བལ་ཡུལ་གཞུང་གི་དམ་དྲག་འོག བོད་མིའི་དོན་གཅོད་ཁང་ནས་ས་གནས་བོད་མི་ཚོས་འདི་ལོའི་གསུམ་བཅུའི་དུས་དྲན་སྲུང་གཙི་མི་བྱེད་པའི་འབོད་སྐུལ་ཞུས་འདུག
ཁ་སང་ཕྱི་ཚེས་ ༧ ཉིན་བལ་ཡུལ་བོད་མིའི་དོན་གཅོད་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། བལ་ཡུལ་ནང་སྲིད་དང་རྫོང་ལས་ཁུངས་གཉིས་ནས་འདི་ལོའི་བོད་མིའི་གསུམ་བཅུའི་དུས་དྲན་སྲུང་གཙི་བྱེད་པར་ཆོག་མཆན་སྤྲད་མེད་སྟབས། ས་གནས་བོད་མི་ཚོས་གནས་ཡུལ་གཞུང་གི་ཁྲིམས་སྒྲིག་དང་འགལ་བའི་མི་མང་འདུ་འཛོམས་དང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་རིགས་རྩ་བ་ནས་མི་སྤེལ་བའི་འབོད་སྐུལ་ཞུས་འདུག
བ་ཡུལ་གཞུང་དང་རྒྱ་ནག་གི་དཔལ་འབྱོར་འཛུགས་སྐྲུན་ལ་བརྟེན་ཡོད་སྟབས། བ་ཡུལ་གཞུང་ཕྱོགས་ནས་ནམ་རྒྱུན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དང་། ལྷག་པར་དུ་གསུམ་བཅུའི་དུས་དྲན་གྱིས་མཚོན་པའི་བོད་དོན་བྱེད་སྒོ་རིགས་ལ་དམ་དྲག་བྱས་ཏེ། བོད་མི་ལས་འགུལ་བ་ཚོར་གང་བྱུང་འཛིན་བཟུང་དང་གཅར་རྡུང་གཏོང་གི་ཡོད་པ་རེད།
གསར་འགོད་པ། པདྨ་རྒྱལ།