མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གློག་བརྙན་དྷེན་གྷལ་གྱི་འཕར་ཚད།

བོད་ཀྱི་དུས་བབ།
༢༠༡༧/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཨཱ་མིར་ཁཱང་གིས་འཁྲབ་སྟོན་བྱས་པའི་དྷེན་གྷལ་ཞེས་པའི་གློག་བརྙན་དེ་རྒྱ་གར་གྱི་གློག་བརྙན་ཁྲོམ་རའི་ནང་ནས་ཡང་རྩེར་སོན།

748607ཉིན་འདི་གར་རྒྱ་གར་ནང་སྐད་གྲགས་འགྲོ་བཞིན་པའི་གློག་བརྙན་ (DANGAL)ཞེས་པ་ ༢༠༡༦ ཟླ་ ༡༢ ཚེས་ ༢༡ ཉིན་དབུ་འབྱེད་བྱས་ཏེ། ཉིན་གྲངས་ ༢༤ ནང་ཧིན་སྒོར་ཐེར་འབུམ་ ༣ དང་ཕྱེད་ལྷག་(ཀ་རོར་ Rs 375 crore)བསགས་ཏེ། རྒྱ་གར་གྱི་གློག་བརྙན་ལོ་རྒྱུས་ནང་གི་ཚད་མཐོ་ཤོས་ཀྱི་ཟིན་ཐོ་སྐྲུན་ཡོད་འདུག

གོང་གི་དངུལ་འབོར་དེ་ཨ་སྒོར་ས་ཡ་ ༥༥ དང་། ཡུ་སྒོར་ས་ཡ་ ༥༡ ལྷག་ཆགས་ཀྱི་ཡོད་འདུག གློག་བརྙན་འགྲེམ་སྤེལ་ཁང་(Box office)གིས་བརྗོད་ན་གློག་བརྙན་འདིར་ཕར་འགྲོ་སོང་ཧིན་སྒོར་ཀོ་རོར་ ༧༠ བཏང་ཡོད་པ་དང་། ཚུར་ཡོང་འབབ་ཀོ་རོར་ ༦༩༠ ལྷག་ཡིན་པའི་ཚོད་དཔག་བྱས་འདུག

གློག་བརྙན་འདི་ནི་རྒྱ་གར་གྱི་བྷོ་ལེ་ཝོ་ཌའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཆེན་ཨཱ་མིར་ཁཱང་གིས་འཁྲབ་སྟོན་བྱས་ཤིང་། དྷེན་གྷལ་(DANGAL)ཞེས་པ་ཧིན་རྡུའི་ཚིག་ཅིག་ཡིན་པ་དང་། ནང་དོན་ཤེད་རྩལ་འགྲན་པ་ཞེས་པའི་དོན་ཡིན་འདུག འདི་ནི་ཨཱ་མིར་ཁཱང་གི་དུས་ཐུང་ནང་དངུལ་སྒོར་ཀ་རོར་བརྒྱ་ལས་བརྒལ་བའི་གློག་བརྙན་ལྔ་པ་དེ་ཆགས་ཡོད་འདུག

ཁོང་གི་གློག་བརྙན་(Ghajini)དང་(3 Idiot)། (Dhoom 3)། (PK)སོགས་ཀྱང་དངུལ་སྒོར་ཀ་རོར་ལ་བུད་ཡོད་པ་རྐྱང་ཡིན་པ་དང་། ཨཱ་མིར་ཁཱང་ནི་རྒྱ་གར་གྱི་བྷོ་ལེ་ཝོ་ཌི་(bollywood)ཡི་སྐར་ཆེན་གྲས་ཀྱི་མི་མང་གིས་དགའ་བསུ་ཆེ་ཤོས་ཐོབ་པའི་འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ་ཞིག་ཆགས་ཡོད་པ་རེད།

ཁོང་གི་གློག་བརྙན་མང་ཆེ་བ་ཞིག་དངོས་ཡོད་སྤྱི་ཚོགས་འཚོ་བ་གཞི་རྩར་བཟུང་སྟེ། སྤྱི་ཚོགས་ནང་གི་གནས་ཚུལ་དང་སྣང་ཚུལ་མི་ལེགས་པ་མང་པོར་སུན་འབྱིན་དང་། ལྷག་པར་དུ་རྒྱ་གར་ནང་གི་ཆོས་ལུགས་རྨོངས་དད་དང་རིགས་རུས་དབྱེ་འབྱེད། སློབ་གསོ་ནོར་འཁྲུལ་ཅན་སོགས་ལ་དག་ཐེར་བྱས་ཡོད་སྟབས། མཚམས་རེར་ཁོང་གི་གློག་བརྙན་དེ་དག་སྤྱི་ཚོགས་ནང་བཀྲམས་རྗེས་རྙོག་དྲ་ཡོང་གི་ཡོད་པ་མ་ཟད། ཁོང་ལའང་ཁ་རྡུང་དང་འཇིགས་སྐུལ་གཏོང་མཁན་མང་པོ་འབྱུང་བཞིན་ཡོད་པ་རེད།

ཐེངས་འདིའི་གློག་བརྙན་དེའང་སྤྱི་ཚོགས་ནང་གི་དངོས་ཡོད་གནས་ཚུལ་ཞིག་བརྗོད་གཞིར་བཟུང་སྟེ་འཁྲབ་ཡོད་པ་དང་། དེ་ནི་ཧར་ཡཱ་ནཱ་མངའ་སྡེའི་རྩལ་འགྲན་པ་མཱ་ཧཱ་ཝར་སཱ་ཧྥོ་གྷ་ཊི་(Mahavir Singh Phogat)ལགས་ཀྱིས་གྲོང་སྡེའི་ནང་གི་ལས་ཀ་ཆུང་ཆུང་དེ་གཡུག་ནས་ཆུ་ཚོད་ཚང་མ་རང་གི་བུ་མོ་བཞི་ཡི་ཤེད་རྩལ་སྦྱོང་བརྡར་ཐོག་བཏང་སྟེ། ༢༠༡༠ ལོའི་རྒྱ་གར་ནང་རྩེད་པའི་རྒྱལ་སྤྱིའི་རྩེད་འགྲན་(Commonwealth Games)ཞེས་པའི་སྟེང་། ཁོང་གི་བུ་མོ་ཆེ་བ་གྷེ་ཊཱ་ཧྥོ་གྷཱ་ཊི་(Geeta Phogat)ཡིས་རྒྱ་གར་གྱི་ཆེས་ཐོག་མའི་གསེར་གྱི་གཟེངས་རྟགས་བླངས་ཡོད་པ་མ་ཟད། ད་དུང་ཁོ་མོ་ ༢༠༡༦ ལོའི་དབྱར་ཁའི་ཨོ་ལིམ་ཕིག་རྩེད་འགྲན་སྐབས་རྒྱ་གར་གྱི་ཆེས་ཐོག་མའི་བུད་མེད་ཤེད་རྩལ་འགྲན་ཞུགས་པ་ཆགས་ཡོད།

mahavir-phogat-real-life-pictures

ཁོང་གི་བུ་མོ་གཉིས་པ་(Babita Kumari)ལགས་ཀྱང་ ༢༠༡༦ ལོའི་རྒྱ་གར་གྱི་རྩེད་འགྲན་(Commonwealth Games)ཞེས་པའི་ཤེད་རྩལ་འགྲན་བསྡུར་ནང་ཞུགས་ཏེ་གཟེངས་རྟགས་བླངས་ཡོད་པ་དང་། བུ་མོ་གསུམ་པ་(Ritu Phogat)ལགས་ཀྱིས་ཀྱང་རྩེད་འགྲན་དེའི་ནང་གསེར་གྱི་གཟེངས་རྟགས་བླངས་ཡོད་པ་རེད། ཁོང་ཅག་ནི་རྒྱ་གར་གྱི་ཆེས་ཐོག་མའི་ཤེད་རྩལ་འགྲན་བསྡུར་གྱི་ལོ་རྒྱུས་བཟོ་མཁན་གྱི་ནང་མི་དེ་ཡིན་འདུག

བྷེ་བྷེ་སི་དྲ་བའི་དཔྱད་བརྗོད་ནང་། འདས་པའི་ལོ་ལྔའི་ནང་བྷོ་ལེ་ཝོ་ཌི་གློག་བརྙན་འཁྲབ་སྟོན་པ་ཚོས་རྒྱ་གར་གྱི་ལུས་རྩལ་རྩེད་འགྲན་པ་ཚོས་སྐོར་ནས་གློག་བརྙན་མང་པོ་བཟོས་ཡོད་ཀྱང་། དྷེན་གྷལ་ལྟ་བུའི་ལེགས་འགྲུབ་བྱུང་བ་ཞིག་གཞན་སུ་གང་ལའང་བྱུང་མེད་ཅེས་འཁོད་འདུག

གློག་བརྙན་འདིའི་རྟོག་བཟོ་ལྟ་བུའི་ཁྱད་པར་ཅན་གྱི་འཆར་ངོས་བརྗེ་བསྒྱུར་དེ་བྷོ་ལེ་ཝོ་ཌིའི་གློག་བརྙན་གཞན་དག་དང་གཅིག་མཚུངས་ཀྱིས་བརྒྱན་ཡོད་པ་དང་། གཏིང་ཟབ་པའི་ནང་མིའི་མཛའ་བརྩེ་དང་དཀའ་སྤྱད་འབད་བརྩོན། ཁྲག་དང་དངུལ་ཆུའི་འགྲོ་གྲོན་ལ་བརྟེན་ཏེ་རྒྱ་གར་དང་རྒྱལ་སྤྱིའི་ཐོག་ནས་རྒྱལ་ཁའི་རྟགས་མ་བླངས་པ་དེ་ཡིས་ལྟད་མོ་བ་ཚོར་ཡིད་འགུལ་ཆེན་པོ་ཐེབས་ཡོད་པ་མ་ཟད། ཨ་མིར་ཁཱང་གི་འཁྲབ་སྟོན་གྱི་ཚད་གཞི་ཆེས་མཐོ་ཤོས་དེ་ཟིན་ཡོད་པ་རེད།

TibetTimes1
གློག་བརྙན་དྷེན་གྷལ་ནང་གི་བརྗོད་བྱའི་མི་སྣ་གཙོ་བོ་སྐུ་ཞབས་ནཱལ་སཱོན་གྷབ་ཊཱ་ལགས་ཀྱི་བུ་མོ་ཆེ་བ་གསུམ་ལས་ཆེ་བ་(Geeta Phogat)ད་ལྟ་རང་ལོ་ ༢༨ དང་། བུ་མོ་འབྲིང་བ་(Babita Kumari)ད་ལྟ་རང་ལོ་ ༢༧ ཡིན། བུ་མོ་ཆུང་བ་(Ritu Phogat) ད་ལྟ་རང་ལོ་ ༢༢ བཅས་ཡིན་འདུག

རྒྱ་གར་ལ་མཚོན་ན། ཤེད་འགྲན་ལུས་རྩལ་དེ་དར་སོ་ཆེན་པོ་ཡིན་པ་དང་། རྒྱ་གར་གྱི་ལྷ་རྣམས་ཀྱིས་ཀྱང་རང་གི་དགྲ་བོ་ལས་ཤེད་རྩལ་འགྲན་ཏེ་རྒྱལ་ཁ་བླངས་པ་མང་པོ་ཡོད་པ་དང་། ལྷ་ཁྱབ་འཇུག་ལ་མཚོན་ན་རང་གི་དགྲ་བོ་བདུད་རྒྱལ་ཀམ་སཱ་དེ་ཤེད་འགྲན་སྟེགས་བུའི་སྟེང་ནས་ཕམ་པར་བརྒྱབ་པ་དང་། རྒྱལ་པོ་རཱ་མཱ་ཎིའི་སྤྲེའི་ཧཱ་ཎི་མན་ཋིའི་ཤེད་རྩལ་འགྲན་ཏེ་རྒྱལ་ཁ་བླངས་པའི་ལྕགས་དབྱུག་དེ་རྒྱ་གར་བྱང་ཕྱོགས་སོགས་སུ་དར་ཁྱབ་ཆེན་པོ་ཡོད།

རྒྱ་གར་ནང་ཤེད་རྩལ་དེ་སྐྱེས་པ་ཁོ་ནའི་རྩེད་མོ་ཞིག་ཏུ་ངོས་འཛིན་བྱེད་པ་དང་། རྒྱ་གར་བྱང་ཕྱོགས་སུ་ཤེད་རྩལ་སློབ་གྲྭ་མང་པོ་ཡོད་ཀྱང་། དེ་དག་ནང་སྐྱེས་པའི་སློབ་ཕྲུག་ལས། བུད་མེད་སློབ་འཇུག་བྱེད་པའི་ལུགས་སྲོལ་མེད། དེ་དག་གི་ལྟ་གྲུབ་དང་གཞུང་ལུགས་ཡོངས་རྫོགས་སྐྱེས་པ་གཞི་རྩར་བཟུང་ཡོད་པ་ལས་བུད་མེད་ལ་ཁ་ཕྱོགས་བཟུང་མེད།

དྷེན་གྷལ་འཁྲབ་གཞུང་རྩོམ་པ་པོ་རོ་ཌིར་ནཱལ་སཱོན་གྷབ་ཊཱ་(Rudraneil sengupta)ལགས་ཀྱིས་བརྗོད་ན། “ གློག་བརྙན་འདི་བརྒྱུད་དེ་སྤྱི་ཚོགས་ནང་གི་སྲོལ་རྒྱུན་ངན་པ་དེ་ལ་གཏིང་ཟབ་ས་ནས་འགྱུར་བཅོས་གཏོང་ཐུབ་པ་རེད་བསམ་ཡོད།” ཁོང་གིས་ད་དུང་། “ ངའི་རེ་བ་ཞིག་ལ་གློག་བརྙན་འདིས་ཕ་མ་མང་པོར་སེམས་ཤུགས་སྤར་ཏེ། ཁོང་ཚོའི་བུ་མོ་རྣམས་ལུས་རྩལ་ལས་ཀར་ཞུགས་རྒྱུའི་གོ་སྐབས་སྤྲོད་པའི་རེ་བ་ཡོད།” ཅེས་བརྗོད་འདུག

Dangal-Geeta-Phogat-babita-kumari-with-Mahavir-Singh-Phogat

གློག་བརྙན་འདིར་ ༢༠༡༦ ལོའི་རྒྱ་གར་གྱི་གློག་བརྙན་འགྲན་ཞུགས་བྱ་དགའི་ཁྲོད་ནས་འཁྲབ་ཁྲིད་པ་ཡག་ཤོས་དང་འཁྲབ་སྟོན་པ་ཡག་ཤོས་སོགས་བྱ་དགའ་རིམ་པ་གསུམ་ཐོབ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༡༩ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༢༠ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese