མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཞབས་ཊི་རུམ་ཕི་ཡི་སྐྱོན་བརྗོད།

བོད་ཀྱི་དུས་བབ།
༢༠༡༦/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རེས་གཟའ་མིག་དམར་ཉིན་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་ཡིས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་ཡིས་སི་རི་ཡའི་ཐོག་འཛིན་པའི་སྲིད་ཇུས་ལངས་ཕྱོགས་ལ་གཞིགས་ན། གལ་ཏེ་ཨ་རིའི་དམག་དཔུང་གིས་སི་རི་ཡའི་ནང་དམག་འཐབ་བྱས་པ་ཡིན་ན། ཡུལ་ལུང་དེའི་ནང་ཡོད་པའི་ཨུ་རུ་སུའི་དྲག་ཆས་དམག་དཔུང་དང་ཨ་རི་གཉིས་བར་འཛམ་གླིང་དམག་ཆེན་གསུམ་པ་ལང་སྲིད་སྐོར་བརྗོད་འདུག

Donald Trump arrives to his Comedy Central Roast in New York, Wednesday, March 9, 2011. (AP Photo/Charles Sykes)

གསར་འགོད་པའི་བཅར་འདྲི་ཞིག་གི་ཐོག་སྐུ་ཞབས་ཊི་རུམ་ཕི་ཡིས། སི་རི་ཡའི་ནང་གི་ཁ་ཆེ་དྲག་སྤྱོད་པ་ (IS) ཕམ་ཉེས་གཏོང་རྒྱུ་དེ་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་འབེན་གཙོ་བོ་ཡིན་པ་ལས། སི་རི་ཡའི་སྲིད་འཛིན་བྷ་ཤཱར་ཨལ་ཨ་སི་ཌ་ (Bashar al-Assad) སྲིད་སྟེགས་ནས་ཕབ་རྒྱུ་དེ་གཙོ་བོ་མིན་པ་དང་། ལྕམ་ཧེ་ལ་རེ་ཡིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་ལ་སྐྱོན་འཛུགས་ཤུགས་ཆེན་པོ་བྱས་ཡོད་སྟབས། གལ་སྲིད་མོ་རང་ཨ་རིའི་སྲིད་འཛིན་ཆགས་ན། མ་འོངས་པར་ཨ་རི་དང་ཨུ་རུ་སུ་གཉིས་བར་ཞི་འགྲིག་བཟོ་ཐབས་མེད་སྐོར་དང་། ཨོ་བྷ་མའི་སྲིད་དབང་འོག་ཨ་རི་དང་ཧྥེ་ལེ་ཕེན་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པ། ད་ལོའི་ལོའི་སྲིད་འཛིན་འོས་བསྡུའི་སྐབས་སུ་སྤྱི་མཐུན་ཚོགས་པའི་དཔོན་རིགས་ཚོ་ཆིག་སྒྲིལ་མེད་སྐོར་སོགས་བརྗོད་འདུག

གནས་ཚུལ་འདིའི་མཇུག་ཏུ་སྐུ་ཞབས་ཊི་རུམ་ཕི་ཡིས། ད་ལོའི་སྲིད་འཛིན་འོས་བསྡུའི་ཁྲོད་དུ་ཨ་རིའི་མི་མང་སྤྱི་མཐུན་ཚོགས་པའི་མགོ་ཁྲིད་ཚོའི་ཐོག་ལ་ཁོང་ཁྲོ་ལང་གི་ཡོད་པ་དང་། དེའི་རྒྱུ་མཚན་གཙོ་བོ་གལ་ཏེ་སྤྱི་མཐུན་ཚོགས་པའི་ཆེས་མཐོའི་དཔོན་རིགས་ཚོས་ཁོང་ལ་རྒྱབ་སྐྱོར་གནང་བ་ཡིན་ན། སྤྱི་མཐུན་ཚོགས་པར་བརྒྱ་ཆ་བརྒྱ་སྲིད་འཛིན་རྒྱལ་ཁ་འཐོབ་རྒྱུ་ཡིན་པ་མ་ཟད། གལ་ཏེ་ཁོང་ལ་རྒྱལ་ཁ་ཐོབ་པ་ཡིན་ན། ཁོང་གིས་མ་འོངས་པར་དམངས་གཙོ་ཚོགས་པའི་དཔོན་རིགས་ཚོ་གྲོས་ཚོགས་ནང་ལ་མ་གཏོགས་བཀའ་ཤག་བསྐོ་འཇོག་བྱ་རྒྱུ་མིན་སྐོར་སོགས་བརྗོད་འདུག

ལྕམ་ཧེ་ལ་རེ་ཡི་རྒྱབ་སྐྱོར་ཚོགས་པའི་མགྲིན་ཚབ་པ་རྗ་སི་ལ་རེ་ཁི་ (Jesse Lehrich) ཟེར་བ་ཞིག་གིས། སྐུ་ཞབས་ཊི་རུམ་ཕི་ཡིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་གྱིས་ཨ་རི་ལ་ཞེད་སྣང་སྐུལ་བྱེད་ཀྱི་སྐད་ཆ་དེ་དག་བསྐྱར་ཟློས་བྱེད་ཀྱིན་ཡོད་པ་མ་གཏོགས། ཁོ་རང་ལ་ཁ་ཆེ་དྲག་སྤྱོད་པ་ཕམ་ཉེས་བཟོ་བའམ། ཡང་ན་སི་རི་ཡའི་དཀའ་སྡུག་སེལ་བའི་འཆར་གཞི་གང་ཡང་མེད་སྐོར་བརྗོད་འདུག

གནས་ཚུལ་ལྟར་ན། ཨ་རིའི་སྲིད་འཛིན་འོས་མི་གཉིས་བར་གྱི་ཆབ་སྲིད་འགྲོ་གླེང་ཐེངས་གསུམ་པའི་ཐོག་ལྕམ་ཧེ་ལ་རེ་ཡིས། སི་རི་ཡའི་ནང་མཁའ་ལམ་མེད་པའི་ས་ཁུལ་ཁག་ཏུ་ཨ་རིའི་དམག་དཔུང་བཏང་སྟེ་ཉེ་མེད་མི་སེར་སྲུང་སྐྱོབ་བྱེད་དགོས་སྐོར་བརྗོད་ཡོད་པ་དང་། ཁོང་མོའི་བསམ་ཚུལ་དེའི་ཐད་ལ་ཨ་རིའི་སྲིད་དོན་དབྱེ་ཞིབ་པ་ཚོས་གལ་ཏེ་མཁའ་ལམ་མེད་པའི་ས་ཁུལ་དེ་དག་སྲུང་སྐྱོབ་བྱས་པ་ཡིན་ན། ཨ་རི་དང་ཨུ་རུ་སུའི་དམག་དཔུང་གཉིས་བར་ཐད་ཀར་འཁྲུག་འཛིང་ཤོར་སྲིད་སྐོར་རྗོད་ཀྱི་ཡོད་འདུག

གཞན། ལྕམ་ཧེ་ལ་རེ་ཡི་རྒྱབ་སྐྱོར་ཚོགས་པའི་ངོས་ནས་སྐུ་ཞབས་ཊི་རུམ་ཕི་ཡིས་ལྕམ་ཧེ་ལ་རེ་ལ་སྐྱོན་འཛུགས་བྱེད་བཞིན་པར་ཁ་ཡ་མི་བྱེད་པར། སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་ཀྱི་ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལས་དོན་ཐད་ཀྱི་ཆེད་མཁས་པ་ཚོས་སྐུ་ཞབས་ཊི་རུམ་ཕི་ལ་ཨ་རིའི་སྲིད་དབང་འཛིན་པའི་ཤེས་འཇོན་གང་མེད་སྐོར་བརྗོད་པ་དེ་ལ་དོ་སྣང་བྱེད་ཀྱིན་ཡོད་འདུག

སྐུ་ཞབས་ཊི་རུམ་ཕི་ཡི་ཕྱོགས་ནས། ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་འོས་བསྡུའི་ཁྲིམས་སྒྲིག་འཕྲོ་བརླག་ལ་བཏང་སོང་བ་དང་། ཁོང་གི་རྒྱབ་སྐྱོར་བ་ཚོས་སྤྱི་མཐུན་ཚོགས་པའི་དཔོན་རིགས་ཚོར་ཆིག་སྒྲིལ་མེད་པར་སེམས་ཁྲལ་བྱེད་བཞིན་སྐོར་བརྗོད་ཡོད་པ་རེད།

ད་ལོའི་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་སྐབས་ ༥༨ པའི་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོ་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese