མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་མི་སེར་ ༢༠༠ ལྷག་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༡༦/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

སི་པིན་གྱི་ཉེན་རྟོག་པ་ ༦༠༠ ཙམ་གྱིས་གློ་བུར་འགུལ་སྐྱོད་བྱས་ཏེ་ཡུལ་དེའི་ནང་གནས་སྡོད་རྒྱ་ནག་གི་མི་སེར་དོགས་ཡོད་མགོ་སྐོར་བ་ ༢༠༠ ལྷག་འཛིན་བཟུང་བྱས་ཡོད་འདུག

_92974553_036888873-1ཁ་སང་སི་པིན་ཉེན་རྟོག་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་བསྡུས་ཏེ། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་སི་པིན་གྱི་ཉེན་རྟོག་པ་ ༦༠༠ ཙམ་གྱིས་གློ་བུར་འགུལ་སྐྱོད་བྱས་ཏེ། རྒྱ་ནག་གི་མི་སེར་ཡིན་པའི་དོགས་ཡོད་ཉེས་ཅན་ ༢༠༠ ལྷག་འཛིན་བཟུང་བྱས་ཡོད་པ་དང་། དོགས་ཡོད་ཉེས་ཅན་པས་རྒྱ་ནག་ནང་ཡོད་པའི་མི་མང་ལ་མགོ་སྐོར་བཏང་སྟེ་ཡུ་སྒོར་ས་ཡ་ ༡༦ ཧམ་ལེན་བྱས་ཡོད་སྐོར་བསྒྲགས་འདུག

ཉེན་རྟོག་པས་དོགས་ཡོད་ཉེས་ཅན་དེ་ཚོས་སི་པིན་གྱི་རྒྱལ་ས་མུ་ཌིར་(Madrid)དང་བྷར་སི་ལོ་ནཱ་(Barcelona)། ཨ་ལི་ཁན་ཊི་(Alicante)སོགས་སུ་མགོ་སྐོར་གཏོང་བྱེད་ཀྱི་ཁ་པར་ལྟེ་གནས་ ༡༣ ཆེད་འཛུགས་བྱས་ཡོད་པ་དང་། ཁ་པར་ལྟེ་གནས་མང་ཆེ་བ་རྒྱས་སྤྲོས་སྡོད་མང་ཁུལ་དུ་བཙུགས་ཡོད་ལ། ཁ་པར་ལྟེ་གནས་རེ་རེའི་ནང་དུ་ལས་བྱེད་མང་པོ་ཡོད་པ་དང་། ལས་བྱེད་གཅིག་རེས་མི་ ༥༠ ལྷག་རེར་ཁ་པར་བཏང་སྟེ་ཚད་མཐོའི་གསང་རྒྱ་དང་ཚགས་ཚུད་པོས་ལས་ཀ་བྱེད་ཀྱི་ཡོད་ལུགས་དང་། འཛིན་བཟུང་བྱས་པའི་དོགས་ཡོད་ཉེས་ཅན་རྣམས་ཡུལ་སྐོར་ལ་ཁ་གཡར་ཏེ་སི་པིན་ནང་འཛུལ་ཡོད་པ་དང་། ཕྱིས་སུ་ཁྲིམས་འགལ་གྱིས་ཡུལ་དེའི་ནང་གནས་སྡོད་བྱས་ཡོད་སྐོར་བརྗོད་འདུག

གནས་ཚུལ་ནང་བཀོད་པ་ལྟར་ན། དོགས་ཡོད་མགོ་སྐོར་བ་དེ་ཚོས་རྒྱུན་དུ་རྒྱ་ནག་ནང་དུ་ཡོད་པའི་མི་མང་དཀྱུས་མ་ཚོར་ཁ་པར་བཏང་སྟེ། ཁོང་ཚོའི་ཁྱིམ་མཚེས་དང་གྲོགས་པོ། ཐ་ན་ཁྱིམ་མི་གཉེན་ཉེ་སོགས་ཡིན་ཁུལ་བྱས་ཡོད་པ་དང་། ཕྱིས་སུ་ཉེན་རྟོག་པ་ཡིན་ཁུལ་གྱིས་ཁ་པར་བཏང་སྟེ་དོགས་གཞིའི་འོག་ཞིབ་བཤེར་བྱ་རྒྱུ་ཡིན་སྟབས། ཞིབ་བཤེར་བྱ་བར་གཞོགས་འདེགས་དགོས་ཚུལ་བརྗོད་དེ། མགོ་སྐོར་བ་ཁོ་རང་ཚོས་གྲ་སྒྲིག་བྱས་པའི་དངུལ་བྱང་ཐོག་སྒོར་མོ་འཇོག་དགོས་པའི་བཙན་སྐུལ་བརྒྱུད་དངུལ་ཧམ་ལེན་བྱས་ཡོད་པ་དང་། ཐེངས་འདིའི་ཉེས་དོན་ཁྲོད་མགོ་སྐོར་ནང་ཚུད་པའི་མི་མང་སྟོང་ཕྲག་ལས་བརྒལ་ཞིང་། མང་ཆེ་བ་དབུལ་ཕོངས་ཁྱིམ་ཚང་ནས་ཡིན་པ་དང་། མགོ་སྐོར་འོག་ཚུད་རྗེས་ཁ་ཤས་འུ་ཐུག་ཐབས་ཟད་དེ་རང་ཤི་ཡང་བརྒྱབ་ཡོད་པ་རེད།

  སི་པིན་ཉེན་རྟོག་ཕྱོགས་ནས་ཐེངས་འདིའི་འགུལ་སྐྱོད་ལ་རྒྱ་ནག་གཞུང་གིས་གཞོགས་འདེགས་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གཞུང་གིས་སི་པིན་ཉེན་རྟོག་ཁང་ལ་རྒྱ་ནག་གི་མི་མང་པོར་སི་པིན་གྱི་ཁ་པར་ལམ་ནས་མགོ་སྐོར་མང་པོ་གཏོང་བཞིན་ཡོད་པའི་གནས་ཚུལ་ཡར་ཞུ་བྱས་ཡོད་སྐོར་བརྗོད་འདུག

སི་པིན་གཞུང་གི་བསྡོམས་རྩིས་ལྟར་ན། ཕྱི་ལོ་ ༢༠༡༥ ལོར་སི་པིན་ནང་གནས་སྡོད་བྱས་པའི་རྒྱ་ནག་གི་མི་སེར་ཁྲི་ ༡༧ ཟིན་ཡོད་པ་དང་། སི་པིན་ནང་ཕྱི་མི་གནས་སྡོད་ཀྱི་གྲངས་འབོར་མྱུར་ཚད་མཐོན་པོས་འཕར་བཞིན་ཡོད་པའི་ཁྲོད་རྒྱ་ནག་གི་མི་སེར་གྲངས་འབོར་མང་ཤོས་ལྔ་པ་དེ་ཆགས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༨ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༩ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 1

  1. ཇ་མ་ says:
    ལོ་ 8 སྔོན།

    རྒྱ་མི་རྣམས་སྦྲང་ནག་བཞིན་འཛམ་གླིང་རྒྱལ་ཁབ་གང་སར་ཁྱི་བཏགས་མ་ཤོར་བཞིན་སླེབས་ནས་ཁྲིམས་འགལ་གྱི་ལས་ཀ་མང་དག་བཟོས་ནས་ཉོག་དྲ་མང་པོ་བྱས་ནས་དེང་སང་རྒྱལ་ཁབ་གང་ས་ནས་རྒྱ་མི་རྣམས་ཕྱིར་འབུད་གཏོང་བཞིན་འདུག ལྷག་པར་དེང་སར་ར་ཤི་ཡའི་ནང་རྒྱ་མི་མང་པོར་ཁྲིམས་འགལ་བ་མང་ནས་མང་དུ་འགྲོ་བཞིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese