མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲེམས་སྟོན་ལ་མི་རིགས་རང་གི་ཁྱད་ཆོས་ལྡན་དགོས་པ་གལ་ཆེན་རེད།

བོད་ཀྱི་དུས་བབ།
༢༠༡༨/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་གཙིའི་ཐོག་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ལས་དོན་གང་ཞིག་བྱས་ཀྱང་རྒྱལ་སྤྱིས་ཅིག་བྱེད་ཀྱི་འདུག་ང་ཚོས་བྱེད་ཀྱི་ཡིན་ལྟ་བུའི་ལད་ཟློས་མ་བྱེད་ཅེས་གསུངས་སོང་།

དེ་རིང་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༡ པ་དང་བསྟུན་སྔ་དྲོའི་ཆུ་ཚོད་༡༠ སྟེང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག དྷ་ས་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ། ཉིན་གཉིས་རིང་ཚད་མཐོའི་འབྲེལ་ལམ་གྱི་འགྲེམས་སྟོན་ཁང་དང་ལངས་ཕྱོགས་དང་མི་རབས་གསར་པ་བརྗོད་གཞིར་བཟུང་བའི་འགྲེམས་སྟོན་ཞིག་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་སྲིད་ཚབ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་ཟླ་སྒྲོན་ལགས་གཉིས་ཀྱི་དབུས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་སློབ་གྲྭ་ཁག་ཅིག་བཅས་ཁྱོན་མི་གྲངས་༥༠ ལྷག་ཅིག་འཛོམས་འདུག

མཛད་སྒོའི་ཐོག་མར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་ལས་ཚབ་རིན་ཆེན་རྡོ་རྗེ་ལགས་ཀྱིས། རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་དེ་རྒྱལ་སྤྱིའི་འགྲེམས་སྟོན་མཐུན་ཚོགས་ནས་ཕྱི་ལོ་༡༩༧༧ ལོ་ནས་སྲུང་གཙི་གནང་ཡོད་པ་དང་། རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་༤༡ པ་འཛམ་གླིང་ཡོངས་སུ་འགྲེམས་སྟོན་ཁང་ཁག་ ༣༦༠ ལྷག་དང་རྒྱལ་ཁབ་༥༧ ལྷག་གི་ནང་སྲུང་གཙི་ཞུ་བཞིན་ཡོད་པ་དང་། བོད་ཀྱི་འགྲེམས་སྟོན་ཚན་པས་ལོ་ལྟར་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་གཙི་ཞུ་བཞིན་ཡོད་པ་རེད་ལ། འགྲེམས་སྟོན་གྱི་ཉིན་མོ་སྲུང་གཙི་ཞུ་དགོས་དོན་ནི་འགྲེམས་སྟོན་གྱི་གལ་ཆེའི་རང་བཞིན་དང་། ཉིན་དེར་རྒྱལ་སྤྱིའི་འགྲེམས་སྟོན་མཐུན་ཚོགས་ནས་གཏན་འབེབས་གནང་བའི་བརྗོད་གཞི་ཚད་མཐོའི་འབྲེལ་ལམ་གྱི་འགྲེམས་སྟོན་ཁང་དང་ལངས་ཕྱོགས་དང་མི་རབས་གསར་པ་ཞེས་པའི་ཐོག་མང་ཚོགས་མཉམ་ཞུགས་དང་ལས་འགུལ་སྣ་མང་ཞིག་གོ་སྒྲིག་ཞུ་བཞིན་ཡོད་པ་ལྟར། བོད་ཀྱི་འགྲེམས་སྟོན་ཚན་པས་ཉིན་མོ་འདི་དང་བསྟུན་ནས་བཞུགས་སྒར་དྷ་ས་ཁུལ་གྱི་མང་ཚོགས་ལ་ལས་འགུལ་དང་འབྲེལ་བའི་ངོ་སྤྲོད་དང་གོ་རྟོག་སྤེལ་གྱི་ཡོད་པ་རེད། ཅེས་བརྗོད་སོང་

མཇུག་ཏུ་ཆོས་རིག་བཀའ་བློན་སྲིད་ཚབ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་གསུང་བཤད་གནང་དོན། རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཟེར་བ་དེར་དུས་ཚོད་ངེས་ཅན་ཞིག་གཏན་འཁེལ་བྱས་ཏེ། ལོ་རྟག་པར་སྲུང་གཙི་བྱེད་བཞིན་པ་དེར་དགོས་པ་རྒྱུ་མཚན་ཁྱད་པར་ཅན་ངེས་ཅན་ཞིག་ཡོད་པ་རེད། མཚམས་མཚམས་ང་ཚོས་དགོས་པ་རྒྱུ་མཚན་ཁྱད་པར་ཅན་དེ་དག་དུས་ཚོད་ཡུན་རིང་སོང་བའི་རྗེས། སྔོན་མ་ཡོད་པའི་དགོས་པ་རྒྱུ་མཚན་ཕར་ལ་བཞག་ནས་དེ་མ་ཡིན་པའི་གནད་དོན་གཞན་ཞིག་གི་སྒང་ལ་འགྲོ་བཞིན་འདུག དེ་ང་ཚོ་གཅིག་པུ་ཙམ་མ་ཡིན་པར་མིའི་སྤྱི་ཚོགས་ཀྱི་གཤིས་ཀ་དང་ཞན་ཆ་མ་རེད། གང་ལྟར་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཞེས་པ་དེ་དམག་ཆེན་དང་པོ་དང་གཉིས་པ་གཉིས་བརྒྱབ་པ་ནས་འགྲོ་བ་མི་ཚང་མ་གང་ས་ཅི་ཐད་ནས་གཅིག་མཚུངས་ཡིན་པ་དང་། མི་རིགས་ཚང་མ་ལ་རིན་ཐང་ཅན་གྱི་གནས་ཚུལ་མང་པོ་ཡོད་པ་དང་ཕན་ཚུན་གཅིག་གིས་གཅིག་ལ་མཉམ་འབྲེལ་དང་མཉམ་རོལ་སོགས་དང་། དེ་བཞིན་ཕན་ཚུན་ལ་གནས་ཚུལ་བརྒྱུད་སྤེལ་དང་གོ་རྟོགས་སྤེལ་རེས་བྱེད་པ་ལ་འགྲེམས་སྟོན་ཁང་དེ་བརྒྱུད་ལམ་ཡག་ཤོས་ཤིག་ཡིན་པའི་ཆ་ནས་སྲུང་གཙི་བྱེད་བཞིན་ཡོད་པ་རེད། ཅེས་གསུངས་སོང་།

ཡང་འགྲེམས་སྟོན་བྱེད་པའི་སྐབས་སུ་མི་རིགས་རང་གི་ཁྱད་ཆོས་དང་དྲང་བཤད་གནང་དགོས་པའི་སྐོར་ལ་ཁོང་གིས། འཛམ་གླིང་འདིར་མི་རིགས་མང་པོ་ཡོད་པ་རེད་ལ། ང་རང་ཚོར་མཚོན་ན་ཡང་མི་རིགས་ཤིག་ཆགས་བསྡད་ཡོད་དུས། འགྲེམས་སྟོན་སྐབས་མི་རིགས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ལོ་རྒྱུས། དེ་བཞིན་རིག་གཞུང་དང་སྒྱུ་རྩལ་རིག་གནས་སོགས་མང་པོ་ཡོད་པ་དེ་དག་གི་སྐོར་ལ་འགྲེམས་སྟོན་གནང་རྒྱུ་གལ་ཆེན་རེད། ད་ལྟའི་ཆར་ང་ཚོའི་རིག་གནས་དེ་དག་དཀའ་ངལ་ཆེན་པོ་ཞིག་གི་འོག་ཏུ་ལྷུང་བསྡད་ཡོད་པ་རེད་ལ། མ་གཞི་དཀའ་ངལ་མེད་པའི་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་དང་མི་རིགས་ལ་མཚོན་ནའང་དེ་དག་གནང་དགོས་ཀྱི་ཡོད་པ་རེད། ང་ཚོ་རྒྱལ་ཁབ་གཞན་དང་མི་འདྲ་བར་ཤི་དང་གསོན་གྱི་གནས་སྟངས་ལ་ཐུག་བསྡད་ཡོད་དུས། ང་ཚོས་ཆེ་ཆུང་ལ་མ་ལྟོས་པའི་འགྲེམས་སྟོན་གྱི་བརྒྱུད་ལམ་དེ་བེད་སྤྱད་ནས་འཛམ་གླིང་ཡོངས་ལ་ང་ཚོའི་མི་རིགས་དང་རིག་གཞུང་ལོ་རྒྱུས། མདོར་ན་ཆབ་སྲིད་རྩ་དོན་སོགས་འདི་བརྒྱུད་ནས་ཁྱབ་སྤེལ་གཏོང་དགོས་པ་དེ་ཧ་ཅང་གལ་ཆེན་ཆགས་བསྡད་ཡོད་པ་རེད། ཅེས་གསུངས་སོང་།

གཞན་ཡང་། ལས་དོན་བྱེད་པའི་སྐབས་སུ་དོན་དང་ལྡན་པ་བྱེད་དགོས་པ་དང་གཞན་གྱི་ལད་ཟློས་ཁོ་ན་བྱེད་རྒྱུ་མེད་པའི་སྐོར་ལ་ཁོང་གིས། འགྲེམས་སྟོན་གྱི་ཉིན་མོ་འདི་རྒྱལ་སྤྱིས་གཅིག་བྱེད་ཀྱི་འདུག་པས་ང་ཚོས་ཀྱང་བྱེད་ཀྱི་ཡིན་ཟེར་བ་འདྲ་བོ་མ་ཡིན་པར། རྒྱལ་སྤྱིས་གང་བྱས་པའི་ཐོག་མའི་རྒྱབ་ལྗོངས་དང་དམིགས་ཡུལ་ག་རེ་རེད་འདུག དེ་ད་ལྟ་ཁོ་རང་ཚོས་བརྩི་སྲུང་མ་བྱས་ན་ཡང་ང་ཚོར་ཇུས་གཏོགས་མི་འདུག ང་རང་ཚོས་དེའི་རྒྱུ་མཚན་དེ་བཙལ་ནས་དེ་ང་རང་ཚོ་དང་འབྲེལ་བ་ཡོད་པ་དང་ཕན་ཐོགས་ཡོད་པ་ཞིག་ཡིན་ན་བྱེད་དགོས་པ་ལས། འབྲེལ་བ་དེ་ཙམ་མེད་པ་དང་ཕན་ཐོགས་དེ་ཙམ་མེད་པ་ཞིག་ཡིན་ན་ཕར་བཞག་ནས་སྲུང་གཙི་མ་བྱས་ན་འགྲིག་གི་རེད། ལས་དོན་གང་བྱས་དེ་དོན་སྙིང་ལྡན་པ་བྱེད་དགོས་རེད། གཞན་ཚོས་རྒྱས་སྤྲོས་དང་དགའ་དགའ་སྤྲོ་སྤྲོ་ཟེར་བ་དེ། ང་ཚོ་དྲང་པོར་བཤད་ན་སྐྱབས་བཅོལ་བ་ཡིན་དུས། དེ་འདྲ་བྱེད་རྒྱུའི་གནས་བབ་ཡོད་མ་རེད་ལ་སྣང་བ་འདྲ་དག་ནས་ང་ཚོ་ལོ་༦༠ འཁོར་འགྲོ་ཡི་ཡོད་རེད། གང་ས་ཅི་ཐད་ནས་གཞན་དག་ཚོའི་ལད་ཟློས་འདྲ་བྱེད་མ་ཚར་ནས་བསྡད་ན་སོ་སོའི་གནས་སྟངས་དེ་ཕར་ཙམ་ལ་ལྷག་པའི་ཉེན་ཁ་ཡོད་པ་རེད། དེ་འདྲའི་ཐོག་ལ་ལས་དོན་བྱེད་པའི་སྐབས་སྙིང་པོ་ལྡན་པ་དང་། དོན་དང་ལྡན་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནི་ཕྱི་ལོ་ ༡༩༩༨ ནས་མགོ་འཛུགས་གནང་ཡོད་པ་དང་། ད་ལྟའི་ཆར་འགྲེམས་སྟོན་ཁང་དེར་འགྲེམས་སྟོན་ཚན་པ་ཁག་གསུམ་ཡོད་པ་ལས། གཏན་འཇགས་འགྲེམས་སྟོན་ཁང་གིས་ཕ་ཡུལ་ལ་རྒྱང་ལྟ་བྱེད་པ་ཞེས་པའི་ཐོག་འགྲེམས་སྟོན་གནང་གི་ཡོད་དང་། སྐོར་སྐྱོད་ཀྱི་འགྲེམས་སྟོན་ཞེས་པས་དུས་དང་བསྟུན་རྒྱལ་སྤྱིའི་ལས་འགུལ་འདྲ་མིན་ནང་བརྗོད་གཞི་འདྲ་མིན་ཐོག་བོད་དོན་དང་འབྲེལ་བའི་འགྲེམས་སྟོན་ལས་འགུལ་སྤེལ་གྱི་ཡོད་འདུག བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཚན་པའི་ནང་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་པར་རིས་ཁྲི་༤ ལས་མང་བ་བསགས་ཉར་བྱས་ཡོད་འདུག གཞན་འགྲེམས་སྟོན་ཚན་པས་བོད་དོན་དང་འབྲེལ་བའི་གློག་བརྙན་ཉིན་རེར་ཐེངས་གཉིས་རེ་སྟོན་གྱི་ཡོད་པ་དང་། ཆེད་ལས་མི་སྣ་གདན་ཞུ་བྱས་ཏེ་བོད་དོན་དང་འབྲེལ་བའི་གནད་དོན་ཐོག་ཟླ་རེར་གཏམ་བཤད་ཐེངས་གཉིས་རེ་གོ་སྒྲིག་ཞུ་བཞིན་ཡོད་འདུག་ལ།

ཐེངས་འདིའི་ཕྱི་དྲིལ་ཚན་པའི་ཉིན་གཉིས་རིང་གི་འགྲེམས་སྟོན་ལས་འགུལ་སྐབས་ཀྱི་ཉིན་དང་པོ་རྒྱལ་སྤྱིའི་འགྲེམས་སྟོན་མཐུན་ཚོགས་ནས་གཏན་འབེབ་གནང་བའི་ཚད་མཐོའི་འབྲེལ་ལམ་གྱི་འགྲེམས་སྟོན་ཁང་དང་ལངས་ཕྱོགས་དང་མི་རབས་གསར་པ་ཞེས་པའི་ཐོག་འགྲེམས་སྟོན་གནང་གི་ཡོད་པ་དང་། སང་ཉིན་སམ་བྷོ་ཊ་མེས་དབོན་དཔེ་སྟོན་སློབ་གྲྭའི་འཛིན་གྲྭ་བདུན་པ་དང་བརྒྱད་པའི་སློབ་མ་ཚོར་དྷ་ས་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་འགྲེམས་སྟོན་ཁང་དག་ལ་ཤེས་ཡོན་དང་འབྲེལ་བའི་སྐོར་སྐྱོད་གོ་སྒྲིག་གནང་གི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༥ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༥ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese