མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕ་རོལ་བོར་དོ་ཕོག་བཟོས་ནས་རང་ཉིད་ཀྱི་ཁེ་ཕན་མ་བརླག་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་གསར་པས་ཕོ་བྲང་དཀར་པོའི་ཚོང་དོན་ལྷན་ཁང་གི་འགན་འཛིན་དུ་སྐུ་ཞབས་ཕེ་ཊིར་ཝ་རོ་བསྐོ་བཞག་མིང་འདོན་བྱས་པ་དེས་རྒྱ་ནག་གཞུང་ལ་སེམས་ཚབ་ཆེན་པོ་བསླངས་ཡོད་འདུག

_93073868_hi036952493དེ་རིང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཊི་རུམ་ཕི་ཡིས། ཨ་རིའི་དཔལ་འབྱོར་རིག་པ་བ་སྐུ་ཞབས་ཕེ་ཊིར་ན་ཝ་རོ་ (Peter Navarro) ཞུ་བ་ཕོ་བྲང་དཀར་པོའི་རྒྱལ་ཡོངས་ཚོང་དོན་ལྷན་ཁང་ (WHNTC) གི་གཙོ་འཛིན་དུ་མིང་འདོན་བྱས་ཡོད་པ་དེར། དེ་རིང་རྒྱ་ནག་ཚོང་དོན་ལྷན་ཁང་ (Ministry of Commerce) གིས་གྲོང་ཁྱེར་པེ་ཅིན་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། སྐུ་ཞབས་ཊི་རུམ་ཕི་ཡི་སྲིད་དབང་འོག་ཨ་རྒྱ་གཉིས་བར་གྱི་ཚོང་དོན་མཉམ་ལས་སྲིད་ཇུས་ལ་འགྱུར་བ་འགྲོ་མི་སྲིད་ཀྱང་། ཁོ་རང་གི་བྱ་སྤྱོད་རེ་ཟུང་གིས་ཕྱོགས་གཉིས་བར་གྱི་ཚོང་དོན་ལག་ལེན་ཐོག་གཏོར་བརླག་ཐེབས་ངེས་ཡིན་ཚུལ་བཤད་འདུག

རྒྱ་ནག་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པ་ཧྲིན་ཏན་ཡང་ (Shen Danyang) ཟེར་བ་ཞིག་གིས། “ཨ་རིའི་གཞུང་ཕྱོགས་ནས་ཨ་རྒྱ་གཉིས་ཐུན་མོང་གི་ཉོ་ཚོང་ཁེ་ལས་ལ་སྔར་བཞིན་དོ་སྣང་ཡོད་ངེས་ཡིན། ཨ་རྒྱ་གཉིས་བར་གྱི་ཚོང་འབྲེལ་ནི་ཕྱོགས་གཉིས་ཐུན་མོང་གི་ཁེ་ཕན་ཡིན་སྟབས། ཕ་རོལ་བོར་དོ་ཕོག་བཟོས་ཏེ་རང་ཉིད་ཀྱི་ཁེ་ཕན་མ་བརླག་རོགས། ནད་པར་སྨན་འཐུང་དུ་འཇུག་པའི་བསམ་བཀོད་དེ་འདྲར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། དོན་རྐྱེན་དེ་འདྲ་སྔོན་ཆད་བྱུང་མྱོང་ལ་མ་འོངས་པར་ཡང་འབྱུང་ངེས་རེད།” ཅེས་བཤད་འདུག

རྒྱ་ནག་གཞུང་འབྲེལ་ཉེན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་པའི་དཔྱད་བརྗོད་ནང་། སྐུ་ཞབས་ཊི་རུམ་ཕི་ཡིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ན་ཝ་རོ་ཨ་རིའི་ཚོང་དོན་ལྷན་ཁང་གི་གཙོ་འཛིན་དུ་མིང་འདོན་བྱས་པ་དེ་ནི་གནད་དོན་གྱི་འགག་རྩ་ཞིག་ཆགས་ཡོད། ཨ་རིའི་གཞུང་གསར་བའི་ངོས་ནས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཉིས་བར་གྱི་སྔར་བྱུང་མ་མྱོང་བའི་ད་ལྟའི་བཟང་ཕྱོགས་ཀྱི་ཚོང་འབྲེལ་ལ་བསམ་ཤེས་བྱེད་དགོས། ཕྱོགས་གཉིས་ཀྱི་ཚོང་འབྲེལ་ལ་གཏོར་བརླག་བྱས་པ་ཡིན་ན། དེའི་མཇུག་འབྲས་ནི་ཕྱོགས་གཉིས་ལ་འཕོག་པའི་གྱོང་གུད་ཡིན། ཞེས་འཁོད་ཡོད་འདུག

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཅེས་པའི་གསར་ཤོག་གི་རྩོམ་སྒྲིག་པའི་དཔྱད་བརྗོད་ནང་། ཊི་རུམ་ཕི་ཡི་ཤོག་ཁག་གིས་རྒྱ་ནག་ཐོག་འཛིན་པའི་དམ་དྲག་སྲིད་ཇུས་ལ་རྒྱ་ནག་གིས་གདོང་གཏད་དགོས། གནད་དོན་དེ་ཊི་རུམ་ཕི་ཡི་སྲིད་གཞུང་གིས་གྲ་སྒྲིག་བྱས་པའི་བཙན་ཤེད་ཁྲིམས་འགལ་གྱི་འགུལ་སྐྱོད་རེད། རྒྱ་ནག་ལ་ཊི་རུམ་ཕིའི་གཞུང་གིས་བསླངས་པའི་གནོན་ཤུགས་ལ་འགོག་རྒོལ་བྱེད་པའི་སྟོབས་ཤུགས་ཡོད། ཕྱོགས་གཉིས་བར་གྱི་དཀའ་རྙོག་དེ་འདྲར་པེ་ཅིན་གཞུང་ལ་ཆ་རྒྱུས་ཟབ་མོ་ཡོད། གལ་ཏེ་ཝ་ཤིན་ཊོན་གྱིས་རྒྱ་ནག་གི་ཁེ་ཕན་ལ་དོ་ཕོག་བཟོ་ཕོད་ན། པེ་ཅིན་གཞུང་གིས་ཨ་རི་དང་ལྷན་དུ་གྲོས་མོལ་གྱི་ལམ་ནས་རྒྱ་ནག་གི་ཁེ་ཕན་ལ་བརྩི་བཀུར་བྱེད་དགོས་པའི་གནོན་ཤུགས་སྤྲོད་རྒྱུར་འཚེར་སྣང་སྐྱེ་དོན་མེད། ཅེས་སོགས་འཁོད་འདུག

གནས་ཚུལ་ལྟར་ན། ཨ་རིའི་དཔལ་འབྱོར་རིག་པ་བ་སྐུ་ཞབས་ཕེ་ཊིར་ན་ཝ་རོ་ (Peter Navarro) ལགས་ནི། ཨ་རྒྱ་གཉིས་བར་གྱི་དཔལ་འབྱོར་གྱི་གཡུལ་འཁྲུག་ཁྲོད་དུ་ཨ་རིར་ཕམ་ཁ་བྱུང་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གི་ཚོང་ཟོག་མང་པོ་ཨ་རིའི་ནང་དབོར་འདྲེན་བྱས་པའི་དཀའ་རྙོག་དང་རྒྱ་ནག་གཞུང་གིས་ཨ་རིའི་ཚོང་དོན་དྲ་ལམ་ནང་ལྐོག་འཛུལ་བྱས་པའི་གནད་དོན་བཅས་ཀྱི་ཐད་ལ་བློ་འཚུབ་གནང་མཁན་ཞིག་ཡིན་སྟབས། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་སྐུ་ཞབས་ཊི་རུམ་ཕི་ཡིས་ཁོང་ཕོ་བྲང་དཀར་པོའི་རྒྱལ་ཡོངས་ཚོང་དོན་ལྷན་ཁང་ (WHNTC) གི་གཙོ་འཛིན་དུ་མིང་འདོན་བྱས་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༡༠ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༡༢ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese