ད་ལྟ་ངོ་དེབ་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་ ༢༠༡༧ ཟླ་ ༣ ཚེས་ ༡༨ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༤ ཡས་མས་ལ། ཁམས་ཉག་རོང་མཚོ་ཁ་དགོན་པའི་ལྷ་སྡེར་གཏོགས་པ་ཕྱ་ཡུལ་གྲོང་པའི་ཕ་དབང་རྒྱལ་དང་མ་ཡུལ་ལྷ་གཉིས་ཀྱི་བུ་རང་ལོ་ ༢༤ ཡིན་པ་པདྨ་རྒྱལ་མཚན་ནམ། བསྡུས་མིང་ལ་(པད་རྒྱལ)ཞུ་བས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་གནང་ཡོད་འདུག
ས་གནས་གང་དུ་མེར་བསྲེགས་གནང་བ་དང་། ཁོའི་རེ་འདུན་དང་འབོད་ཚིག་ག་རེ་ཡིན་པ། དེའི་རྗེས་ཀྱི་གནས་སྟངས་ཅི་ཆགས་སོགས་ཁ་གསལ་མི་འདུག
རིམ་པ་གཉིསཔ། རྒྱལ་གཅེས་དཔའ་བོ་པདྨ་རྒྱལ་མཚན་གྱིས་ཁ་སང་ཕྱི་དྲོར་མཚོ་ཁ་དགོན་པའི་ཉེ་འགྲམ་དུ་རང་ལུས་མེར་བསྲེགས་གནང་ཡོད་ཅིང་། དེ་མ་ཐག་རྒྱ་ནག་གཞུང་གི་ཉེན་རྟོག་པ་ཡོང་སྟེ་བཙན་ཁྲིད་བྱས་ཡོད་པ་དང་། དེའི་རྗེས་ཀྱི་གནས་སྟངས་ད་དུང་ཤེས་རྟོགས་ཐུབ་མི་འདུག