མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་འགོག་རྒོལ་གྱི་ལོ་ངོ་ ༦༠ ཐམ་པ་ཞེས་པའི་པར་རིས་འགྲེམས་སྟོན།

བོད་ཀྱི་དུས་བབ།
༢༠༡༩/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་དྲིལ་པར་རིས་འགྲེམས་སྟོན་གྱི་མཛད་སྒོའི་སྟེང་དཔལ་འབྱོར་བཀའ་བློན་མཆོག་གིས་བོད་ནང་གི་བོད་མི་ཚོས་རྩོམ་ཞིག་བྲིས་པའམ་གླུ་གཞས་ཤིག་བླངས་རུང་ཆིག་སྒྲིལ་དང་རྒྱལ་ཞེན་སྐོར་ཡིན་པས་བཙན་བྱོལ་བོད་མི་ཚོས་ཁོ་ཚོར་མིག་དཔེ་བལྟས་ནས་མི་ལོ་ ༦༠ སྲུང་གཙི་དང་བོད་ནང་ཕྱིར་ལོག་པའི་རེ་བ་རྒྱག་དགོས་སྐོར་གསུངས་སོང་། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག བཞུགས་སྒར་དྷ་སའི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག བོད་མིའི་འགོག་རྒོལ་གྱི་ལོ་ངོ་ ༦༠ ཐམ་པ་ཞེས་པའི་བརྗོད་གཞིའི་ཐོག་དུས་ཐུང་པར་རིས་འགྲེམས་སྟོན་ཞིག་བྱས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་པར་རིས་འགྲེམས་སྟོན་དབུ་འབྱེད་དང་སྦྲགས། ཚོགས་བཅར་བ་ཡོངས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་ལ་མྱ་ངན་གུས་འདུད་སྐར་མ་གཅིག་རིང་གནང་སོང་།

མཛད་སྒོའི་ཐོག་མར་འགྲེམས་སྟོན་འགན་འཛིན་བཀྲིས་ཕུན་ཚོགས་ལགས་ཀྱིས་པར་རིས་འགྲེམས་སྟོན་ཞུ་དགོས་པའི་རྒྱུ་མཚན་སྐོར་ལ། ཕྱི་ལོ་ ༡༩༥༩ ལོ་ཟླ་ ༣ ཚེས་ ༡༠ ཉིན། རྒྱ་ནག་དམར་པོའི་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་ལ་བོད་མིས་འགོག་རྒོལ་གཞི་རྒྱ་ཆེ་བ་ཞིག་གནང་ཡོད་པ་རེད། དུས་དེ་ནས་བཟུང་ཟླ་ ༣ ཚེས་ ༡༠ དེ་བོད་མིའི་རང་དབང་སྒེར་ལངས་དང་གསུམ་བཅུའི་དུས་དྲན་ཞེས་ངོས་འཛིན་དང་སྲུང་གཙི་བྱེད་ཀྱི་ཡོད་པ་རེད། དེ་བཞིན་འདི་ལོའི་གསུམ་བཅུའི་དུས་དྲན་ནི་ལོ་ངོ་ ༦༠ ཧྲིལ་བོ་འཁོར་གྱི་ཡོད་སྟབས། འདས་པའི་ལོ་ངོ་ ༦༠ རིང་བོད་ཀྱི་དཔའ་བོ་དཔའ་མོ་རྣམ་གྱི་ལུས་སྲོག་ཕན་ཆད་བློས་བཏང་གནང་བར་རྗེས་དྲན་དང་དྲན་གསོ་ཞུས་པར་དམིགས་ནས་ཐེངས་འདིའི་པར་རིས་འགྲེམས་སྟོན་ཞུ་ཡི་ཡོད། ཅེས་བརྗོད་སོང་།

དེའི་རྗེས་ཕྱི་དྲིལ་དྲུང་ཆེ་དག་པོ་བསོད་ནམ་ནོར་བུ་ལགས་ནས་ལོ་འདི་གལ་ཆེན་ཡིན་སྐོར་ལ། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་ལོ་ངོ་ ༧༠ ཧྲིལ་པོ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་མི་ཡོངས་ནས་རྒྱ་ནག་གཞུང་གི་དྲག་གནོན་ལ་ཞི་བའི་ངོ་རྒོལ་གནང་ནས་ལོ་ངོ་ ༦༠ ཧྲིལ་པོ། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བོད་མི་ཡོངས་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ནས་ལོ་ངོ་ ༡༡ འཁོར་གྱི་ཡོད་པས་ལོ་འདི་གལ་ཆེན་ཆགས་ཡོད་པ་མ་ཟད། དུས་སྐབས་འདི་དག་ལ་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ལོག་པ་བྱེད་མུས་ཡིན་པས་ང་ཚོས་དངོས་ཡོད་ཀྱི་གནས་སྟངས་དེ་པར་རིས་འགྲེམས་སྟོན་དང་ལོ་རྒྱུས་ཀྱི་ངོས། དེ་བཞིན་སྐབས་དེ་དག་ཏུ་ཡུལ་དངོས་སུ་ཡོད་པའི་མིས་དཔང་པོ་བྱས་ནས་མཐོང་ཐོས་མྱོང་གསུམ་འགྲེལ་བརྗོད་བྱ་རྒྱུ་གལ་ཆེན་རེད། ཅེས་བརྗོད་སོང་།

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༦ ཉིན། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་དང་བསྟུན། བོད་རང་སྐྱོང་ལྗོངས་དྲུང་ཆེ་ཝུ་ཡེན་ཅེ་ (Wu Yingjie) ཟེར་བ་དེས། བོད་མི་ཚོའི་ནང་༧གོང་ས་མཆོག་ལ་དད་གུས་ཞུ་མཁན་མེད་པར་དམར་ཤོག་ཚོགས་པར་དགའ་མོས་བྱེད་བཞིན་ཡོད་ཚུལ་སོགས་བརྗོད་ཡོད་པའི་སྐོར་ལ་ཕྱི་དྲིལ་དྲུང་ཆེ་ལགས་ནས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་དེ་ཚོར་རྒྱ་གཞུང་གིས་ཁ་བྲལ་གྱི་བྱ་བ་རེད་ཟེར་པ་སོགས། ༧རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མིར་ཕན་ཐོགས་སྣེ་གཅིག་ཀྱང་བྱས་མེད་སྐོར་བཤད་ཀྱི་ཡོད་པ་རེད། ཕན་ཐོགས་བྱས་དང་མ་བྱས་དེ་༧རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་ནག་ནང་ཕེབས་ཏེ་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་རྒྱུ་གསུང་གི་ཡོད་པ་དེར་རྒྱ་གཞུང་གིས་ཆོག་མཆན་གནང་ཚེ། བོད་མི་མང་གི་སེམས་ནང་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་པ་དང་ཡིད་ཆེས་ག་ཚོད་ཡོད་པ། དེ་བཞིན་༧རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མི་མང་ལ་ཕན་ཐོགས་ག་ཚོད་ཡོད་མེད་དེ་ཤེས་ངེས་རེད། དེ་ལས་གལ་ཆེ་བ་ཞིག་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་བོད་པའི་མགོ་འཁྲིད་ཡིན་ཟེར་བ་དེ་ཚོས་མཚན་སྨད་ཞུས་སྟབས་གོ་གནས་འཕར་གྱི་ཡོད་པ་རེད། ང་ཚོ་བོད་མི་ས་ཡ་དྲུག་ལ་༧རྒྱལ་བ་རིན་པོ་ཆེ་བཀའ་དྲིན་ཆེ་བ་སྨོས་མེད་རེད་ལ། རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་ཞུ་མཁན་གྱི་བོད་རིགས་དང་རྒྱ་རིགས་དེ་ཚོའང་མཚན་སྨད་ཞུས་ཏེ་གོ་གནས་འཕར་ཀྱི་ཡོད་པས། ༧རྒྱལ་བ་རིན་པོ་ཆེ་མཐའ་ན་ཁོང་ཚོར་ཀྱང་བཀའ་དྲིན་ཆེན་པོ་རེད། ཅེས་བརྗོད་བྱུང་།

སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་མཆོག་ནས་ཕྱི་ལོ་ ༡༩༨༧ ནས་བསྟུད་མར་ལོ་གསུམ་ལ་བོད་མིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱུང་བར་བརྟེན། རྒྱ་ནག་གི་སློབ་ཕྲུག་ཚོར་སེམས་ཚོར་བྱུང་ནས་གནམ་བདེ་སྒོ་མོ་ཆེའི་ལས་འགུལ་དེ་བྱུང་བ་ཁོང་སྒེར་ངོས་ནས་འདོད་ཀྱི་ཡོད་པ་གསུངས་རྗེས། ད་ལྟའང་བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་ལ་ཞུམ་པ་མེད་པར་གནས་ཡོད་པ་དང་། ད་བར་བོད་ནང་ཁྱོན་མི་གྲངས་ ༡༥༣ ལྷག་གིས་བོད་དོན་ཆེད་རང་ལུས་མེར་སྲེག་གནང་བ་དང་། དེ་བཞིན་བོད་ནང་རྩོམ་ཞིག་བྲིས་པའམ་གླུ་གཞས་ཤིག་བླངས་རུང་ཆིག་སྒྲིལ་དང་རྒྱལ་ཞེན། སྐད་ཡིག་དང་ཁོར་ཡུག་སོགས་བཤད་ཀྱི་ཡོད་པས། དེ་ཚོར་བཙན་བྱོལ་བོད་མི་ཚོས་མིག་དཔེར་བལྟས་ནས་མི་ལོ་ ༦༠ སྲུང་གཙི་བྱ་དགོས་པ་དང་བོད་ནང་ཕྱིར་ལོག་པའི་རེ་བ་རྒྱག་དགོས་སྐོར་སོགས་གསུངས་སོང་།

ཡང་དཔལ་འབྱོར་བཀའ་བློན་མཆོག་ནས་འགྲེམས་སྟོན་ཁང་དང་འབྲེལ་ནས། ད་ལྟ་ནི་དྲ་རྒྱའི་དུས་རབས་ཡིན་པས་པར་རིས་འགྲེམས་སྟོན་ཆ་ཚང་དྲ་ཐོག་ནས་འཛམ་གླིང་གང་སའི་མི་ཚོས་ལྟ་ཐུབ་པ་ཞིག་དང་། འཛམ་གླིང་གི་སྐད་ཡིག་གཞན་ནང་པར་རིས་ཀྱི་འགྲེལ་བཤད་བྲིས་ཏེ་སྐད་ཡིག་སྣ་མང་ནང་རྒྱ་སྐྱེད་གནང་དགོས་པ། དེ་དང་འབྲེལ་ནས་བོད་དོན་རྒྱབ་སྐྱོར་བ་གསར་པ་འཚོལ་ཐབས་གནང་དགོས་པ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་འཁུར་མཉམ་ལེན་གྱིས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་སྐྱེལ་ཐབས་གནང་དགོས་སྐོར་གྱི་རེ་སྐུལ་གནང་སོང་།

མཛད་སྒོའི་མཇུག་ཏུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག  ཕྱི་ལོ་ ༡༩༥༩ ལོའི་བོད་མིའི་རང་དབང་སྒེར་ལངས་ནང་མཉམ་ཞུགས་གནང་མྱོང་པའི་བློ་བཟང་ཡོན་ཏན་ལགས་དང་། དེ་བཞིན་ཕྱི་ལོ་ ༡༩༨༩ ལོའི་བོད་མིའི་ངོ་རྒོལ་ལས་འགུལ་ནང་སོགས་ལ་མཉམ་ཞུགས་གནང་མྱོང་ཡོད་པའི་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་བཅས་ཀྱིས་བོད་མིའི་ཞི་རྒོལ་སྐོར་ལ་བགྲོ་གླེང་ཆུ་ཚོད་གཅིག་ཙམ་རིང་གནང་སོང་།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༢ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese