མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་ཆེན་པོའི་ནང་གི་ཆེན་པོ།

བོད་ཀྱི་དུས་བབ།
༢༠༡༧/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

བེ་རི་རིག་པའི་རྡོ་རྗེ།

Timesདེ་རིང་ངས་ཉེ་ཆར་རྡོར་གདན་དུ་འཚོགས་པའི་རྒྱལ་བ་ཇོ་ནང་བའི་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པ་དང་འབྲེལ་བའི་སྐོར་ནས་ཅུང་ཟད་ཅིག་གླེང་དགོས་བྱུང་སོང་།

ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ཉིན།  རྒྱ་གར་རྡོ་རྗེ་གདན་དུ་འཚོགས་པའི་རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པའི་མཇུག་བསྡོམས་ཐོག  བོད་གཞུང་ཆོས་དོན་བཀའ་བློན་ཀརྨ་དགེ་ལེགས་མཆོག་ཆེད་ཕེབས་ཀྱིས།  གསུང་བཤད་གནང་སྐབས།  “ཇོ་ནང་པར་ཐོབ་ཐང་གཅིག་ཀྱང་མ་སྤྲད་པ་དང་། ཕྱིར་ཕུད་བཏང་བ་ཞིག་མིན་པས་གོ་ལོག་ཐེབས་རྒྱུ་མེད་”ཅེས་གསུངས།  འོ་ན།  ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གི་ཐོག་མཐའ་བར་གསུམ་དུ།  བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཞེས་པ་ལས་རྒྱལ་བ་ཇོ་ནང་བའི་མཚན་ཟུར་ཙམ་ཡང་མེད་པ་དེ་ཐོབ་ཐང་སྤྲད་པ་ཡིན་ཟེར་རྒྱུ་ཡིན་ནམ།

དེ་བཞིན་དུ་ཁྲིམས་ཡིག་དེའི་དོན་ཚན་གསུམ་པ།  ཁྲིམས་ཡིག་གི་ཁྱབ་ཚད་ཅེས་པར།  “བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཁྱབ་པ་ཡིན།”  ཞེས་ཁྱབ་བྱེད་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གིས་ཁྱབ་བྱ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་མ་གཏོགས་ཇོ་ནང་ལ་མ་ཁྱབ་ཅེས་ཚིག་ཐག་བཅད་དེ་བཤད་ཡོད་པ་འདི་ཇོ་ནང་བོད་ཀྱི་ཆོས་གྲལ་ནས་ཕུད་པ་རེད་དམ་བཞག་པ་རེད།

ཡང་།  ཁོང་གིས།  “དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ཆོས་བརྒྱུད་ལ་ངོས་འཛིན་ཡོད་མེད་དང་ཆོས་བརྒྱུད་ཀྱི་ཐོབ་ཐང་ཡོད་མེད་བསྲེ་བསྲེ་གཏོང་རྒྱུ་མི་འདུག རྐུབ་བཀྱག་ཁོ་རང་ཐོབ་ཐང་གི་ངོ་བོ་གཅིག་བྱས་ནས་དེ་ཐོབ་ཡོད་པ་རེད་དམ་ཟེར་ན་དེ་ཐོབ་ཡོད་པ་མ་རེད། ཡིན་ན་ཡང་དེ་གཉིས་བསྲེ་བསྲེ་གཏོང་རྒྱུ་མི་འདུག་”ཅེས་གསུངས།  དེས་ན་ཆོས་དོན་ལྷན་ཚོགས་ཀྱི་དབང་ཚད་ཀྱི་ཐོག་ནས་དེ་གཉིས་ཁ་ཁར་ཕྱེས་ཏེ།  དེ་གའི་ལྷན་ཁང་དང་འབྲེལ་ཡོད་ཡིག་ཆ་ཡོངས་རྫོགས་ཀྱི་ནང་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་ཞེས་འབྲི་ཐུབ་བམ།  གལ་ཏེ་དེ་ལྟར་ཐུབ་ན།  ང་ཚོས་ངོས་ནས་སྤྱི་འཐུས་ཀྱི་གྲུབ་ཆར་རེ་ཞིག་རྩོད་གླེང་མི་བྱེད་ཐག་ཆོད་ཡིན་ལ།  ང་ཚོས་ནམ་ཡང་ཆོས་བརྒྱུད་ཀྱི་སྤྱི་འཐུས་དམིགས་སུ་བཀར་ནས་བརྩད་ཀྱང་མྱོང་མེད།  ང་ཚོའི་རྩ་དོན་གཙོ་བོ་དེ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཟེར་བ་འདི་ཡིན་པ་གཞུང་དམངས་གཉིས་ཀྱིས་མཁྱེན་རྒྱུ་གལ་ཆེ།

ཡང་ཁོང་གིས།  “ཆོས་བརྒྱུད་ཆུང་ཁག་ཇོ་ནང་སོགས་” གསུངས་པ་ནི།  ང་ཚོས་རྩ་བ་ནས་ངོས་ལེན་མེད།  རྒྱུ་མཚན་རྒྱལ་བ་ཇོ་ནང་པ་ནི།  ནང་བསྟན་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་དགོངས་དོན།  རྒྱུད་ཐམས་ཅད་ཀྱི་རྒྱལ་པོ།  ཐེག་པ་ཐམས་ཅད་ཀྱི་མཐར་ཐུག  གཉིས་མེད་རྒྱུད་ཀྱི་ཡང་རྩེ།  དཔལ་མཆོག་དུས་ཀྱི་འཁོར་ལོའི་བསྟན་པའི་བཀའ་བབ་ཡིན་པས་ཆོས་བརྒྱུད་ཆེན་པོའི་ནང་གི་ཆེན་པོ་ཡིན་ཏེ།  ༧རྒྱལ་དབང་ཐམས་ཅད་མཁྱེན་པས།  མདོ་རྒྱུད་གཞན་དང་བཤད་སྲོལ་མི་མཚུངས་པའི།།  ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད།།  མི་ཉམས་འཛིན་ཅིང་སྤེལ་བའི་བཀའ་བབ་པ།།  ཇོ་ནང་པ་ཡི་བསྟན་པ་ཞེས་གསུངས་པ་ལྟར་དང་།  ད་དུང་༧གོང་ས་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་དམིགས་སུ་བཀར་ཏེ་ཆོས་བརྒྱུད་ཆེན་པོ་ཞེས་པའི་ཐ་སྙད་ཀྱང་སྦྱར་ཡོད་དེ།  ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣ ཉིན།  ཇོ་ནང་དམིགས་བསལ་ཚོགས་ཆེན་ཐེངས་བདུན་པར་བསྩལ་བའི་བཀའ་ཤོག་ཏུ།  “བོད་ཀྱི་བསྟན་སྲིད་གོད་ཆགས་ཀྱིས་རྐྱེན་པས་རྒྱལ་བསྟན་སྤྱི་ཡོངས་ལ་སྔར་བྱུང་མྱོང་མེད་པའི་ཉམས་ཆག་བྱུང་བའི་ཁྲོད་རྒྱལ་བ་ཇོ་ནང་པའི་བསྟན་པ་ཡང་ཉག་ཕྲར་གྱུར་པ་ཀུན་ཤེས་ཡིན།  རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་ཉམས་བཞེས་སྤྱི་དང་།  ལྷག་པར་སྦྱོར་དྲུག་རྩལ་དུ་བཏོན་པའི་ཉམས་བཞེས་ཀྱི་བསྟན་རྒྱུན་བཟང་པོ་མི་ཉམས་རྒྱུན་འཛིན་ཡོང་ཐབས་སུ་ཆོས་བརྒྱུད་གང་གི་དབུ་ཁྲིད་ཁལ་ཁ་རྗེ་བཙུན་དམ་པ་རིན་པོ་ཆེའི་མཚན་གནས་བསྐྱར་གསོ་དང་།  འཕགས་ཡུལ་དུ་ཇོ་ནང་མ་དགོན་གྱི་གནས་གཞི་མཐུན་རྐྱེན་བཅས་ཆེད་དུ་སྦྱར་བས་མཚོན་ཆོས་བརྒྱུད་ཆེན་པོ་འདིའི་ལུང་རྟོགས་ཀྱི་བསྟན་པ་ཡུན་གནས་ཆེད་མཐུན་རྐྱེན་གང་ཐུབ་སྒྲུབ་པ་ཚང་མའི་ཐུགས་ངེས་ཡིན་ལ།”  ཞེས་“ཆོས་བརྒྱུད་ཆེན་པོ་འདིའི་ལུང་རྟོགས་ཀྱི་བསྟན་པ་”ཞེས་ཆོས་བརྒྱུད་ཆེན་པོའི་ཐ་སྙད་དངོས་སུ་སྦྱར་དེ་ནན་ཏན་དུ་གསུངས་ཡོད།

འོན་ཀྱང་སྐུ་དྲག་ཚོས་ད་དུང་མིག་དང་རྣ་བ་བཀག་ནས་རྒྱལ་བ་ཇོ་ནང་པ་ཆོས་བརྒྱུད་ཆེན་པོ་མིན་ཚུལ་གསུངས་པ་ནི།  ༧རྒྱལ་བའི་བཀའ་ལ་ལོག་འགྲེལ་དང་།  འཛམ་གླིང་ཐོག་ཡོངས་སུ་གྲགས་པའི་དཔལ་མཆོག་དུས་ཀྱི་འཁོར་ལོའི་ཆོས་ཚུལ་ཆེན་པོ་འདི་ལ་མཐོང་ཆུང་བྱས་པར་ཟད་དོ།།

ཁོང་གིས།  “གལ་སྲིད་ཇོ་ནང་ལ་སྤྱི་འཐུས་ཀྱི་རྐུབ་བཀྱག་དེ་ཚོ་བྱུང་ན་རྗེས་ནས་ང་ཚོ་ལ་དགོས་ཀྱི་ཡོད་ཅེས་ཁག་ཅིག་ཡོང་ཆོག་ཆོག་འདྲ་བྱས་ནས་བསྡད་ཡོད་པ་རེད་”ཅེས་དང་།  “སྒྲུབ་བརྒྱུད་ཤིང་རྟ་བརྒྱད་བརྩི་སྟངས་མ་འདྲ་བ་ཁ་ཤས་ཡོད་རེད་ལ། ད་ལྟ་སྤྱི་འཐུས་ཀྱི་ཐོབ་ཐང་མ་རག་མཁན་ཇོ་ནང་བརྩིས་པའི་བཞི་ཞིག་ཡོང་གི་འདུག ཞི་བྱེད་དང་། ཞ་ལུ། བོ་དུང་བཅས་རེད།  ད་དུང་བོད་པ་ཁ་ཆེའི་གཞིས་ཆགས་ནས་ཁོང་ཚོར་སྤྱི་འཐུས་དགོས་ཀྱི་འདུག་ལབ་ཀྱི་ཡོད།  དེར་བརྟེན་དེ་སྤྱི་འཐུས་ལྷན་ཚོགས་སུ་ཅུང་ཁག་པོ་ཡོད་རེད།”ཅེས་གསུངས།

ང་ཚོས་ངོས་ནས་དམིགས་བསལ་ཆོས་བརྒྱུད་སྤྱི་འཐུས་ཀྱི་རྐུབ་བཀྱག་རྩོད་ཀྱིན་མེད་མོད།  འོན་ཀྱང་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཡོངས་རྫོགས་ཐོབ་པ་ཡིན་ན།  དེ་ཡང་རང་བཞིན་གྱིས་ཐོབ་ཀྱིན་ཡོད་སྟབས།  དེ་དུས་ཞི་བྱེད་དང་ཞ་ལུ་སོགས་མ་ཟད།  བོད་པ་ཁ་ཆེ་དང་།  ད་དུང་བོད་པ་ཡི་ཤི་ཆོས་ལུགས་པ་དེ་དག་གིས་ཀྱང་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་ཞེས་གསུང་ན་ངེས་པར་སྤྲོད་རྐྱང་བྱེད་དགོས་རེད།  འདི་གཞུང་གི་ལས་འགན་རེད།  གལ་ཏེ་མ་སྤྲད་ན་ཆོས་བརྒྱུད་དབྱེ་འབྱེད་བྱས་པ་རེད།  མུ་མཐུད་དུ་ཆོས་བརྒྱུད་དབྱེ་འབྱེད་བྱེད་རྒྱུ་ཡིན་ནམ།

སྒྲུབ་བརྒྱུད་ཤིང་རྟ་བརྒྱད་བརྩི་ཚུལ་མི་འདྲ་བ་ཞིག་གང་དུ་ཡོད་དམ།  ཡོད་ན་གསལ་བོར་བཤད་རོགས།  གལ་ཏེ་བརྩི་སྟངས་མི་འདྲ་བ་ཞིག་ཡོད་ན།  དེས་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་དང་།  ཆོས་དོན་ལྷན་ཁང་གི་བྱེད་ཕྱོགས་ལ་ཕན་ཐོགས་ཅི་ཞིག་ཡོད་དམ།  སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ནང་དུ་མེད་པའི་ཆོས་བརྒྱུད་དེ་བོད་ཀྱི་ཆོས་གྲལ་ནས་ཕུད་རྒྱུ་ལས་སླ་བོ་རེད་དགོས་ཀྱིན་ཡོད་དམ།

ཡང་གཅིག་བཤད་ན།  སྤྱི་འཐུས་ལྷན་འཚོགས་ཀྱིས་དཀའ་མོ་རྩ་མོ་དང་།  རྩོད་ཉོག་འདི་ཞི་འཇམ་གྱི་སྒོ་ནས་ཐག་གཅོད་བྱེད་འདོད་ཡོད་ན།  འདི་ཧ་ཅང་གི་དཀའ་མོ་ཞིག་མ་རེད།  གང་ཡིན་ཟེར་ན།  འདི་ལ་འདེམས་ཀ་གསུམ་ཡོད།  གཅིག  ད་ཡོད་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཟེར་བའི་ཞབས་འདྲེན་དེ་ཚོ་མེད་པ་བྱས་ཤིང་།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་།  ལྷན་ཁང་རྣམས་ཀྱི་སྒྲིག་གཞི་ཁག་ཏུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་ཞེས་ཐ་སྙད་དེ་གཏན་འབེབ་བྱེད་རྒྱུ་དེ་རེད།

གཉིས།  ཆོས་བརྒྱུད་ཁག་གི་ཐོབ་ཐང་ཡོད་ན་ཡོད་མཉམ་དང་མེད་ན་མེད་ཉམས་བཟོ་རྒྱུ་དེ་རེད།

གསུམ།  བཅའ་ཁྲིམས་ནང་གི་  “རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་པའི་ཐ་སྙད་གཅིག་པོ་བསྒྱུར་བཅོས་བྱས་ཏེ།  “རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། ཇོ་ནང་། དགེ་ལུགས། གཡུང་དྲུང་བོན་བཅས” ཞེས་བཀོད་དགོས།

དེ་གསུམ་ལས་གང་རུང་ཞིག་ཐག་གཅོད་གནང་ཐུབ་ན།  རྩོད་ཉོག་འདི་ནམ་མཁའི་སྤྲིན་དང་སའི་རྡུལ་བཞིན་དངས་ཚར་བ་རེད།  དེ་མིན་ཆོས་བརྒྱུད་དབྱེ་འབྱེད་ཇི་སྲིད་བྱས་པ་དེ་སྲིད་དུ་རྩོད་ཉོག་འདི་རྒྱུན་མི་ཆད་པར་ཡོང་རྒྱུ་ཡིན་པ་རྒྱུ་འབྲས་ཀྱི་འབྲེལ་བ་ཡིན་ལ།  ང་ཚོས་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་ཟིན་དང་།  ལྷག་པར་དུ་༧གོང་ས་ཐམས་ཅད་མཁྱེན་པས།  “ཡག་པོ་རེད།  ཁྱེད་རང་ཚོར་ཐོབ་ཐང་ནི་ཡོད་རེད།  བདེན་པ་ཡང་ཡོད་རེད་པ།  རྩོད་དགོས་རེད།  སྔོན་མ་ནས་བཤད་ཡིན་པ།” ཞེས་ཚིག་གི་བདག་པོས་ཚིག་ཐག་བཅད་དེ་བཀའ་བསྩལ་བ་གཞིར་བཟུང་བྱས་ནས་འདྲ་མཉམ་གྱི་ཐོབ་ཐང་མ་རག་བར་དུ་འཐབ་རྩོད་བྱེད་ངེས་ཡིན།

མཐའ་དོན་མཇུག་མ་བསྡུས་པའི་གོང་དུ་སླར་ཡང་གསལ་བཤད་ཅིག་འདོད་པ་ནི།  ང་ཚོས་ཕྱི་ལོ་ ༡༩༩༧ ལོ་ནས་བཟུང་དེ་རིང་གི་བར་དུ།  ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཆ་ཚང་གནང་རོགས་ཞེས་འབོད་བསྐུལ་དང་ཞི་འབོད་བྱེད་བཞིན་ཡོད་པ་ལས།  དམིགས་སུ་བཀར་ཏེ་ཇོ་ནང་པར་ཆོས་བརྒྱུད་སྤྱི་འཐུས་ཀྱི་རྐུབ་བཀྱག་དགོས་ཞེས་ནམ་ཡང་ཞུ་མྱོང་མེད་ལ།  མ་འོངས་པར་ཡང་མི་ཞུ་ཐག་ཆོད་ཡིན།  འོ་ན་ཅི་ཞིག་དགོས་སྙམ་ན།  གོང་དུ་ཞུས་པ་ལྟར།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་།  ལྷན་ཁང་ཁག་གི་སྒྲིག་གཞི།  ད་དུང་གཞུང་འབྲེལ་ཡིག་ཆ་ཡོངས་སུ་རྫོགས་པར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་ཞེས་འཁོད་དགོས་པ་དེ་ཡིན།  དེས་ན་བྱ་མ་དཀྲོག་པར་སྒོ་ང་ལེན་ཚུལ་ཞིག་ཡོད་ན།  ང་ཚོས་གཞུང་གིས་གང་གསུང་དངས་ལེན་དང་།  མཛུབ་མོས་གར་བསྟན་ཤར་ལ་ངོས་འཛིན་བྱས་ནས་ཁུ་སིམ་མེར་སྡོད་ངེས་ཡིན་ཞེས་ཞུ་བ་ཡིན།

ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༤ ཉིན།

 

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༤ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༤ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༥ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 6

  1. འབྲོག་གཅེར་བུ། says:
    ལོ་ 9 སྔོན།

    དཔལ་རྒྱལ་བ་ཇོ་ནང་པ་ལ་ཆོས་རྒྱུད་སྤྱི་མཚུངས་ལྟར་ཐོབ་ཐང་སྤྲད་མ་ཐུབ་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་འཐུས་ཤོར་དང་ངོ་ཚ་ཞིག་ཀྱང་རེད། ཁ་གཡར་ས་མང་པོ་ཡོད་རེད་དེ་དོན་དངོས་ལག་ལེན་གྱིས་བསྟན་པ་རེད། གཡུང་དྲུང་བོན་ལའང་བདུན་ཅུ་དོན་གྲངས་ལ་དཀའ་ངལ་འདི་བྱུང་ཡོད་པ་རེད། གང་ཟག་རེ་གཉིས་ཀྱི་བྱ་སྤྱོད་ལས་སྤྱི་པར་ནག་ཉེས་ཐེབས་འདིའི་རིགས་ལོ་རྒྱུས་ཀྱི་ཕམ་ཁ་རེད། ད་མང་པོ་བཤད་དགོས་པ་མི་འདུག མ་ཤེས་པ་མིན་པར་ཤེས་བཞིན་ལམ་ལོག་ལ་འགྲོ་ན་བྱེད་ཐབས་ཡོད་པ་མ་མཆིས་སོ།

    Reply
  2. བཀྲིས་སྟོབས་རྒྱལ། says:
    ལོ་ 9 སྔོན།

    ངས་འདིར་ཇོ་ནང་དང་འབྲེལ་ནས་ཅུང་སྤྲོས་འདོད་པ་ནི། གལ་ཏེ་ཇོ་ནང་ལྟར་ཆོས་རྒྱུད་མང་མང་ཞིག་ཡར་ཐོབ་ཐང་རྩོད་ནས་ཡར་དོན་ཡོང་ན། མ་འོངས་པ་ན་ཁ་ཆེའི་བོད་པ་དང་ཡི་ཤུའི་བོད་པ་སོགས་མི་ཚོགས་ཁ་ཤས་ཀྱིས་སྤྱི་འཐུས་འདུག་སྟེགས་དགོས་པའི་རེ་བ་སྟོན་ཡོང་ན་བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་ཁྲིམས་སྒྲིག་གཞི་ལྟར་བརྡ་ལན་ཅི་ཞིག་སྤྲད་རྒྱུ་ཡིན་ནམ།
    ངས་ལྟས་ན་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཞེས་པ་ཞིག་ཡེར་ནད་མེད་ན་ལེགས། ཆོས་པ་སྲིད་ལས་བྱེད་པ་ནི་དགོས་པ་ཆེར་མ་མཐོང། མེ་ཆུང་ཚེ་ལ་ཆུ་བླུགས་ན་ཡག་པ་ཡོད་རེད། གཞན་མ་འོངས་པ་ན་རྙོག་དྲ་ཆེན་པོ་ཞིག་ཆགས་མ་སྲིད་པ་མ་རེད།

    Reply
  3. ཤག་སྒང་པ་སངས་ཚེ་རིང་། says:
    ལོ་ 9 སྔོན།

    གོང་གི་རྩོམ་ཡིག་འདི་གནད་འཁེལ་ལེགས་པོ་ཞིག་བྲིས་འདུག་པས་ཆ་ཚང་བཀླགས་པ་ཡིན།

    ཆོས་རྒྱུད་སྤྱི་འཐུས་ཀྱི་རྐུབ་བཀྱག་མི་རྩོད་པར་བཅའ་ཁྲིམས་སུ་ཆོས་རྒྱུད་ཆེན་པོ་ལྔ་དང་བོན་ཞེས་དགོས་ཟེར་བ་ནི་ནང་འགལ་འདྲ་ཞིག་རེད། བཅའ་ཁྲིམས་སུ་འདི་ལྟར་འཁོད་དགོས་ན་དོན་དུ་ཆབ་སྲིད་ཀྱི་རྐུབ་བཀྱག་ལ་རྩོད་ཀྱི་ཡོད་པ་ཞིག་རེད། གཞུང་འབྲེལ་ཡིག་ཆ་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་ལ་ཕབ་པའི་ཁྲིམས་ཡིག་དང་བསྟུན་དགོས་སྟབས་དེ་ཡང་དབྱེ་མཚམས་ཤིག་མེད་ན་དཀའ་མོ་རེད།

    ཆོལ་གསུམ་ཆིག་བསྒྲིལ་གྱི་མཐུན་རྐྱེན་ཆོས་རྒྱུད་ཡིན་གསུངས་པ་དང་། ཡང་འདུལ་བ་འཛིན་པའི་སྡེ་ཞིག་ལ་ཆབ་སྲིད་ཀྱི་ཞབས་བཀྱག་རྩོད་དང་མི་རྩོད་དེ་ཁོངས་ནས་བལྟ་དགོས་རེད་་་་ གསུངས་པ་དེ་ཚོའི་དགོངས་དོན་ལ་དཔྱད་དགོས་པ་ཞིག་རེད་བསམས།

    Reply
    • ྗAbharu Jigwang says:
      ལོ་ 9 སྔོན།

      ༅༅། ཇོ་ནང་ཆོས་རྒྱུད་མ་རྩོད་བསྟན་པའི་གཞུང་ལ་སྦྱང་རྩོད་གནང་དགོས་པ་སྙམ་།

      Reply
  4. sonam says:
    ལོ་ 9 སྔོན།

    གལ་ཏེ་ང་ཚོས་ནང་ཁུལ་ལ་ཐོབ་ཐང་རྩོད་བྱེད་ན། བོད་གངས་ཅན་གྱི་ཐོབ་ཐང་སུ་ཡིས་རྩོད། གལ་ཏེ་ང་ཚོས་རྒྱལ་སྤྱིའི་ངོས་འཛིན་མེད་པའི་རང་རེའི་བཙན་བྱོལ་གཞུང་ལ་གཏུག་བཤེར་བྱེད་སྡོད་ན། འུ་ཚོའི་འཐབ་རྩོད་ཀྱི་སྲོག་ཤིང་དུ་གྱུར་པའི་བཙན་བྱོལ་གཞུང་ལ་དབུ་འོག་དཔུང་འདེགས་སུ་ཡིས་བྱེད།

    Reply
  5. རིགས་ཞེན། says:
    ལོ་ 9 སྔོན།

    ངེས་པར་གོང་དུ་འདེམས་ཀ་གསུམ་གྱི་དང་པོ་ད་ཡོད་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་ཞབས་བཏེགས་དེ་བཞིན་ཕྱིར་བསྡུ་གནང་དགོས་ཀྱི་འདུག ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ཁག་ཅིག་གིས་གསུང་འགྲོས་ལ་བལྟས་ན་མ་འོངས་པར་ཆོས་བརྒྱུད་ནང་ཁུལ་དང་ཡང་སྒོས་བོད་མི་སྤྱིའི་དད་པ་དམ་ཚིག་ལ་ཆེས་གནོད་སྐྱོན་ཡོང་ཉེན་འདུག ད་ལྟའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཐེ་བའི་ཆོས་ལུགས་གཞན་དང་གཞན་ལ་དད་པ་ཡོད་པའི་བོད་རིགས་ཤིག་ཡིན་ཕྱིན། བོད་ཆོལ་ཁ་གསུམ་གྱི་ནང་དུ་མ་འདུས་པ་མེད་སྙམ། དེས་ན་གོང་གསལ་བསམ་ཚུལ་དེ་བདག་འདྲ་བའི་རྨོངས་པ་ཞིག་གིས་བསམ་བློ་བཏང་ཚེ་ཆོས་བརྒྱུད་སྤྱི་འཐུས་དེ་ངེས་པར་དུ་ཕྱིར་བསྡུ་གནང་དགོས་ཀྱི་འདུག བོད་ཆོལ་ཁ་གསུམ་ཆིག་སྒྲིལ་དང་འཆམ་མཐུན་ཡོང་རྒྱུ་ནི་བོད་རིགས་རྩམ་གཟན་ཡོངས་ཀྱི་འགན་ཁུར་ཡིན་ལ། འཆམ་མཐུན་བྱུང་ན་ཆོས་ལུགས་དང་ཆོལ་ཁའི་དབྱེ་བ་མེད་པར་བོད་རིགས་ཡིན་ནོ་ཅོག་ལ་དགེ་མཚན་ཡོད་པ་ཞིག་ཡིན། དེས་ན་ངེས་པར་དུ་དགོངས་བཞེས་གནང་དགོས་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese