མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཅིག་གི་སྲིད་ཇུས་བཟུང་ན་དཔལ་འབྱོར་ཁེ་ཕན་ཡོད།

བོད་ཀྱི་དུས་བབ།
༢༠༡༦/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་ཧྥི་རི་ཁའི་རྒྱལ་ཁབ་སོ་ཊོམ་ཕི་རེན་སེ་ཕི་ཡིས་ཐའེ་ཝན་ལ་འབྲེལ་བ་བཅད་དེ་རྒྱ་ནག་གཅིག་གི་སྲིད་ཇུས་བཟུང་རྗེས་རྒྱ་ནག་གིས་མགྲོན་འབོད་བྱས་ཏེ་ཚོང་འབྲེལ་དང་ཡུལ་སྐོར་སྤྲོ་འཆམ་སོགས་ལ་མཉམ་འབྲེལ་མིང་རྟཊ་བཀོད་ཡོད་འདུག

1024x1024

ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པར་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཝེང་ཡེ་དང་ནུབ་ཨ་ཧྥི་རི་ཁའི་གླིང་ཕྲན་རྒྱལ་ཁབ་སོ་ཊོམ་ཕི་རེན་སེ་ཕི་ (São Tomé and Príncipe) ཡི་ཕྱི་འབྲེལ་བློན་ཆེན་གཞོན་པ་བྷོ་ཊི་ལོ་ (Botelho) ཟེར་བ་གཉིས་ཀྱིས། རྒྱ་ནག་རྒྱལ་ས་པེ་ཅིན་གསོལ་མགྲོན་ཁང་དུ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་བསྐྱར་གསོ་དང་མ་འོངས་ཚོང་འབྲེལ་ཐད་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་དང་། ཐེངས་འདིའི་ཐུག་འཕྲད་དེ་ནི་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁག་གིས་ཐའེ་ཝན་མཚོ་འགག་དང་ཕྱི་འབྲེལ་གཅོད་དགོས་པའི་རྟིང་སྐུལ་ནན་མོ་བྱེད་ཀྱིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ནུབ་ཨ་ཧྥི་རི་ཁའི་གླིང་ཕྲན་རྒྱལ་ཁབ་སོ་ཊོམ་ཕི་རེན་སེ་ཕི་ཕྱོགས་ནས་གློ་བུར་དུ་ཐའེ་ཝན་མཚོ་འགག་དང་འབྲེལ་ལམ་བཅད་རྗེས། རྒྱ་ནག་གཞུང་གིས་དེ་ལ་དགའ་བསུ་ཞུས་པའི་འགྱུར་བསྟན་པ་ཡིན་འདུག

རྒྱ་ནག་དང་སོ་ཊོམ་ཕི་རེན་སེ་ཕི་རྒྱལ་ཁབ་གཉིས་བར་ཚོང་འབྲེལ་གྲོས་ཆོད་བཞག་རྗེས། རྒྱ་ནག་ཕྱི་འབྲེལ་བློན་ཆེན་གཞོན་པ་ཝང་ཡེ་ཡིས། རྒྱལ་ཁབ་གཉིས་བར་གྱི་འབྲལ་ལམ་བསྐྱར་གསོ་བྱུང་བ་དེས་ཕྱོགས་གཉིས་ལ་ཁེ་ཕན་ཆེན་པོ་ཡོད་པ་དང་། མ་འོངས་པར་རྒྱལ་ཁབ་གཉིས་ཀྱིས་ཡུལ་སྐོར་སྤྲོ་འཆམ་དང་གསར་གནས་བརྒྱུད་ལམ་སོགས་ཀྱི་ལས་རིགས་ཐོག་མཉམ་ལས་བྱ་རྒྱུ་ཡིན་ལུགས་བཤད་འདུག

བྷོ་ཊི་ལོ་ཟེར་བ་དེས་གསར་འགོད་པར། སོ་ཊོམ་ཕི་རེན་སེ་ཕི་ཕྱོགས་ནས། སྔོན་ཆད་ཀྱི་ནོར་འཁྲུལ་ལ་ཡོ་བསྲང་བྱས་པ་བརྒྱུད། རྒྱ་ནག་གི་ཚོང་གཉེར་ཁང་ཁག་གིས་སོ་ཊོམ་ཕི་རེན་སེ་ཕི་ནང་མ་རྐང་ཁྲོམ་ར་འཛུགས་རྒྱུ་དང་། སོ་ཊོམ་ཕི་རེན་སེ་ཕི་ཡི་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་འགྲོ་ངེས་ཡིན་ཚུལ་བཤད་འདུག

གནས་ཚུལ་འདིའི་ཐད། པེ་ཅིན་གཙུག་ལག་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་ལམ་སྐོར་གྱི་ཆེད་མཁས་པ་ཝང་ཏོང་ (Wang Dong)ཡིས། “ཨ་རིའི་གཞུང་གིས་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་ཐད་ཆབ་སྲིད་རྩེད་མོ་རྩེ་བ་དེར། ཨ་རིའི་གཞུང་ལ་རྒྱལ་ཁ་འཐོབ་མི་སྲིད་པ་མ་ཟད། ད་ལན་སོ་ཊོན་དང་པེ་ཅིན་གཉིས་བར་གྱི་འབྲེལ་ལམ་བསྐྱར་གསོ་བྱུང་དེས། ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཉེན་བརྡ་ཞིག་སྤྲད་ཡོད།” ཅེས་བཤད་འདུག

གནས་ཚུལ་ལྟར་ན། ཕྱི་ལོ་ ༡༩༩༧ ལོར་ནུབ་ཨ་ཧྥི་རི་ཁའི་གླིང་ཕྲན་རྒྱལ་ཁབ་སོ་ཊོམ་ཕི་རེན་སེ་ཕི་ཡིས་ཐའེ་ཝན་མཚོ་འགག་ནི་རྒྱ་ནག་གི་ཆ་ཤས་མིན་པའི་ལངས་ཕྱོགས་བཟུང་སྟེ། ཐའེ་ཝན་ལ་ཚོང་འབྲེལ་བཙུགས་རྗེས་རྒྱ་ནག་ཕྱོགས་ནས་པེ་ཅིན་དང་སོ་ཊོམ་གཉིས་བར་གྱི་འབྲེལ་ལམ་བཅད་ཡོད་ཅིང་། བདུན་ཕྲག་སྔོན་མར་སོ་ཊོམ་ཕྱོགས་ནས་གློ་བུར་དུ་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་ལ་ངོས་ལེན་དང་རྒྱབ་སྐྱོར་ཡོད་ལུགས་བཤད་དེ། ཐའེ་པེ་དང་སོ་ཊོམ་གཉིས་བར་གྱི་འབྲེལ་ལམ་བཅད་པར་བརྟེན་ཏེ། རྒྱ་ནག་གིས་སོ་ཊོམ་ནང་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུ་ཁག་ཐག་བྱས་ཡོད་འདུག

སོ་ཊོམ་ཕི་རེན་སེ་ཕི་ནི། ཨ་ཧྥི་རི་ཁ་གླིང་གི་མི་འབོར་ཉིས་འབུམ་མ་ཟིན་ཙམ་ལས་གྲུབ་པའི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་ཞིང་། ༡༩༧༥ ལོར་ཕོར་ཆུ་གྷུལ་འོག་ནས་རང་བཙན་ཐོབ་པའི་ཡེ་ཤུ་དང་ཁ་ཆེ་འདྲེས་པའི་སྤྱི་མཐུན་རྒྱལ་སྲིད་འཛིན་ལམ་ལམ་འཛིན་མཁན་ཞིག་ཡིན།

ད་ཆར་ཐའེ་ཝན་ལ་གཞུང་ཕྱོགས་ཀྱི་འབྲེལ་ལམ་འཛིན་མཁན་འཛམ་གླིང་རྒྱལ་ཁབ་ ༢༡ ཡོད་ནའང་། ཨ་རི་གཙོས་པའི་རྒྱ་ནག་དང་འབྲེལ་ཡོད་རྒྱལ་ཁབ་ཁག་ཅིག་གིས། ཉོ་འཚོང་ཁེ་ལས་ལ་དམིགས་ཏེ་རྒྱ་ནག་རྒྱལ་ཁབ་གཅིག་གི་སྲིད་ཇུས་ལ་མུ་མཐུད་ངོས་བྱེད་བཞིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

སྐར་མ ༣༩ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese