མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊི་རུམ་ཕི་ཡི་དོན་དངོས་གླེང་བ།

བོད་ཀྱི་དུས་བབ།
༢༠༡༦/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཐོའོ་མཱ་སི་ཨི་ཌི་སིལ་(Thomas B. Edsall)
བསོད་ནམས་ཀྱིས་བསྒྱུར།

TibetTimes

འོས་བསྡུའི་ཉིན་དེ་ནས་བཟུང་ཊི་རུམ་ཕི་ཡི་སྲིད་གཞུང་དང་སྒྲིག་འཛིགས་ཀྱི་ཉེན་ཚབས་ཆེ་བའི་བྱ་སྤྱོད་ཀྱི་སྐོར་ལ་སྤོབས་པ་ཆེན་པོས་རབ་བཏགས་ཀྱི་གཏམ་གླེང་བྱེད་མཁན་ནི་འབེལ་འབེལ་ལྷུག་ལྷུག་ཏུ་གྱུར་འདུག

མེ་ཁིལ་ཁེན་སི་ལི་ (Michael Kinsley) ཡིས་བ་ཤིན་ཊོན་གསར་ཁང་དུ་རྩོམ་ཡིག་ཅིག་སྤེལ་བའི་ནང་ “ཊི་རུམ་ཕི་ནི་དོན་གྱིས་དབང་ཆ་བརྩོན་ལེན་པ་ཞིག་རེད་”ཅེས་བརྗོད་ཡོད་ལ། ད་དུང་། ཇོའོ་ནཱ་དྷཱན་(Jonathan Chait) གྱིས་ནེའུ་ཡོག་དུས་དེབ་སྟེང་ཉེན་བརྡ་ཞིག་བཏང་ཡོད་པ་སྟེ། “ལུགས་སྲོལ་ལྟ་བུའི་གཅིག་འཕྲོར་གཅིག་གིས་བསམ་ཡུལ་ལས་འདས་བའི་མོས་མཐུན།” ཡང་ཨུ་རུ་སུའི་སྲིད་འཛིན་ཕའོ་ཊེན་གྱི་རྒྱབ་ཕྱོགས་ནས་ལངས་མཁན་ཨུ་རུ་སུའི་གསར་འགོད་པ་མཱ་ཤཱ་ཇི་སན་(Masha Gesen)གྱིས་ནེའུ་ཡོག་དཔེ་དེབ་བསྐྱར་ཞིབ་(The New York Review of Books) ཞེས་བའི་སྟེང་དུ་ཨ་རིའི་ཆེས་མཐོའི་མི་སྣ་རྣམས་ཀྱིས་ཊི་རུམ་ཕི་སྲིད་གཞུང་ལ་རེ་ལྟོས་ཅི་ཞིག་བྱེད་ཀྱིན་ཡོད་པའི་སྐོར་བརྗོད་པའི་ཁ་བྱང་ལ་ “མི་གཅིག་དབང་བསྒྱུར་རང་ལུགས་ཏེ་སྒྲིག་གཞི་ནི་འཚོ་གནས་ཀྱི་ཆེད་”ཅེས་བ་ཞིག་བརྩམས་འདུག

མང་པོ་ཞིག་གིས་གཡོན་ཕྱོགས་ཀྱི་སྲིད་འཛིན་ཊི་རུམ་ཕིའི་ཁུངས་མེད་ཀྱི་བྱ་སྤྱོད་དེ་ནུས་མེད་དུ་བརྩིས་ནས་དེའི་སྐོར་གྱི་རྩོམ་ཡིག་མང་པོ་ལ་རྩོད་གླེང་བྱེད་བཞིན་ཡོད་ནའང་། གཡས་ཕྱོགས་ཀྱི་མི་སྣ་ཚོས་དེ་སྣང་མེད་དུ་བཏང་འདུག

ཇའོ་ནཱ་གོལ་བྷིར་ (Jonah Golberg)་ཀྱིས་རྒྱལ་ཡོངས་བསྐྱར་ཞིབ་དྲྭ་བའི་(National review’s website)་སྟེང་ “གཡོན་ཕྱོགས་ཀྱི་ཊི་རུམ་ཕི་ཡི་ཁུངས་མེད་བྱ་སྤྱོད་སྐོར་གྱི་བརྩམས་ཆོས་དག་ཅུང་ཙམ་རོ་བཅུད་མེད་པ་ཞིག་ཏུ་ཆགས་འདུག་”ཅེས་བརྗོད་དེ། བརྩམས་ཆས་དེ་དག་ཁྲོད་ཀྱི་རྩོད་གླེང་ལ་གཡས་ཕྱོགས་ཀྱི་མི་འགས་ངོས་ལེན་མེད་པར་གྱུར། དེ་ཚོ་ནི་ཁེན་སེ་ལིད་(Kinsley) དང་ཆཱད་ཐྲི་(Chait) ད་དུང་ཇི་སིན(Gessen)སོགས་ཡིན་པར་ར་སྤྲོད་གནང་བཞིན་ཡོད་ནའང་། དེ་ལ་ངེས་བརྟན་མེད། གང་ལྟར། དེ་དག་ནི་ཏག་ཏག་ཁོ་ཚོ་ཡིན་ན། དེ་ནི་གོ་སྐབས་ཡག་པོ་ཞིག་རེད།

ཊི་རུམ་ཕི་ཡིས་རང་ཉིད་ཀྱི་ཕྱོགས་ཡོངས་ཀྱི་ལས་འགུལ་བརྒྱུད་ཟླ་བ་འདིའི་ནང་ར་འཕྲོད་དེ་ཁོ་ལ་རྒྱལ་ཁ་ཐོབ་པ་དང་། དེ་ཡང་། ཡང་དང་བསྐྱར་དུ་རྫུན་གཏམ་བརྗོད་པ་ཁོ་ན་མིན་པར་ཁོ་རྫུན་གཏམ་དེ་ལས་ཐར་ཐུབ་སོང་བ་དེ་རེད།   གྷི་ལེན་ཁི་ས་ལིར་(Glenn Kessler)གྱིས་སྤྱི་ཟླ་ ༡༡ པའི་ཚེས་ ༤ ཉིན། ཝཱ་ཤིན་ཏོན་གསར་ཁང་དུ། “དོན་དངོས་དབྱེ་ཞིབ་”ཅེས་བའི་རྩོམ་ཡིག་ཅིག་བྲིས་པའི་ནང་། འདས་བའི་ལོ་ངོ་གསུམ་གྱི་ནང་དུ་སྤྱི་མཐུན་ཚོགས་པ་བ་ཚོ་(ཡང་ན་དམངས་གཙོ་སྨྲ་བ་རྣམས་)དཔུང་པ་མཉམ་སྒྲིག་བྱེད་པའི་སྐབས་སུ། ཊི་རུམ་ཕི་ཡིས་ལས་འགུལ་འདིའི་ནང་དུ་ཁེ་ཕན་མང་པོ་ཞིག་བླངས་པ་དང་། སྤྱི་ཡོངས་ཀྱི་གཏམ་བཤད་ཀྱི་གྲངས་ཚད་ ༥༩ སྟེང་ནས་ཁོས་ Pinocchio ཅན་གྱི་ཨ་ལད་པད་ཀོ་བཞི་ཕྱོགས་གཅིག་ཏུ་སྤངས་ཡོད།

ཁི་ས་ལིར་ (Kessler) གྱིས་ཁི་ལེན་ཊོན་(Hillary Clinton)ལ་བྱ་དགའ་བདུན་ཐོབ་ཡོད་པ་དེ་དང་བསྡུར་བའི་ཁྲོད་ནས། ཊི་རུམ་ཕིའི་གྲངས་ཚད་ ༥༩ ཅན་གྱི་སྐད་ཆ་དེ་ཁྱོན་ཡོངས་ནས་རྫུན་མ་ཡིན་པ་རྗོད་ཀྱི་ཡོད།

དེང་གི་དུས་སུ་ཊི་རུམ་ཕི་ཡིས་རྫུན་གཏམ་གྱི་ཟིན་ཐོ་བཀོད་པ་ལ་མ་ལྟོས་བར་འོས་བསྡུའི་སྟེང་ནས་སྲིད་འཛིན་གྱི་རྒྱལ་ཁའི་གྲུབ་འབྲས་ཐོབ་པ་འདིས། ཁོས་འོས་བསྡུའི་འདུ་ཚོགས་ཆེན་པོའི་ནང་། རང་ཉིད་ཀྱི་གྲོས་འཆར་འཚམས་པོ་ཡོང་ཕྱིར་དུས་གསུམ་ལ་འགྲེལ་བཤད་བསྐྱར་ཟློས་བྱས་ཏེ། སྐད་ཅིག་གིར་སྟོབས་ཤུགས་རྒྱས་བ་ཞིག་ཡིན་པར་ཚོད་དཔག་བྱེད་བཞིན་འདུག དོན་གྱིས་ཁོ་ནི་ལས་དོན་གྱིས་བཙན་སྐུལ་བྱས་མེད་པ་ཞིག་རེད།

ང་ཚོས་ད་དུང་རང་དབང་གི་འགུལ་སྐྱོད་འདིའི་ཁྲོད་ནས་ཊི་རུམ་ཕི་ལ་ཁེ་ཕན་ཆ་ཚང་ཞིག་ཡོད་མེད་མི་ཤེས་ལ། ཡང་ན། ཁྲིམས་ཁང་དང་ཚད་ལྡན་གྱི་རང་དབང་ཚོགས་པ། ད་དུང་། མང་ཚོགས་སོགས་ག་ཚོད་ཅིག་གིས་ཁོ་ལ་ངོས་ལེན་བྱེད་ཀྱིན་ཡོད་མེད་མི་ཤེས། ཡིན་ནའང་། ཐེངས་གཅིག་ལ་སྒྲིག་འཛུགས་བཟོས་བ་ཙམ་གྱིས་དངོས་ཡོད་ལ་གོ་སྒྲིག་བྱ་རྒྱུ་ནི་ཧ་ཅང་གི་ཁག་པོ་ཞིག་ཏུ་ཆགས། གལ་ཏེ། དེ་ལྟར་མི་སྲིད་པ་ཞིག་མིན་ན། དེ་ལྟར་གོ་སྒྲིག་བྱས་ནས་འགྲོར་འཇུག་རྒྱུ་དེ་རེད། ཊི་རུམ་ཕི་ཡིས་ལས་ཀ་མང་པོ་ཞིག་བསྒྲུབ་རྒྱུའི་རྟག་མཚན་ད་དུང་བསྟན་མེད།   ཊི་རུམ་ཕི་ཡིས་གཅིག་སྡུད་རིང་ལུགས་ཀྱིས་ཁོ་ལ་དགོས་འདུན་བཏོན་པའི་ཇོའོ་ཇི་འོ་ཝིལ་(George Orwell) གྱི་ཞིབ་རྟོགས་དེ་ཁོའི་སེམས་སུ་ཉར་ཡོད་པ་ནི་བདེན་པ་རེད།

འདས་བའི་དུས་ཡུན་གྱི་རྒྱུན་མཐུད་པའི་བཅོས་བསྒྱུར་གྱི་བྱ་སྤྱོད་དེ། དུས་ཡུན་རིང་པོ་འདིའི་ནང་ལ་ཕལ་ཆེར་ཡུལ་གྱི་དངོས་ཡོད་བདེན་པའི་ཁྲོད་ནས་ཡིད་མི་ཆེས་བ་ཞིག་ཏུ་དགོས་འདུན་འདོན་གྱི་ཡོད།

སྤྱི་ཟླ་ ༡༡ པའི་ཚེས་ ༢༧ ཉིན། ཡོངས་གྲགས་ཀྱི་ཐྲི་བི་ཐྲི་(tweet)ནང་དུ་། ཊི་རུམ་ཕི་ཡིས་འོས་བསྡུའི་འུར་ལངས་ཀྱི་ཁྲོད་ནས་ང་ལ་རྒྱལ་ཁ་ཐོབ་པ་འདིའི་སྟེང་དུ།   ངས་མི་གྲངས་ས་ཡ་མང་པོ་ངའི་ཕྱོགས་སུ་འཐེན་ནས་ཁྲིམས་འགལ་གྱིས་འོས་འཕེན་བྱེད་དུ་བཅུག་པ་དང་འདྲ་བར། ང་ལ་མི་གྲངས་ས་ཡ་མང་པོའི་འོས་བསྡུའི་རྒྱལ་ཁ་ཐོབ་སོང་། ཞེས་ཐག་གཅོད་ཀྱི་སྐད་ཆ་ཞིག་བཤད་འདུག

སྤྱི་ཟླ་བཅུ་གཉིས་པའི་ཚེས་ ༡༡ ཉིན། Fox News Sunday སྟེང་དུ་གནས་ཚུལ་འབྱོར་གསལ་ལ། ཊི་རུམ་ཕི་ཡིས་མི་གྲངས་ས་ཡ་ ༢་༨༤ ཡི་འོས་ཤོར་བར་མ་བལྟོས་བར། ད་དུང་མུ་ཐུད་ནས་ “ཐེངས་དུ་མར་རླབས་ཆེ་བའི་རྒྱལ་ཁ་གང་མང་ཐོབ་པའི་ཁྲོད་ཀྱི་གཅིག་”ཅེས་རང་ཉིད་ཀྱི་རྒྱལ་ཁ་ལ་འགྲེལ་འརྗོད་གནང་ནས་“ང་ཚོ་ལ་རླབས་ཆེ་བའི་རྒྱལ་ཁ་ཐོབ་སོང་།” “རྒྱལ་ཁབ་འདི་ནི་ཆབ་སྲིད་ལོ་རྒྱུས་ཀྱི་སྟེང་ནས་དམངས་གཙོ་ཚོགས་པ་བ་རྣམས་ཀྱིས་ཕམ་ཁ་ཆེ་ཤོས་ཀྱི་སྡུག་བསྔལ་འདི་ནས་མྱངས་ཡོད་”སོགས་ཀྱི་རྩོད་གླེང་བྱས།

ཨུ་རུ་སུ་(Russia)་ཡིས་ཊི་རུམ་ཕི་ལ་ངེས་པར་དུ་རོགས་རམ་གྱི་རྣམ་པས་འོས་བསྡུའི་ལས་འགུལ་གྱི་ནང་དུ་ཐེ་གཏོགས་བྱེད་བཞིན་པ་དེ་ཨ་རིའི་གསང་བའི་ལས་ཁུངས་(Central Intelligence Agency) ཀྱིས་ཤེས་རྟོགས་བྱུང་ཡང་། དེའི་སྐོར་ལ་ཊི་རུམ་ཕི་ཡིས་འགྱུར་བ་མེད་པའི་སྒོ་ནས་ཁས་ལེན་བྱས་མེད། གནད་དོན་འདི་ནི་ཟིང་འཁྲུག་གི་རྩོད་གནད་ཅིག་ཏུ་གྱུར་བ་དང་། དེ་ཡང་དམངས་གཙོ་ཚོགས་པའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་རྩོད་ཟླ་ཁོ་ནར་གྱུར་བ་མ་ཡིན་པར། ད་དུང་། གྲོས་ཚོགས་གོང་མའི་ཚོགས་མི་ཇོན་མའ་ཁན་(John McCain)དང་ལིན་ཌི་སི་གྷི་རཱ་ཧམ་(Lindsey Graham) དང་འདྲ་བར། སྤྱིན་མཐུན་ཚོགས་པའི་སྐབས་ཐོག་གི་དཀའ་བསྔལ་ཞིག་ཀྱང་ཆགས་ཡོད།

སྤྱི་ཟླ་ ༡༢ བའི་ཚེས་ ༩ ཉིན། ཝཱ་ཤིན་ཊོན་གསར་ཁང་(Washington Post) གིས་ཨ་རི་གསང་བའི་ལས་ཁུངས་ཀྱི་དཔྱད་ཞིབ་སྟེང་ལ་སྒྲུང་ཞིག་སྤེལ་བའི་ནང་དུ། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུའི་གཞུང་ལ་འབྲེལ་བ་ཡོད་པའི་ཨ་རིའི་གཞུང་གི་ལས་མི་སྒེར་བ་མང་པོ་དང་། ད་དུང་།   ཨུ་རུ་སུ་གཞུང་གིས་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་གཞན་ཧི་ལི་རེ་ཁི་ལེན་ཊོན་(Hillary Clinton)་སོགས་གཞུང་གི་ལས་མི་དེ་དག་གི་གློག་འཕྲིན་སྟོང་ཕྲག་མཆིས་བའི་ དྲྭ་བྱང་ WikiLeaks་ ཡི་དགོས་མཁོ་གཞན་ལ་བསྐྲུན་ཡོད་པ་ངོས་ཟིན་འདུག   ཡིན་ནའང་། དེ་ལྟར་ངོས་ཟིན་པའི་ཨ་རི་གཞུང་གི་ལས་མི་སྒེར་བ་ཚོས་ཨུ་རུ་སུ་ཡིས་(Rissia)ཁི་ལེན་ཊོན་གྱི་གོ་སྐབས་འདི་ལ་རྨ་ཁ་བཟོ་བ་དང་ཊི་རུམ་ཕི་ཡར་འདེགས་པའི་བྱ་སྤྱོད་འདི་ནི་ཨུ་རུ་སུའི་ལས་འགུལ་གྱི་ཆ་ཤས་ཤིག་དང་གསང་བའི་སྒྲིག་འཛུགས་ཤིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱིན་ཡོད།

ཊི་རུམ་ཕི་འཕོ་འགྱུར་ཚོགས་པས་(The Trump transition team) གྲ་སྒྲིག་གི་གསལ་བཤད་ནང་མགྱོགས་མྱུར་ངང་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ཆ་འཇོག་ལ་སྐྱོན་བརྗོད་བྱས་ཏེ། དེ་ནི་སཱ་དྷམ་ཧོའོ་སིན་(Saddam Hussein) ལ་གནོད་སྐྱོན་ཆེ་བའི་མཚོན་ཆ་འབོར་ཆེན་ཡོད་པར་བརྗོད་མཁན་དེ་ཚོ་དང་གཅིག་མཚུངས་རེད། འོས་བསྡུ་ནི་ལོ་རྒྱུས་ནང་དུས་ཡུན་རིང་པོ་ཞིག་གི་སྔོན་ལ་རྒྱལ་ཁ་ཆེན་པོས་མཇུག་བསྒྲུབ་སོང་། ད་ནི་འགུལ་སྐྱོད་ཀྱི་དུས་ལ་སླེབ་ཡོད་པས། ང་ཚོས་ “ཨ་མི་རི་ཁ་ནི་ཡང་སྐྱར་རླབས་ཆེན་དུ་གཏོང་དགོས།”ཞེས་བརྗོད།

ཊི་རུམ་ཕི་ཡི་ཁ་གཏད་ནས་ཕྱིར་འཐེན་རྒྱག་པ་ནི་མགྱོགས་མྱུར་ལྡན་པ་ཞིག་རེད། རྒྱལ་ཡོངས་བདེ་འཇགས་ལས་ཁུངས་ཀྱི་འགན་འཛིན་མེ་ཁཱིལ་ཝི་ཧད་དྷན་(Michael V Hayden) དང་དེ་ནས་ཨ་རིའི་གསང་བའི་ལས་ཁུངས་གཉིས་ཀྱིས་དུས་བབ་ཚག་ཤོག་ལ་(The Times) བརྗོད་པའི་སྟེང་། ཨ་རིའི་གསང་བའི་ཚོགས་པའི་བདེན་དོན་གྱི་བྱ་སྤྱོད་དེས་ཊི་རུམ་ཕིའི་ཁུངས་ལྡན་གྱི་བདེན་པ་མང་པོ་ཞིག་ལ་རྩོད་རྙོག་བཟོས་པའི་རྒྱུན་མཚན་གྱིས། ཨ་རིའི་སྲིད་འཛིན་འོས་བསྡུ་ཡིས་གསང་བའི་ཚོགས་པས་དཔུང་བ་མཉམ་སྤུང་གིས་བརྗོད་པའི་བདེན་དོན་ལས་འགུལ་དེ་སྟབས་བདེ་མོའི་ངང་ངོས་ལེན་བྱས་མེད། ཞེས་ངོ་མཚར་བའི་སྒྲ་དང་བཅས། (—wow).

ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུ་ཡི་(Russia)ཐེ་གཏོགས་ལ་ཞིབ་འཇུག་བྱེད་བཞིན་པའི་རྩོད་རྙོད་དེ་ད་དུང་འགྲོ་བཞིན་པ་དང་། དེ་ནི་ཊི་རུམ་ཕི་ཡིས་དངོས་ཡོད་མཐོང་ཚུལ་ཁྲོད་ཁྱབ་ཆེ་བའི་ཞིབ་འཇུག་ཐོག་མ་དེ་ཆགས་འདུག

བདུན་ཕྲག་སྔོན་མའི་གཟའ་ཉི་མའི་ཉིན། Face the Nation ཞེས་བའི་གསར་འགྱུར་ལས་རིམ་སྟེང་།   ཨད་རི་སོའ་ནཱ་(Arizona Republican)སྤྱི་མཐུན་ཚོགས་པའི་མི་སྣ་དང་གྲོས་ཚོགས་གོང་མའི་མཚོན་ཆའི་སྲིད་ཞུ་ཚོགས་པའི་ལས་མི་ (Senate Armed Services committee) སྟེ་སྐུ་ཞབས་ཇོན་མཱ་ཁན་ལགས་ཀྱིས་(John McCain) ཐད་ཀར་ཊི་རུམ་ཕི་ལ་སུན་འབྱིན་བྱེད་པའི་གཏམ་ནི། བདེན་དོན་ནི་མཁྲེགས་པོའི་དངོས་པོ་ཞིག་ཡིན། ཁོ་ཚོས་ལས་འགུལ་འདིའི་ནང་དུ་རྨས་སྐྱོན་བཟོས་སོང་།

སྤྱི་ཟླ་ ༡༢ ཚེས་ ༡༢ ཉིན།   གྲོས་ཚོགས་གོང་མའི་མགོ་ཁྲིད་སྐུ་ཞབས་མེ་ཆ་མཱ་ཁི་ཁོན་ནིལ་(Mitch McConnell)གྱིས་ཁུངས་སྐྱེལ་ར་སྤྲོད་ཐུབ་པའི་དྲི་རྩད་ཞིག་ལ་མོས་མཐུན་རྒྱབ་སྐྱོར་བྱས་བ་དང་། དེ་ལྟར་དུ་། ཁོས་ཊི་རུམ་ཕི་ལས་ཁུར་ལ་མ་ཞུགས་པའི་སྔོན་དེར། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་དང་འགན་འཛིན་ལྷན་ཁང་གཉིས་ཀྱི་སྡེ་ཚན་མང་པོ་ཞིག་གི་བར་ལ་ཚོགས་འདུའི་སྡིངས་ཆ་ཞིག་བསྐྲུན་པ་རེད།

འདི་ནི་ཊི་རུམ་ཕི་ཡི་སྨྱོན་པའི་རང་བཞིན་གྱི་བྱེད་ཐབས་ཤིག་སྟེ།   ཁོ་ནི་རྒྱལ་ཁབ་ཅིག་གི་དབང་ཚད་ཡོད་པའི་མགོ་ཁྲིད་ཡིན་བཞིན་དུ། དངོས་ཡོད་ཀྱི་དོན་གནད་དགུ་ལ་གསལ་བཤད་བྱེད་པ་ལ་མ་བལྟས་བར།   ཁྲིམས་མཐུན་གྱི་བྱ་བར་གདོང་ལེན་མི་བྱེད་པར་གཡོལ་བར་འདོད་པ་དང་། ད་དུང་། ཁོས་རང་ཉིད་ཀྱི་འོས་བསྡུ་ནི་ “ཐེངས་དུ་མའི་རླབས་ཆེ་བའི་རྒྱལ་ཁ་མང་པོའི་ཁྲོད་ཀྱི་གཅིག་”དང་ཡང་ “འོས་བསྡུས་འུར་ལངས་བའི་རྒྱལ་ཁ་ཆེན་མོ།”ཞེས་དམིགས་དོན་དུ་བཟུང་ནས་འགྲེལ་བཤད་རྒྱག་བཞིན་མཆིས།

ཞིབ་འཇུག་སྔོན་ལ་བྱས་ནས་དངོས་གཞིའི་འོས་བསྡུའི་སྐབས་སུ་ཊི་རུམ་ཕི་རང་གི་རྒྱབ་སྐྱོར་བ་ཚོ་དང་འབྲེལ་ཐག་ཉེ་རུ་སོང་ཞིང་། སྐབས་དེར་ཁོའི་རྒྱབ་སྐྱོར་བ་ཚོས་ཊི་རུམ་ཕི་ནི་དབང་ཚད་ལྡན་པའི་སྲིད་འཛིན་བཞིན་མཐོང་འདོད་ཀྱི་བསམ་པ་སྐྱེས།   མར་ཁི་ཧི་དཱི་རིན་ཌོན་(Marc Hetherington)ནི་བཱན་ཌིར་བྷེལ་ཐྲིའི་(Vanderbilt)ནང་གི་ཆབ་སྲིད་མཚན་རིག་པ་ཞིག་ཡིན་ལ། ཁོས་འདི་ལྟ་བུའི་འོས་བླུག་མཁན་ཚོ་ནི་ “འཇིག་རྟེན་མི་འགྱུར་བའི་མཐོང་སྣང་” ཅེས་བའི་རང་གི་འབོད་ཚུལ་འདི་ལྟ་བུ་དང་ “འཇིག་རྟེན་འགྱུར་བའི་མཐོང་སྣང་” ཅེས་བའི་རང་གི་བརྗོད་ཚུལ་འདི་དང་ཕྱོགས་འགལ་དུ་སོང་བ་ལྟར་དུ་འགྲེལ་བརྗོད་བྱས་ཤིང་། ཁོས་ཟིན་བྲིས་སུ་དབང་རྩོད་སྨྲ་བའི་རང་ལུགས་ཀྱི་ཚོད་ལྟའི་སྟེང་ནས་འཇིག་རྟེན་མི་འགྱུར་བའི་མཐོང་སྣང་འཛིན་མཁན་ཚོ་ལ་ཐོབ་པའི་སྐར་གྲངས་མཐོ་ཚུལ་བརྗོད་ཡོད། འཇིག་རྟེན་འགྱུར་བའི་མཐོང་སྣང་འཛིན་མཁན་མང་པོ་ཞིག་གི་ཐོབ་གྲངས་དེ་ལས་དམའ་པོ་རེད།

སྤྱི་ཟླ་ ༨ པའི་ནང་དཔར་བསྐྲུན་བྱས་པའི་ཆབ་སྲིད་མཚན་རིག་གི་རྩོམ་ཡིག་ཅིག་ཏུ། “མི་གཅིག་དབང་སྒྱུར་ལམ་ལུགས་ཀྱི་འོས་བླུག་མཁན་རྣམས་དང་ཌོ་ནིལ་ཊི་རུམ་ཕི་ཡི་ཡར་ཐོན།” ཞེས་བའི་བརྗོད་གཞི་ཞིག་ཏུ་མའ་སའ་ཆོ་སི་ཐི་མཐོ་སློབ་ཀྱི་ (Univeristy of Massachusetts) སློབ་དཔོན་མའ་ཐྲོ་ཝེ་ལམ་སི་ (Matthew C. Mac Williams)ཡིས་ “ཊི་རུམ་ཕིའི་ཡར་ཐོན་ནི་མི་གཅིག་དབང་སྒྱུར་ལམ་ལུགས་ཀྱི་འོས་བསྡུ་བ་ཚོས་ཁོང་གི་བཅོས་མ་མ་ཡིན་པའི་འུར་སྒྲོག་ལ་ལན་བཏབ་པའི་མཇུག་འབྲས་ཀྱི་ཆ་ཤས་ཤིག་རེད། ཅེས་གཞི་རྩ་ཞིག་བཟུང་འདུག་ལ། དེ་ནི་ལོ་འདིའི་སྤྱི་མཐུན་ཚོགས་པའི་གཞི་རྩའི་བརྒྱུད་རིམ་ཁྲོད་ཀྱི་ཕྱོགས་བསྡུས་ཞིབ་འཇུག་གི་རེའུ་མིག་སྟེང་གཞིར་བཞག་ཡོད། དེའི་སྟེང་ནས་ཁོས་ཊི་རུམ་ཕིའི་ཆེད་དུ་རྒྱབ་སྐྱོར་བྱེད་མཁན་དང་མི་གཅིག་དབང་སྒྱུར་ལམ་ལུགས་ཀྱི་རིན་ཐང་གི་ཆེད་རྒྱབ་སྐྱོར་བྱེད་མཁན་འདི་གཉིས་བར་ཀྱི་འབྲེལ་བ་ཤུགས་ཆེན་པོ་ཞིག་རྙེད་ཡོད།

གཅིག་གྱུར་དང་བཀའ་ཁྱབ་ནི་མི་གཅིག་དབང་སྒྱུར་བས་ལྟ་ཞིབ་བྱེད་པའི་ཚིག་ཅིག་དང་། མི་གཅིག་དབང་སྒྱུར་བ་ཚོས་བཀའ་རྩི་བ་དང་བཀའ་ཁྱབ་འཚོལ་བ། མི་གཅིག་དབང་སྒྱུར་ལམ་ལུགས་ཀྱི་མགོ་ཁྲིད་དེའི་རྗེས་འབྲིང་སྟེ། གཞན་ཅེས་བའི་གཞན་ཕྱོགས་སུ་བཙན་གྱིས་ལས་དོན་སྒྲུབ་ཅིང་། ཐེངས་གཅིག་ཕ་རོལ་བོའི་ཕྱོགས་ཀྱི་གྲོགས་སུ་གྱུར་ཚེ། ཁོ་ཚོས་ཕ་རོལ་བོའི་ཐག་གཅོད་ཀྱི་བྱ་བ་ལ་དམ་དྲག་བྱེད་པ་སོགས་ཀྱི་དངས་སྐྲག་དང་ལས་རིགས་སྣ་ཚོགས་ལ་འཛེམ་དགོས་ཀྱི་ཡོད།

སྟོབས་ཆེ་ཞིང་གཏིང་ཟབ་པའི་རྒྱབ་སྐྱོར་གྱི་རིགས་འདིའི་ཁྲོད།   ཊི་རུམ་ཕི་རང་ཉིད་ཀྱི་རྫུན་པ་ཁུངས་སྐྱེལ་དགོས་བའི་འགན་ཁུར་ལས་ཐར་དུ་བཅུག་སོང་། ཁོང་གི་ཕྱོགས་གཏོགས་པ་ཚོས་ཁོས་ཅི་བཞེད་པར་ཡིད་ཆེས་དང་།   ཁོ་ཚོས་མཐོང་བཞིན་པའི་སྒྲོ་འདོགས་དང་རྫུན་གཏམ་ཆག་ཡང་གཏོང་བཞིན་འདུག

ཊི་རུམ་ཕའི་རྒྱབ་སྐྱོར་བ་སེ་ཁོའོ་ཐྲེ་ནིལ་ཧོའོ་ཧྤིསི་(Scottie Nell Hughes) ཡིས།   སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ཉིན་གྱི་(The Diane Rehm Show) དྷན་རི་ཧིམ་བརྙན་འཕྲིན་གྱི་ནང་དུ། “ལས་འགུལ་གྱི་དུས་ཡུན་འདིའི་ནང་ལྟ་བར་སྤྲོ་བའི་དོན་དག་གཅིག་ཡོད་པ་ནི་མི་མང་ཚོ་སྟེ། བདེན་པ་ནི་བདེན་པ་རེད། ཁོ་ཚོ་ནི་དོན་དམ་པས་བདེན་པ་མ་རེད།” ཅེས་སྨྲས།   མོའི་དཔྱད་གཏམ་དག་གིས་མང་ཚོགས་ལ་འུར་ཟིང་ཞིག་བསླངས། ད་དུང་ཊི་རུམ་ཕའི་གཞི་རྩའི་བྱེད་ཐབས་དམར་རྗེན་དུ་བཀྲམས་པ་དང་། དེ་ཡང་ཟང་ཟིང་གི་འུར་སྒྲའི་ནང་དུ་བརླགས་ཐལ།

སྟབས་མ་ལེགས་པ་ཞིག་ལ། འདི་ན་བདེན་པ་ལྟར་གྲུབ་པའི་དོན་དག་མང་པོ་ཞིག་མི་འདུག   མི་ཚོགས་མང་པོའི་མདུན་ཀྱི་སྐུ་ཞབས་ཊི་རུམ་ཕི་ཡི་ཅིར་སྒྲ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། ཁོས་ཁོ་ལ་ཁྲིམས་མཐུན་མིན་པའི་འོས་བླུགས་མཁན་ས་ཡ་མང་པོ་ལ་གསུང་བཤད་གནང་སྐབས། ཁོས་རང་ཉིད་དང་རང་ཉིད་ཀྱི་རྒྱབ་སྐྱོར་བའི་ཁྲོད་ནས་བདེན་དོན་སྲུང་བཞིན་ཡོད་ལ། མི་མང་ཚོས་ཀྱང་ཁོ་ཚོ་ལ་བདེན་དོན་གྱི་རྒྱབ་བརྟེན་འབྱུང་བར་ཡིད་ཆེས་བྱེད་ཀྱིན་ཡོད། ཁ་ཤས་ཤིག་གིས་འདི་ཚོ་ནི་རྫུན་པ་རེད་ལ་འདི་ལ་རྒྱབ་བརྟེན་གྱི་ཁུངས་དག་མོ་མེད་པའི་ཚུལ་རྗོད་བཞིན་སྐུ་ཞབས་ཊི་རུམ་ཕི་ལ་མི་དགའ་བར་གྱུར།

ཡང་ན། ཊི་རུམ་ཕི་ཡི་སྔོན་མའི་ལས་འགུལ་གཙོ་སྐྱོང་བ་དང་ད་ལྟའི་སློབ་སྟོན་པ་ཁོའོ་རིད་ལི་ཝཱན་ཌོའོ་སི་ཁེ་(Corey Lewandowski) ཡིས་འདི་འདྲ་ཞིག་བརྗོད་ཡོད་པ་སྟེ། འདི་ནི་གསར་འགྱུར་རྒྱུད་ལམ་ཁག་ལ་ཕྲད་པའི་དཀའ་ངལ་ཞིག་རེད། ཁྱོད་རང་ཚོས་ཊི་རུམ་ཕིས་བཤད་པའི་དོན་དག་ཡོད་ཚད་ཧ་ཅང་ཚིག་དོན་ཅི་བཞིན་དུ་གོ་བ་བླངས་འདུག དེ་ལ་ཨ་མི་རི་ཁའི་མི་མང་ཚོས་དེ་ལྟར་བྱས་མེད།

ཡིད་ཆེས་མེད་པའི་ཁྱབ་རྒྱ་ཆེ་རུ་འགྲོ་བར་འདོད་པ་དེས་ཊི་རུམ་ཕི་ལ་ཆོག་མཆན་གྱི་ལག་འཁྱེར་ཁོ་ན་སྤྲད་པ་ཙམ་མིན་པར། ད་དུང་། དེས་རང་གི་འཆར་སྒོའི་གནད་ལ་འཁེལ་དགོས་བའི་སྐུལ་སློང་ཡང་བྱས་ཡོད། རྒྱུ་མཚན་ནི། མི་གཅིག་གིས་ཀྱང་ཁོས་དྲང་བདེན་བརྗོད་པར་རེ་ལྟོས་བྱེད་ཀྱི་མེད། ཅེས་ཨ་རིའི་སྤྱི་མཐུན་ཚོགས་པའི་སློབ་སྟོན་པ་དང་ཇི་བྷོའོ་ཤི་(Jeb Bush) ལ་ལས་དོན་གཉེར་མྱོངས་མཁན་ཏེ། རོ་བྷི་སི་ཐྲོ་ཟི་མན་(Rob Stutzman) ལེགས་ཀྱིས་(Los Angeles Times)ལོ་སན་ཇི་ལིའི་དུས་བབ་ཚག་ཤོག་ཏུ་བརྗོད་ཡོད་ལ། ཡང་ཁོང་གིས། “ཁོ་ཚོ་ལ་རྒྱུན་ཆད་མེད་པར་རྫུན་བཤད་པ་དེ་ལ་ཁོ་ཚོས་ཡིད་ཆེས་བྱེད་བཞིན་འདུག དེའི་རྐྱེན་གྱིས་ཁོ་ཚོའི་དཔའ་པོ་དེས་རྫུན་མང་པོ་བཤད་ནས་ཕྱིར་གནོད་སྐྱོན་བཟོས་ནའང་། ཁོ་ཚོས་དེ་ལ་དོ་སྣང་བྱེད་ཀྱིན་མེད།

ངོ་བོ་འདི་འདྲ་ཅིག་གི་བདག་དབང་དེ་དམིགས་གསལ་གྱིས་ཐོབ་ཐང་ལྡན་པའི་ཁྱད་ཆོས་སུ་གྱུར་མེད། དམངས་གཙོ་བ་དང་མི་སྣ་གུ་ཡངས་པོ་ཅན། ད་དུང་།   ཤེས་ཡོན་གྱི་སྡེ་སོགས་ཀྱིས་གལ་སྲིད་ཡིད་ཆེས་སླ་བའི་ཊི་རུམ་ཕིའི་རྒྱབ་སྐྱོར་བ་རྣམས་ཀྱིས་དངོས་ཡོད་ཀྱི་གནས་ཚུལ་མ་རྟོགས་པ་ཡིན་ན། དེ་ལ་ཞབས་འདེགས་ཞུ་དགོས་བ་ནི་གལ་གནད་ཆེན་པོ་ཞིག་ཆགས་འདུག

སྤྱི་ཟླ་ ༡༡ པའི་ཚེས་ ༡༥ ཉིན། ཧཱར་ཝཱར་ཌི་(Harvard) ཡི་དཔལ་འབྱོར་མཁས་ཅན་དྷཱ་ནེ་རོའོ་ཌི་རེ་ཁི་(Dani Rodrik) ཡིས་ “ཚོང་དོན་སྟེང་གི་སྐད་ཆ་དྲང་མོ་”(Straight Talk on Trade)ཞེས་བའི་རྩོམ་ཡིག་སྤེལ་བའི་ནང་། ཁོས་ “ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་ཀྱི་ཊི་རུམ་ཕི་ཡི་ཧ་ལས་དགོས་བའི་རྒྱལ་ཁ་དེའི་ཆེད་དཔལ་འབྱོར་མཁས་ཅན་རྣམས་ལ་ཕྱོགས་གཅིག་ནས་འགན་ཡོད་པ་ཞིག་ཡིན་ནམ།” ཞེས་བའི་དྲི་བ་ཞིག་བཏོན་འདུག དེ་བཞིན་དུ་ཁོས་གོ་ལ་སྤྱི་སྙོམ་གྱི་རྒྱབ་སྐྱོར་བྱེད་མཁན་ཚོ་དང་ལྷན་དུ་རྩོད་པའང་བྱས། གོ་ལ་སྤྱི་སྙོམ་གྱི་རྒྱབ་སྐྱོར་བ་ཚོས་ཉེ་བའི་ཉིན་བཅུ་གྲངས་ནང་ “རྗེས་སུ་དཔོག་པའི་ཡིད་ཆེས་”(implicit premise)ཞེས་བའི་བརྗོད་གཞི་འདིའི་སྟེང་ཚོང་དོན་གྱི་རིན་གོང་ཚད་གཞི་དམའ་མོར་བཏང་། ཚོང་དོན་དེའི་བགྲོ་གླེང་གི་ཕྱོགས་གཅིག་ནི་ཤེས་ཡོན་མེད་པའི་ཀླ་ཀློའི་རིགས་རེད། འཛམ་གླིང་ཉོ་ཚོང་འཛུགས་ཀྱི་སྒྲིག་གཞི་(World Trade Organization rules)ནི་བརྗིད་ཉམས་ཆེ་བའི་རང་སྲུང་བ་དག་ཡིན་ལ། ཁོ་ཚོས་དུས་རྒྱུན་ཕྱོགས་བཟང་ས་ནས་ཀླ་ཀློའི་རིགས་ལ་རྒྱབ་སྐྱོར་བྱེད་ནའང་། ཁོ་ཚོས་མངོན་གསལ་དོད་པོས་འདིའི་སྐོར་ལ་སྐྱོན་བརྗོད་བྱས། ཚོང་དོན་འདིའི་གྲུབ་འབྲས་ནི་དཔལ་འབྱོར་ཆེད་ལས་ཀྱི་ཁྲོད་ནས།   ཨ་རི་གཅིག་སྒྲིལ་རྒྱལ་ཁབ་ལ་ཐད་ཀར་གལ་ཆེན་རང་གཞིན་དུ་གྱུར་ཡོད།   བྱང་ཨ་རིའི་འཛམ་གླིང་ཉོ་ཚོང་རྩ་འཛུགས་དང་།   ཡང་ན།   རྒྱ་ནག་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་འཇུག་པ་(China’s entry into the World Trade Organization) ཞེས་བའི་སྒྲིག་འཛུགས་འདིའི་ཚོང་འགྲེམས་བྱེད་ཕྱོགས་ཀྱི་ཤུགས་རྐྱེན་དེ་བཤད་སྲོལ་ལ་ཧ་ཅང་གསལ་བོ་ཡིན་ནའང་། ལས་མི་མང་པོ་ཞིག་གིས་མི་འདོད་པའི་རྣམ་འགྱུར་མངོན་ནས་ཚོང་དོན་འགྲེམས་སྤེལ་གྱི་འགན་ཁུར་ཉུང་དུ་བཏང་འདུག

དུས་བབ་ཚག་ཤོག་གི་ལས་རོགས་པ་སྐུ་ཞབས་ཨི་དྷོར་དྷོ་ཕོར་ཐྲིར་(Eduardo Porter)གྱིས་བདུན་ཕྲག་འདིའི་སྟོད་ལ། “ཊི་རུམ་ཕི་ཡི་འོས་བསྡུ་དེ་གང་ན་ཡོད་དམ། མང་ཚོགས་ཀྱི་ལས་ཀ་གང་དུ་ཡོད།” ཅེས་བའི་གཞི་རྩའི་ལས་འགུལ་ཞིག་སྤེལ་བའི་ནང་ཁོས་འདི་འདྲ་ཞིག་བྲིས་འདུག་སྟེ། ཤེས་ཡོད་ཀྱི་ཚད་གཞི་དམའ་བའི་མི་རིགས་དཀར་པོའི་འོས་བསྡུ་བ་ཚོ་ལ་ད་ལྟའི་ཆབ་སྲིད་ཀྱི་གནས་བབ་ལ་ཁ་གཏད་གཅོག་པའི་དཔལ་འབྱོར་རིག་པའི་རྣམ་བཞག་བརྟན་པོ་ཞིག་ཡོད་རྐྱེན་དཔལ་འབྱོར་སླར་སོན་ཁྲོད་ཀྱི་ཁེ་ཕན་ཆེན་པོ་ཞིག་ཕལ་ཆེར་ཁོ་ཚོས་རང་ཉིད་ལ་སྦྱིན་པ་ཞིག་རེད།

སྤྱི་ལོ་ ༢༠༠༧ ལོའི་ཟླ་བ་ ༡༡ པའི་ཚེས་ ༧ ཉིན་ནས། ཕོར་ཐྲིར་(Porter)གྱིས་གསུངས་བ་ལྟར་ན། ཧེ་སི་ཕའ་ནེ་ཁི་Hispanics ཚོ་ལ་ཕལ་ཆེར་ས་ཡ་ལྔའི་ལས་ཀ་རག་ཡོད་པ་དང་། ཨ་མི་རི་ཀའི་ནང་གི་ཨ་ཧྤི་རི་ཀའི་རིགས་དང་ཨེ་ཤ་ཡའི་རིགས་རྣམས་ལ་ས་ཡ་གཉིས་ཀྱི་ལས་ཀ་རག་ཡོད། ཡིན་ན་ཡང་། ཨ་རིའི་མི་རིགས་དཀར་པོ་ཚོས་ཕལ་ཆེར་ས་ཡ་གཅིག་གི་ལས་ཀ་ཤོར་འདུག   དེའི་ས་ཁུལ་ཡང་(Rust Belt)ཨ་རིའི་བྱང་ཤར་ཕྱོགས་ཀྱི་ཚོང་ལས་ཀྱི་ས་ཁུལ་ཁག་ཡིན་པར་དམིགས་ཀྱི་ཡོད། འབྲེལ་ཡོད་ཀྱི་བཤད་ཚུལ་ལ། གྲོང་རྡལ་གྱི་གནས་སྟངས་དག་ལ་ཊི་རུམ་ཕི་ཡིས་རང་ཉིད་ཀྱི་འོས་བསྡུ་ཡི་རྒྱལ་ཁའི་ཆེད་དུ་བཤུ་གཞོག་བྱས་འདུག

དམངས་གཙོ་ཚོགས་པའི་འོས་མི་ཚོས་སྤྱི་ཟླ་ ༡༡ པའི་ཚེས་ ༨ ཉིན་ཤེས་གསལ་ལྟར་ན། དམངས་གཙོ་ཚོགས་པའི་ཕྱོགས་ཁག་གིས་སྤྱི་ཡོངས་ཀྱི་ཆ་ནས་ཊི་རུམ་ཕི་ཡི་འོས་བླུག་མཁན་ཚོ་ལ་ཡིད་ཆེས་བྱེད་པའི་ཚད་གཞི་ནི་ཕྱོགས་ཡོངས་ནས་དམའ་མོ་རེད་འདུག

ཝེ་སི་ཁང་སེན་(Wisconsin)་སློབ་ཆེན་གྱི་ཆབ་སྲིད་ཚན་རིག་པ་ཁི་རཱ་མིར་(Katherine Cramer)་གྱིས་མངའ་སྡེ་དེའི་འོས་བླུག་མཁན་ཚོ་ལ་ “མི་དགའ་བའི་ཆབ་སྲིད་རིག་པ་”(The politics of Resentment)་ཞེས་བའི་དཔེ་དེབ་ཅིག་བརྩམས་ཏེ།   སྤྱི་ཟླ་ལྔ་བའི་ནང་ཐོན་ཡོད་པ་དང་། དེའི་ནང་ནས་མོས་ “གྲོང་གསེབ་ཀྱི་རྣམ་ཤེས་” ཞེས་བའི་གྲུབ་ཆ་གསུམ་གྱི་སྒང་ལ་འགྲེལ་བརྗོད་བྱས་ཏེ། དམངས་གཙོ་ཚོགས་པའི་རྨས་སྐྱོན་དེ་གཏིང་ཟབ་ས་ནས་རྟོགས་ཡོད། དང་པོ། གཞུང་གི་སྲིད་ཇུས་ལ་འགན་ཡོད་མཁན་དག་ཚུད་པའི་ཐག་གཅོད་བྱེད་མཁན་རྣམས་ཀྱིས་གྲོང་གསེབ་དང་གྲོང་རྡལ་གྱི་ཡིད་ཆེས་ཤིག་སྣང་མེད་དུ་བཏང་འདུག   གཉིས་བ། གྲོང་གསེབ་ཀྱི་ས་ཁུལ་ཁག་ལ་ཐབས་ལམ་མཉམ་སྤྱོད་ཀྱི་གོ་རྟོགས་བསླེབས་མེད་པ། གསུམ་པ། གྲོང་གསེབ་པ་རྣམས་ཀྱི་གཞི་རྩའི་བསམ་བློ་ལ་མཐུན་མོང་མ་ཡིན་པའི་རིན་ཐང་དང་འཚོ་བའི་རྣམ་པ་ལྡན། དེ་ནི་གྲོང་ཁྱེར་པ་རྣམས་ལ་མཚོན་ལ་དེ་ལ་བསམ་ཤེས་དང་བརྩི་བཀུར་མེད་པ་ཞིག་རེད། མོ་རང་གིས་རྩོད་པ་བྱས་པའི་གྲུབ་འབྲས་ནི་“དྲང་བདེན་མིན་པའི་བགོ་འགྲེམས་ཀྱི་བསམ་བློ་ཞིག་དང་ལྷན་དུ་བློ་སྐྱེད་སྤེལ་བ་” ཞེས་གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་ཚོ་ལ་ཐད་ཀར་དཔྱ་ཁྲལ་བསྡུ་བའི་གུ་ཡངས་སྲིད་ཇུས་ཀྱི་སྟེང་ལ་དོ་སྣང་ལྷག་མ་ཞིག་སྤྲད་པ་དེ་དང་། གྲོང་གསེབ་ཀྱི་རྣམ་པ་གླེང་བའི་གསར་གཏོད་ཀྱི་ཆ་དེ་རེད།

ཊི་རུམ་ཕི་ཡི་ཕྱོགས་ཁག་གི་གྲོང་གསེབ་འོས་བསྡུ་བ་རྣམས་དང་གཞན་མང་པོ་ཞིག་གིས་ཊི་རུམ་ཕི་ལ་ཧ་ཅང་གི་དོགས་གཞི་ཆེན་པོ་ཞིག་སྦྱིན་འདོད་ཀྱི་ཡོད། རྒྱུ་མཚན་ནི། ཁོ་ཚོས་རང་ཉིད་ཀྱི་ཚོར་བ་ཟབ་མོ་དེ་ཁོ་ལ་ཤེས་སུ་བཅུག་ཅིང་།   ཁོ་ཚོའི་ཕྱོགས་ཀྱི་གནོད་སྐྱོན་ཆེ་བའི་ཆབ་སྲིད་སྤྱི་ཚོགས་ནས་ཐོན་པའི་སྐྱོན་བརྗོད་དག་གསལ་བཤད་བྱེད་དུ་བཅུག་པ་དེ་རེད།

ཊི་རུམ་ཕི་ཡིས་འབད་བརྩོན་ཆེན་པོས་བདེན་པ་སྣང་མེད་དུ་གཏོང་བ་ནི་དམངས་གཙོའི་དབང་འཛིན་ལ་ཁ་གཏད་དུ་ལངས་བ་ཞིག་སྟེ། སྐབས་དོན་གྱི་འགྲེལ་བ་གསལ་བོ་ནི་རྣམ་དཔྱོད་ལྡན་པའི་མཱ་ཤཱ་ཇྷི་སིན་(Masha Gessen)ཀྱི་ལུང་བསྟན་ལ་ཉན་ན་ལེགས་པར་ཤེས་ནུས། མོས་ནེའུ་ཡོག་བསྐྱར་ཞིབ་དཔེ་དེབ་(The New York Review Of Books ) ཀྱི་སྟེང་དུ་རྩོམ་ཡིག་ཅིག་སྤེལ་བའི་ནང་། “ཊི་རུམ་ཕི་ཡིས་མང་པོ་ཞིག་གི་འོས་ཤོར་བ་ལ་མ་ལྟོས་བར་ཉེ་བའི་ལོ་རྒྱུས་ཁྲོད་ཀྱི་ཨ་མི་རི་ཁའི་མགོ་ཁྲིད་དག་གི་དབང་ཆ་དམ་བཟུང་བྱས་བ་དང་རྒྱུན་མཐུད་ནས་ཡར་རྒྱས་སུ་གཏོང་འདོད་ཡོད་པ་རེད། ཁོའི་ཕུལ་བྱུང་གི་བྱ་སྤྱོད་དེ་ནི་ཕུ་ཌེན་(Vladimir Putin)ཀྱི་མི་མང་གིས་དགའ་མོས་བྱེད་སའི་གཅིག་སྡུད་སྲིད་གཞུང་གི་ལམ་ལུགས་དེ་རེད།”ཅེས་བརྗོད་འདུག།

ཊི་རུམ་ཕི་སྲིད་འཛིན་འོས་མིར་་ལངས་སྐབས་ཀྱི་ཚོགས་པའི་སྒྲིག་འཛུགས་དང་དེའི་ལས་མི་མང་པོ་ཞིག་གིས་ཁོ་ལ་འགོག་རྐྱེན་བཟོས་བ་མཐོང་དུས། སྤྱི་མཐུན་ཚོགས་པ་བ་གང་མང་ཞིག་གིས་དེ་ནི་སྲིད་འཛིན་འོས་བསྡུ་ལས་བྱུང་བའི་འཇིགས་སྐུལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་འདུག   ཆབ་སྲིད་ཀྱི་ཐབས་ཕྱོགས་མི་གཅིག་པ་དང་། ཨུ་རུ་སུ་ཡིས་གློག་འཕྲིན་བརྐུས་བའི་དོན་རྐྱེན་དེ་དྲྭ་རྒྱའི་གསང་ཉུལ་བའི་འདྲི་རྩད་ཁོ་ནར་མ་གྱུར་བར།   ད་དུང་།   སྤྱི་མཐུན་ཚོགས་པའི་མགོ་ཁྲིད་ཡོངས་ཀྱི་འགན་གཙོ་བོ་ཞིག་ཏུ་ཆགས། གནད་དོན་དེའི་ཕྱིར་ཚོགས་འདུ་བསྐོངས་བ་དང་སྐྱོན་བརྗོད་བྱས་པ་སོགས་ཀྱི་གོ་ཐོས་རྒྱ་ཁྱབ་ཏུ་སོང་བའི་རྒྱུ་མཚན་གྱིས། ཊི་རུམ་ཕི་ལ་རང་ཉིད་ཀྱི་སྲིད་འཛིན་གོ་གནས་དེ་ཐོབ་པ་རེད།

 

མ་རྩོམ་འབྲེལ་ཐག http://www.nytimes.com/2016/12/15/opinion/donald-trumps-alt-reality.html?_r=0

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese