འདུག

ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ ༣༣༡ ཡོད་པའི་གྲས་ཀྱི་ཕྱེད་ཀ་དང་། དེ་བཞིན། ཨ་རིའི་གཞུང་གི་ལས་ཐོག་དཔོན་རིགས་དང་དཔོན་རིགས་ཟུར་བ་བརྒྱ་ཆ་ ༡༠ ཙམ་གྱིས་སྐུ་ཞབས་ཊི་རུམ་ཕི་མཆོག་ལ་རྒྱབ་སྐྱོར་མེད་པ་གསལ་སྟོན་བྱས་ཡོད་པ་མ་ཟད། ཁོང་འོས་བསྡུའི་འགྲན་ཞུགས་ཁྲོད་ནས་ཕྱིར་འཕུད་དགོས་པའི་འབོད་སྐུལ་ཡང་བཏང་ཡོད་འདུག

གཞན། སྐུ་ཞབས་ཊི་རུམ་ཕི་ཡིས་སྔོན་ཆད་བུད་མེད་ཚོར་རྒྱུ་ནོར་གཏོང་བ་དེ་ནི་ནོར་འཁྲུལ་ཚབས་ཆེན་ཡིན་སྐོར་དང་། བུད་མེད་ནི་སྐྱིད་པོ་གཏོང་བྱེད་ཀྱི་ཅ་དངོས་མེད་དུ་མི་རུང་ཞིག་ཡིན་ཚུལ། ཨ་རིའི་དམག་ཁུལ་དུ་བུད་མེད་ལ་ཆགས་སྲེད་ཀྱི་བརྙས་བཅོས་གཏོང་བཞིན་ཡོད་པ། ཕྲུ་གུའི་ཨ་མ་ཚོའི་འོ་མ་དེ་ཧ་ཅང་ཞེན་པ་ལོག་པ་ཞིག་ཡིན་པ་དང་། ལྕམ་ཧེ་ལ་རེ་མཆོག་གི་ཁྱོ་བོའི་བྱ་སྤྱོད་ལ་གཞིགས་ན་ཁོང་མོའང་སྲིད་འཛིན་ཡག་པོ་ཞིག་མིན་སྐོར་སོགས་བཤད་པ་ནི། ད་ལྟའི་ཆར་ཨ་རིའི་མི་མང་གིས་ཊི་རུམ་ཕི་ལ་སྐྱོན་བརྗོད་བྱེད་ཡུལ་ཞིག་ཆགས་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༦ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. སྲས་སྐུ་ངོ་། says:
    ལོ་ 10 སྔོན།

    དུས་བབ་ཚང་ལགས།
    ཨ་རིའི་ནང་གི་སྲིད་དོན་དང་དཔྱ་ཁྲལ།དམག་དོན།
    བདེ་སྲུང་།འཕྲོད་བསྟེན།ཤེས་ཡོན། ཁྲིམས་འགལ་སྐྱབས་བཅོལ་བ་ས་ཡ་བཅུ་གཅིག་གི་དཀའ་ངལ།
    རྒྱལ་སྤྱིའི་ཚོང་འབྲེལ། བྱང་ཆིངས་སྒྲིག་འཛུགས། ཁ་ཆེ་རྒྱལ་ཁབ་(འཇིགས་སྐུལ) ལྷོ་ཤར་རྒྱ་ནག་རྒྱ་མཚོ་ནང་གི་རྩོད་རྙོག སོགས་ཀྱི་སྐོར་ལ་སྲིད་འཛིན་འོས་མི་སོ་སོས་གོང་གི་གནད་དོན་རེ་རེ་ལངས་ཕྱོགས་ཇི་ལྟར་ཡོད་མེད་ཀྱི་ཞིབ་བསྡུར་གསར་འགྱུར་ཞིག་འབྲི་ཐུབ་ན་ཀློག་པ་པོ་མང་པོ་ཞིག་འདོད་པ་སྐོང་ཐུབ་ཀྱི་རེད།

    Reply
  2. སྲས་སྐུ་ངོ་། says:
    ལོ་ 10 སྔོན།

    བླུན་བཤད་རང་རེད། ལྕམ་ཧེད་ལཱ་རེ་ལ་འོས་བསྡུ་རྒྱལ་ཁབ་འཐོབ་ན་བོད་དོན་ལ་ཡག་པོ་ཡོད་པར་བཤད་པར་བླུན་བཤད་རང་རེད། མོ་རང་ཕོ་བྲང་དཀར་པོའི་ནང་ལྷ་ལྕམ་དང་པོ་བྱས་ཏེ་ལོ་བརྒྱད་བསྡད་པ་དང་ཨ་རིའི་རྒྱལ་དོན་དྲུང་ཆེ་ལོ་བཞི་ལྷག་བསྡད་པ་རེད། མོ་རང་གིས་ཨ་རིའི་ཁེ་སང་གཙོ་བཟུང་གིས་ཕྱག་ལས་གནང་གི་རེད། གལ་སྲིད།མོ་རང་ཨ་རིའི་སྲིད་འཛིན་ཆགས་ཀྱང་༧གོང་ས་མཆོག་ཕོ་བྲང་དཀར་པོའི་ནང་གདན་འདྲེན་བྱ་རྒྱུ་ཁག་པོ་རེད། གང་ཡིན་ཟེར་ན། བྱང་ཀོ་རི་ཡས་རྡུལ་ཕྲན་དང་མེ་ཤུགས་འཕུར་མདའ་(B.M) ཚོད་ལྟ་བྱས་དང་བྱེད་པའི་དཀའ་ངལ་དེ་སེལ་བར་རྒྱ་ནག་མཉམ་འབྲེལ་བྱས་དགོས་སྟབས། མོ་རང་གིས་རྒྱ་ནག་བསྟུན་མཁས་བྱེད་དགོས་སྟབས་བོད་དོན་ལ་སྲིད་འཛིན་ཨོ་བྷ་མའི་སྐད་ཆ་ལས་ལྷག་པ་བཤད་ཁག་པོ་རེད། མཐའ་ན་མོ་རང་གིས་རྒྱ་ནག་གི་དམངས་སྒོར་རིན་ཐང་ཡང་མར་འཇོག་པོ་རེད། གལ་སྲིད།རྒྱ་ནག་གི་དམངས་སྒོར་རིན་ཐང་མར་ཆགས་ཡིན་ན་རྒྱ་ནག་གི་མགོ་རྟིང་སློག་པའི་ཉེན་ཁ་ཡོད།
    ཡ་ཡ་ཡ་དེ་ཙམ་ཡིན།

    Reply
  3. DTP says:
    ལོ་ 10 སྔོན།

    རྒྱལ་སྤྱི་དང་བོད་དོན་གཙོ་བོར་གཞི་བཅོལ་ན་ཧི་ལེ་རི་ཁོང་ཕོ་བྲང་དཀར་པོར་ཕེབས་ན་བཟང་ཤོས་རེད་ གྲོ་ནལ་ལ་རྒྱལ་སྤྱི་དང་ཕྱི་སྲིད་ཀྱི་སྲིད་བྱུས་མི་བརྟན་པས་ཁག་པོ་རེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese