མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངའི་ཁ་ཆེ་གནས་སྤོ་སྲིད་ཇུས་རིན་ཐང་ཇེ་ཆེ་རེད།

བོད་ཀྱི་དུས་བབ།
༢༠༡༦/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཨུ་རུ་སུའི་གཞུང་ཚབ་ལྐོག་གསོད་བྱས་པ་དང་འཇར་མན་ཁྲོམ་རྭར་དྲག་སྤྱོད་དོན་རྐྱེན་བྱུང་བ་གཉིས་ཀྱིས་ཁ་ཆེ་གནས་སྤོ་བ་ཕྱིར་འཕུད་དང་མཐའ་མཚམས་བཀག་སྡོམ་སྲིད་ཇུས་ཀྱི་དགོས་པ་ར་སྤྲོད་བྱས་ཟེར།

s3.reutersmediaདེ་རིང་རོའུ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཊི་རུམ་ཕི་ཡིས་གསར་འགོད་པའི་དྲི་བ་དྲིས་ལན་ཞིག་གི་ཐོག འཇར་མན་གྱི་ཡེ་ཤུ་འཁྲུངས་སྐར་ཁྲོམ་རྭར་བྱུང་བའི་འཇིགས་སྐུལ་དྲག་སྤྱོད་པའི་འཇབ་རྒོལ་དང་ཊུར་ཀི་སྤྱི་མཐུན་རྒྱལ་ཁབ་ནང་ཨུ་རུ་སུའི་གཞུང་ཚབ་ལྐོག་གསོད་བྱས་གཉིས་ཀྱིས། ཁོང་གིས་ཨ་རིའི་ནང་གི་ཁ་ཆེ་གནས་སྤོ་བ་ཕྱིར་འཕུད་གཏོང་རྒྱུ་དང་མཐའ་མཚམས་ཁག་ནས་ཁ་ཆེ་གནས་སྤོ་བ་གཏན་འགོག་བྱེད་པའི་སྲིད་ཇུས་དེ་ཧ་ཅང་ཡང་དག་ཡིན་པ་ར་སྤྲོད་བྱུང་སྐོར་བརྗོད་ཡོད་འདུག

ཕྱི་ཚེས་ ༡༩ དགོང་མོར་འཇར་མན་ནང་བྱུང་བའི་འཇིགས་སྐུལ་དྲག་སྤྱོད་པའི་འཇབ་རྒོལ་དེས་སྐུ་ཞབས་ཊི་རུམ་ཕི་ཡིས་ཁ་ཆེ་གནས་སྤོ་མི་མང་ཐོག་འཛིན་པའི་སྲིད་ཇུས་ལ་ཤུགས་རྐྱེན་ག་འདྲ་ཐེབས་མིན་སྐོར་ལ། སྐུ་ཞབས་ཊི་རུམ་ཕི་ཡིས། ཁྱེད་ཚོས་ངའི་སྲིད་ཇུས་ཤེས་ངེས་རེད། མི་མང་གིས་ངའི་སྲིད་ཇུས་དེ་ལ་བརྩི་མཐོང་བྱེད་ཀྱིན་མེད་ནའང་། གཟའ་འཁོར་འདིའི་ནང་བྱུང་བའི་དོན་རྐྱེན་དེ་དག་གིས་ངའི་སྲིད་ཇུས་དེ་ཧ་ཅང་ཡང་དག་ཡིན་པ་བརྒྱ་ཆ་བརྒྱ་ར་སྤྲོད་བྱུང་བ་རེད། ཅེས་བརྗོད་འདུག

འཇར་མན་ནང་བྱུང་བའི་དོན་རྐྱེན་ཐད་ཊི་རུམ་ཕི་ཡིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་གིས། ཁ་ཆེ་བའི་སྤྱི་ཚོགས་དང་ཁ་ཆེ་བའི་ཆོས་ལུགས་བྱེད་སྒོ་སྤེལ་སའི་ས་གནས་ཁག་ཏུ་ཡེ་ཤུ་བ་ཚོ་དམར་གསོད་གཏོང་གིན་འདུག ང་ཚོས་ངེས་པར་དུ་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་བྱེད་དགོས། ཞེས་བརྗོད་འདུག

དེ་སྔོན་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས། སྐུ་ཞབས་ཊི་རུམ་ཕི་ཡིས། འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་བྱེད་ཐབས་སུ། མཐའ་མཚམས་ཁག་ནས་ཁ་ཆེ་གནས་སྤོ་མི་མང་གཏན་འགོག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། གླེང་སློང་དེ་ལ་ཨ་རིའི་མི་མང་དང་རྒྱལ་སྤྱིའི་མི་མང་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་སྟབས། ཁོང་གིས་གལ་ཏེ་ཁ་ཆེ་གནས་སྤོ་བ་ཕྱིར་འཕུད་དང་མཐའ་མཚམས་བཀག་བསྡོམས་མ་བྱས་ཚེ། ཨ་རིའི་ནང་ཁ་ཆེ་དྲག་སྤྱོད་པ་མང་པོ་བསླེབ་ཏེ་རྒྱལ་མིང་བདེ་འཇགས་ཐོག་ཉེན་ཁ་ཆེན་པོ་བཟོ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

རོའུ་ཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་གཞན་ཞིག་གི་ནང་། ཁ་སང་ཕྱི་ཚེས་ ༢༡ ཉིན་སྐུ་ཞབས་ཊི་རུམ་ཕི་ཡིས། ཨ་རིའི་དཔལ་འབྱོར་རིག་པ་ཕེ་ཊིར་ན་ཝ་རོ་ (Peter Navarro) ཟེར་བ་ཞིག་ཕོ་བྲང་དཀར་པོའི་རྒྱལ་ཡོངས་ཚོང་ལས་ལྷན་ཁང་ (WHNTC) གི་གཙོ་འཛིན་དུ་མིང་འདོན་བྱས་ཡོད་པ་དང་། སྐུ་ཞབས་ཕེ་ཊིར་ན་ཝ་རོ་ལགས་ཀྱིས། ཉེ་ཆར་ཨ་རི་དང་རྒྱ་ནག་བར་གྱི་ཉོ་འཚོང་སྲིད་ཇུས་ཐོག་དམ་དྲག་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཡང་ཞུས་མྱོང་ཡོད་སྐོར་འཁོད་འདུག

སྐུ་ཞབས་ན་ཝ་རོ་ལགས་ནི་ད་ལྟ་རང་ལོ་ ༦༧ ཡིན་ཞིང་། ཁོང་ཁ་ལེ་ཧྥོར་ནེ་ཡ་གཙུག་ལག་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་ཡིན་པ་དང་། ཉེ་ལམ་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་སྐུ་ཞབས་ཊི་རུམ་ཕི་ཡི་བློ་འདོན་པ་ཡིན་འདུག

ཕྱི་ལོ་ ༢༠༡༢ ལོར་སྐུ་ཞབས་ན་ཝ་རོ་ལགས་ཀྱིས་<<རྒྱ་ནག་གིས་བཟོས་པའི་འཆི་བ___ཨ་རི་བས་རང་ཉིད་ཀྱི་བཟོ་ལས་དཔལ་འབྱོར་གྱི་གཞི་རྐང་ཇི་ལྟར་བརླག་པ་ཡིན་ནམ།>><< Death by China: How America Lost its Manufacturing Base >>ཞེས་པའི་ཨ་རྒྱ་གཉིས་བར་གྱི་ཉོ་འཚོང་སྲིད་ཇུས་སྐོར་ལ་དཔེ་དེབ་ཅིག་བཏོན་ཡོད་པ་དང་། ཕྱིས་སུ་དཔེ་དེབ་དེའི་གློག་བརྙན་ཡང་བཟོས་ཡོད་འདུག

s4.reutersmediaརྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག “ཨ་རི་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་ནི་རྙོག་འཛིང་གསར་བ་ཞིག་ཏུ་འགྱུར་བཞིན་འདུག ཡིན་ནའང་རི་རྒྱུད་ཙམ་གྱིས་རྒྱ་མཚོར་བཞུར་བའི་གཙང་བོ་འགོག་ཐབས་མེད། གལ་ཏེ་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཕན་ཚུན་ལ་བརྩི་བཀུར་དང་ཕན་ཚུན་གྱི་ཁེ་ཕན་ལ་བསམ་ཤེས་བྱས་ན། ད་གཟོད་ཕྱོགས་གཉིས་བར་གྱི་དཀའ་རྙོག་སེལ་ཏེ་ཕྱོགས་གཉིས་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་སོགས་བརྟན་ལྷིང་ཡོང་ཐུབ། ཨ་རི་དང་རྒྱ་ནག་གཉིས་བར་གྱི་བཟང་ཕྱོགས་ཀྱི་འབྲེལ་ལམ་དེ་ལོ་རྒྱུས་རང་བཞིན་ལྡན་པའི་འཕོ་འགྱུར་ཞིག་ཡིན་སྟབས། འབྲེལ་ལམ་དེ་མི་སྒེར་གང་རུང་ ༼སྐུ་ཞབས་ཊི་རུམ་ཕི་ལ་གོ༽གི་རེ་འདུན་ལྟར་བསྒྱུར་བཅོས་གཏོང་ཐུབ་པ་ཞིག་མིན། ཞེས་བཤད་འདུག

གཞན། ཨེ་ཕེ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་གྱི་མགྲིན་ཚབ་པ་ཕེ་སི་ཀོ་ཝ་ (Peskov) ཟེར་བ་ཞིག་གིས་ཨུ་རུ་སུའི་བརྙན་འཕྲིན་བརྒྱུད་ལམ་དུ། “ང་ཚོས་ཨ་རི་ལ་ལྐོག་གྱུར་གྱི་ལས་དོན་གང་ཡང་བསྒྲུབས་མེད། ཨ་རིའི་སྲིད་འཛིན་གྱིས་ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་ང་ཚོས་གསལ་བོར་ཤེས་ཡོད། ང་ཚོས་ད་དུང་ཊི་རུམ་ཕི་ནི་ཨ་རིའི་མ་འོངས་སྲིད་འཛིན་གང་འདྲ་ཞིག་བྱ་རྩིས་ཡོད་མེད་མི་ཤེས་ལ། ཊི་རུམ་ཕི་ཡིས་འབྱུང་འགྱུར་ཨུ་རུ་སུའི་ཐོག་སྲིད་ཇུས་ག་འདྲ་ཞིག་འཛིན་རྒྱུ་ཡིན་མིན་ཡང་མི་ཤེས། འབྲེལ་ཡོད་རྒྱལ་ཁབ་ཁག་གིས་འབྲེལ་མོལ་གྱི་ལམ་ནས་ཕན་ཚུན་བར་གྱི་དཀའ་རྙོག་སེལ་བ་དང་ཕན་ཚུན་གྱི་སེམས་འཁྲལ་ལ་བསམ་ཤེས་གནང་ཚེ། དེ་ལ་བརྟེན་ནས་འབྲེལ་ཡོད་རྒྱལ་ཁབ་ཕན་ཚུན་བར་འབྲེལ་ལམ་གསར་བ་ཞིག་ཚུགས་སྲིད།” ཅེས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༡༠ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༡༢ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

མཆན། 2

  1. བཀྲ་ཤིས། says:
    ལོ་ 10 སྔོན།

    ད་ཊོམ་ངར་ཡོང་གི་འདུག དངོས་གནས་དཀྲུག་དཀྲུག་ཅིག་གཏོང་རན་འདུག

    Reply
  2. shungpatsewangsonam says:
    ལོ་ 10 སྔོན།

    མི་རིགས་དང་ཆོས་ལུགས་དབྱེ་འབྱེད་ཀྱི་ཆབ་སྲིད་ལ་འགན་འཁུར་ནས་
    འཛམ་གླིང་འདིར་ཞི་བདེ་ལྷིང་ཆགས་ཡོང་རྒྱུ་ནི་བསམ་མེད་བྱིས་པའི་བསམ་བློ་མ་རེད་དམ་?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese