མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསླབ་གཞི་འདི་དེང་སྐབས་ཀྱི་བསླབ་གཞི་གཞན་ལས་གཏིང་ཟབ་པ་དང་གཞི་རྒྱ་ཆེ་བ་ཡོད་པ་རེད།

བོད་ཀྱི་དུས་བབ།
༢༠༡༩/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་དེང་སྐབས་ཀྱི་འཛམ་གླིང་ནང་ཕྱི་ལུས་པོའི་འཕྲོད་བསྟེན་དང་ནང་སེམས་ཀྱི་འཕྲོད་བསྟེན་གཉིས་མཉམ་གནས་ཡོང་བར་རྒྱ་གར་གྱིས་ནུས་པ་ཆེན་པོ་འདོན་ཐུབ་ཀྱི་ཡོད་སྐོར་གསུངས་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཨན་དྷ་ཛི་ཧའེ་ཊི་ (Andaz Hyatt Hotel) གསོལ་མགྲོན་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཏཱ་ལའི་བླ་མའི་དགེ་རྩ་དང་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱིས་མཉམ་སྒྲུབ་གནང་པའི་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་བཅས་ཀྱི་བསླབ་གཞི་ (Social, Emotional and Ethical Learning/SEE Learning) གཏན་འབེབ་ཀྱི་ལས་གཞི་ཡོངས་སུ་གྲུབ་པ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་ད་ལན་གྱི་ཉིན་འགའི་ཚོགས་འདུའི་ནང་བཟང་སྤྱོད་དང་འབྲེལ་བའི་བསླབ་གཞི་ལག་ལེན་ཐོག་ཕན་ཐོགས་ཡོད་པའི་དགོངས་ཚུལ་ཐོས་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་སྐོར་གསུངས་འདུག

ཨེ་མོ་རེ་གཙུག་ལག་སློབ་གྲྭའི་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་བསླབ་གཞིའི་འགན་འཛིན་ལས་རོགས་བྷི་རན་ཌན་ཨོ་ཛ་ཝ་ཌི་སིལ་ཝ་ (Brendan Ozawa-de Silva) ལགས་ཀྱིས། ཆོགས་ལུགས་ལ་མ་བརྟེན་པའི་ལས་གཞི་སྟེ། སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་ཅེས་བའི་བསླབ་གཞི་ངོ་སྤྲོད་གནང་སྐབས་ཁོང་གིས། ཕྱི་ལོ་ ༡༩༩༨ ལོར་ཨེ་མོ་རེའི་གཙུག་ལག་སློབ་གཉེར་ཁང་དང་བོད་ཀྱི་མཉམ་འབྲེལ་ལས་གཞི་མགོ་བཙུགས་པ་ནས་བཟུང་། ༧གོང་ས་མཆོག་གི་ལམ་སྟོན་འོག་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་གི་ལས་གཞི་འདྲ་མིན་སྤེལ་ཡོད་པ་དང་། དེ་ཚོའི་ཁྲོད་བོད་ཀྱི་སེམས་ཁམས་རིག་པའི་བློ་སྦྱོང་གཞིར་བཞག་ཐོག་ཆོས་ལུགས་དང་མ་འབྲེལ་བའི་བྱམས་སྙིང་རྗེ་གོང་མཐོར་གཏོང་ཐབས་དང་། ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་སྡེ་ཚན་ནས་ཚན་རིག་སྦྱོང་བརྡར་དང་དགོན་པའི་གྲྭ་བཙུན་གྱི་བྱེད་སྒོ་མཉམ་འབྲེལ་ཡོང་ཐབས་ཀྱི་ལས་གཞི་སྤེལ་ཡོད་པ་དང་། སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་བཅས་ཀྱི་ལས་གཞི་འདི་ནི་ཆེས་ཉེ་བའི་གཏིང་ཟབ་པའི་མཉམ་སྒྲུབ་ཀྱི་ལས་གཞི་ཞིག་ཡིན་པ་རེད། ལས་གཞི་འདི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལུས་སེམས་གཉིས་ཀྱི་སློབ་གསོ་དགོས་པའི་དགོངས་གཞི་ལྟར། དགེ་རྒན་དང་སློབ་གྲྭ་ཚོར་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་དང་སེམས་གཅོང་སོགས་ཀྱི་ཐབས་གསར་གཞི་གཅིག་ཏུ་བསྡུས་པའི་བསླབ་གཞི་ཞིག་རེད། ༧གོང་ས་མཆོག་གིས་རྟག་ཏུ་ལམ་སྟོན་དང་སྐུལ་འདེད་གནང་བར་བརྟེན། ཁོང་ཐེངས་འདིའི་གསར་འགོད་གསལ་བསྒྲགས་དང་རྒྱལ་སྤྱིའི་རང་བཞིན་གྱི་བསླབ་གཞི་དབུ་འབྱེད་ཀྱི་མཛད་སྒོར་ཕེབས་ཐུབ་པ་བྱུང་བར་ང་ཚོར་དགའ་ཚོར་ཆེན་པོ་བྱུང་། ཞེས་དང་། བསླབ་གཞི་དེ་བྱིས་པར་དམིགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཀོལ་བཞིན་པའི་སྐད་ཡིག་ ༦ ཚུད་པའི་སྐད་ཡིག་ ༡༢ ནང་གཏན་འབེབ་བྱས་པ་ཞིག་ཡིན་སྐོར་སོགས་བརྗོད་འདུགགསར་འགོད་ལྷན་ཚོགས་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ད་ལྟའི་ཤེས་ཡོན་ལམ་སྲོལ་གྱིས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་འགན་ལེན་བྱེད་ཀྱི་མེད་ལ། ངས་དེ་སྔོན་བརྗོད་པ་ལྟར་མིའི་རིགས་ཀྱི་བྱམས་བརྩེ་ནི་ང་ཚོའི་བདེ་སྐྱིད་ཀྱི་འབྱུང་རྩ་གཙོ་བོ་དེ་ཡིན་སྟབས། ང་ཚོའི་ཤེས་ཡོན་ནང་སེམས་བཟང་གི་སློབ་གསོ་དགོས་ཀྱི་ཡོད་པ་རེད། སྤྱིར་འཛམ་གླིང་གི་ཆོས་ལུགས་ཚང་མས་བསླབ་བྱ་གཅིག་སྟོན་གྱི་ཡོད་ཀྱང་། དེང་གི་དུས་འདིར་མི་འབོར་ཐེར་འབུམ་མང་པོས་ཆོས་ལུགས་ཁས་ལེན་གྱི་མེད་པར་བརྟེན། ཁོ་ཚོའི་བསམ་བློའི་ནང་བྱམས་བརྩེ་ཞེས་པ་དེ་ཆོས་ལུགས་ཀྱི་བསླབ་བྱ་ཞིག་དང་། དེར་དོ་དབྱིངས་མེད་ཅེས་བརྗོད་སྲིད་པ་རེད། ལོ་ ༣༠༠༠ ལྷག་གི་རིང་རྒྱ་གར་གྱི་ཆོས་ལུགས་ལ་མ་བརྟེན་པའི་ལམ་སྲོལ་དེའི་འོག་ཆོས་ལུགས་འདི་དང་དེ་ལ་ཁས་ལེན་མིན་དང་། ཡང་ན་ཆོས་ལུགས་ལ་ཁས་ལེན་མིན་གྱི་གནས་དོན་དེ་གཉིས་པ་རེད། དེ་བས་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་པ་ཡིན་པའི་ཆ་ནས་ཀུན་སྤྱོད་ཀྱི་རིན་ཐང་དེ་གལ་ཆེ་བ་ཡིན། ངོས་ཀྱི་གྲོགས་པོ་འགའ་ཤས་ཀྱིས་ཆོས་ལུགས་ལ་མ་བརྟེན་པ་ (Secular) ཞེས་པའི་ཐ་སྙད་དེར་དགོངས་ཚུལ་མི་འདྲ་བ་དང་། འོས་འཚམ་གྱི་ཐ་སྙད་ཅིག་སྤྱོད་དགོས་སྐོར་ཡང་བརྗོད་ཀྱི་འདུག་ཀྱང་། ངོས་ཀྱིས་ཤེས་ཀྱི་མེད། གནད་དོན་གཙོ་བོ་དེ་ང་ཚོས་སྔོན་འགྲོ་སློབ་གྲྭའི་ཤེས་ཡོན་ནས་བཟུང་ཕྱིའི་དངོས་པོའི་ཤེས་བྱ་ཙམ་མིན་པར་མིའི་རིགས་ཀྱི་གཞི་རྩའི་ནང་སེམས་ཀྱི་རིན་ཐང་སྐོར་གྱི་ཤེས་བྱ་ཡང་ཚུད་ཐབས་བྱེད་དགོས་པ་ཡིན། དེང་སང་ངོས་ཀྱིས་ལུས་པོའི་འཕྲོད་བསྟེན་གྱི་མཉམ་དུ་སེམས་མྱོང་གི་འཕྲོད་བསྟེན་ཡང་བཤད་ཀྱི་ཡོད། དེར་བརྟེན་ང་ཚོས་ཤེས་ཡོན་བརྒྱུད་ནས་གཅིག་བྱེད་ཐུབ་ཀྱི་ཡོད་པ་དང་། དེང་གི་འཇིག་རྟེན་གྱི་དཀའ་ངལ་གང་འཚམ་ཞིག་ང་ཚོས་བཟོས་པ་རེད། མི་སུ་ཞིག་གིས་ཀྱང་དཀའ་ངལ་འདོད་ཀྱི་མེད་ཀྱང་། སེམས་མྱོང་གི་རྐྱེན་པས་མི་གསོད་པ་སོགས་ཀྱི་དཀའ་ངལ་མང་དག་ཅིག་དང་འཕྲད་བཞིན་ཡོད། དེ་དག་ཚང་མ་ང་ཚོ་རང་ཉིད་ཀྱིས་བསྐྲུན་པ་ཞིག་རེད། ང་ཚོས་ལག་ལེན་ཁོ་ནའི་ཐོག་ནས་མ་གཏོགས་སྨོན་ལམ་བརྒྱབས་ནས་དཀའ་ངལ་དེ་དག་སེལ་ཐབས་མེད། ཀུན་སློང་ཡོད་པའི་ཐོག་ནས་ལག་ལེན་བསྟར་ན་ད་གཟོད་དུས་རབས་ཉེར་གཅིག་འདི་ཞི་བདེ་དང་འཚེ་བ་མེད་པའི་དུས་རབས་ཤིག་དུ་འགྱུར་སྲིད་པ་རེད། དེའི་དོན་ནི་འཛམ་གླིང་འདིར་ནམ་ཡང་དཀའ་ངལ་འབྱུང་གི་མ་རེད་ཅེས་བརྗོད་ཀྱི་མེད་པར། ང་ཚོར་དཀའ་ངལ་བྱུང་ཚེ་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ཐོག་ནས་དཀའ་ངལ་དེར་གདོང་ལེན་བྱེད་རྒྱུའི་ལག་ཆ་ཡོད་པ་རེད། དེར་བརྟེན་ང་ཚོས་ཤེས་ཡོན་བརྒྱུད་ནས་འགྱུར་བ་ཞིག་གཏོང་ཐུབ་ཀྱི་ཡོད། ཤེས་ཡོན་བརྒྱུད་ནས་དེ་ལྟ་བུའི་བསམ་བློའི་འཛིན་སྟངས་ཤིག་བསྐྲུན་ཐུབ་ཀྱི་ཡོད་པར་བརྟེན། ངོས་ཀྱིས་འབྱུང་འགྱུར་གྱི་ཚོགས་འདུའི་ཉིན་གྲངས་འགའ་ཤས་ནང་ལག་ལེན་ཐོག་ཕན་ཐོགས་ཡོད་པའི་དགོངས་ཚུལ་དེ་འདྲ་ཐོས་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ལ། ངོས་ཀྱིས་འདི་ནི་འཛམ་གླིང་རང་བཞིན་གྱི་ལས་འགུལ་ཞིག་ཏུ་འགྱུར་གྱི་རེད་བསམ་གྱི་འདུག ཅེས་གསུངས་འདུགདེའི་རྗེས་ཨ་རིའི་སེམས་ཁམས་རིག་པ་བ་དང་། སེམས་མྱོང་གི་རིག་སྟོབས་ཞེས་པའི་དཔེ་དེབ་རྩོམ་པ་པོ་གྲགས་ཅན་ཌེ་ཎིལ་གྷོལ་མེན་ (Daniel Goleman) ལགས་ཀྱིས་ཐད་གཏོད་བརྙན་ལམ་བརྒྱུད། ངས་ལོ་ ༢༥ ཡར་སྔོན་དུ་སེམས་མྱོང་གི་རིག་སྟོབས་ཞེས་པའི་དཔེ་དེབ་དེ་འབྲི་དུས། ངས་རང་ཉིད་ཀྱི་གོ་རྟོགས་(Self awareness)དང་། རང་བཅུན།(Self management) གཞན་སེམས།(Empathy) སྤྱི་ཚོགས་རིག་རྩལ་བཅས་ཀྱིས་སློབ་མའི་མི་ཚེའི་ནང་ཐག་གཅོད་བྱེད་རྒྱུའི་ཕན་ཐོགས་ཆེན་པོ་ཡོད་པ་དང་། ནུས་རྩལ་དེ་དག་ཚུད་པའི་ལས་གཞི་བརྒྱུད་སློབ་མའི་ཁྲོད་ན་འཚེ་བ་དང་བརྙས་བཅོས། སེམས་ངལ། སློབ་སྦྱོང་ཁུངས་མ་འཁྱོལ་བ་སོགས་ཀྱི་དཀའ་ངལ་སེལ་ཐབས་ལ་ཕན་ཆེན་པོ་ཐོགས་ཀྱི་ཡོད་པའི་གྲུབ་དོན་ལ་གཞི་བཅོལ་ཏེ། སློབ་མ་རྣམས་ལ་སེམས་མྱོང་གི་སྤྱི་ཚོགས་སློབ་གསོ་སྤྲོད་དགོས་པའི་བསམ་ཚུལ་བཏོན་པ་དང་། དེའི་རྗེས་ང་ཚོ་གྲོགས་པོ་སྐོར་ཞིག་གིས་སློབ་མ་རྣམས་ཀྱི་འཚོ་བའི་ཐབས་རྩལ་དེ་དག་གོང་འཕེལ་གཏོང་རྒྱུར་དམིགས་ཏེ། སྤྱི་ཚོགས་དང་སེམས་མྱོང་གི་སློབ་གསོ་ (Social Emotional Learning) ཞེས་པའི་ལས་གཞི་དེ་མགོ་བརྩམས་ཡོད་པ་དང་། ད་ལྟ་ལས་གཞི་དེ་རྒྱལ་སྤྱིའི་ཡོངས་ལ་ཁྱབ་སྟེ་འགའ་ཤས་ཀྱིས་སློབ་ཚན་གྱི་ཞོར་དུ་འཁྲིད་པ་དང་། ཡང་འགའ་ཤས་ཀྱིས་སློབ་གྲྭའི་བསླབ་གཞིར་གཏན་འབེབ་ཀྱིས་སློབ་འཁྲིད་བྱེད་ཀྱི་ཡོད་སྐོར་དང་། སློབ་མ་འབུམ་གཉིས་དང་ཁྲི་བདུན་ཙམ་ལ་ཞིབ་འཇུག་བྱས་པ་བརྒྱུད་ནས་སྤྱི་ཚོགས་དང་སེམས་ཀྱི་སློབ་གསོས་འཁྲུག་འཛིང་དང་བརྙས་བཅོས་ལྟ་བུའི་སྤྱི་ཚོགས་དང་མ་མཐུན་པའི་དཀའ་ངལ་རིགས་བརྒྱ་ཆ་ ༡༠ ཙམ་གྱིས་ཉུང་དུ་ཕྱིན་པ་དང་། སློབ་གྲྭར་དགའ་མོས་བྱེད་པ་སོགས་པའི་སྤྱི་ཚོགས་རང་བཞིན་གྱི་བསམ་བློ་བརྒྱ་ཆ་ ༡༠ ཡིས་མང་དུ་ཕྱིན་ཡོད་པ་མ་ཟད། སློབ་གྲྭའི་ཤེས་ཡོན་གྱི་གྲུབ་འབྲས་ཀྱང་བརྒྱ་ཆ་ ༡༡ ཡིས་འཕར་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་དང་།  ད་ལྟ་ཨི་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོས་བསྒྲིགས་པའི་སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་བཅས་ཀྱི་བསླབ་གཞི་དེ་༧གོང་ས་མཆོག་ས་མཆོག་གི་བཀའ་དགོངས་བཞིན་དུས་རབས་ཉེར་གཅིག་གི་མི་རྣམས་ལ་ནང་བསམ་བློའི་ཤེས་ཡོན་སྤྲོད་ཐབས་ཀྱི་སྒྲོམ་གཞི་དང་མཐུན་ཞིང་། དེ་སྔོན་གྱི་སྤྱི་ཚོགས་དང་སེམས་མྱོང་གི་སློབ་གསོའི་ནང་མེད་པའི་བློ་སྒྲིམ་ཐབས་དང་། སེམས་ཁུར་དང་བྱམས་བརྩེ། དེ་བཞིན་བཟང་སྤྱོད་ཀྱི་ལྟ་ཕྱོགས་བཅས་ཀྱི་སྦྱོང་བརྡར་སོགས་ནུས་རྩལ་རིགས་ཁ་སྣོན་བྱས་ཡོད་སྐོར་སོགས་བརྗོད་སོང་།དེ་བཞིན་སྤྱི་ཚོགས་དང་སེམས་ཚོར་སློབ་གསོའི་ཆེད་མཁས་པ་ལིན་ཌ་ལེན་ཊེ་རི་ (Linda Lantieri) ལགས་ཀྱིས་དྲ་ཐོག་བརྒྱུད། ཐེངས་འདིའི་དབུ་འབྱེད་མཛད་སྒོར་ཞུགས་མ་ཐུབ་པར་དགོངས་སེལ་ཞུ་རྒྱུ་ཡིན། འོན་ཀྱང་ལོ་འགའི་སྔོན་ནས་བསླབ་གཞི་གཏན་འབེལ་དང་འབྲེལ་བ་བྱུང་ཡོད་པ་དང་། ངས་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་ཀྱི་བསླབ་གཞི་འདི་ནི་འཛམ་གླིང་གི་སློབ་གྲྭ་ཁག་གི་སློབ་གསོའི་རྩ་འཛིན་ལྟ་བུར་མཐོང་གི་ཡོད་པ་དང་། ད་ལྟ་མི་མང་པོ་ཞིག་གིས་མ་འོངས་པའི་སློབ་གྲྭ་དང་བྱིས་པར་རེ་བ་ཆེན་པོ་བྱེད་པ་ལྟར་སྐུ་ཉིད་ལའང་དེ་ལྟར་ཡོད་པའི་རེ་བ་ཡོད། བསླབ་གཞི་འདི་དབུ་འབྱེད་བྱ་ཡི་ཡོད་པ་རེད། རྒྱལ་ཁབ་མང་པོ་ནས་མི་མང་པོ་ཞིག་ལྡི་ལིར་མཉམ་ཞུགས་བྱས་ཡོད་པ་རེད་ལ། སྟོང་ཕྲག་མང་པོས་ཐད་གཏོང་བརྒྱུད་མཉམ་ཞུགས་བྱེད་ཀྱི་ཡོད་པས། དེ་ནི་དགའ་སྤྲོ་སྐྱེས་འོས་པ་ཞིག་རེད། ངས་འདས་པའི་ལོ་བཅུ་ཕྲག་གཉིས་རིང་སློབ་གྲྭ་མང་པོ་ཞིག་གི་ནང་སྤྱི་ཚོགས་དང་སེམས་མྱོང་ཐོག་ཞིབ་འཇུག་བྱས་ཡོད་པ་དང་། ཐེངས་འདིའི་བསླབ་གཞི་ནི་དེང་སྐབས་ཀྱི་བསླབ་གཞི་གཞན་ལས་གཏིང་ཟབ་པ་དང་གཞི་རྒྱ་ཆེ་བ་ཡོད་པ་རེད། སེམས་ཀྱི་སློབ་གསོ་སྤྲད་པའི་ཐོག་ལུས་ཀྱི་སློབ་གསོ་ཐོབ་ཡི་ཡོད་པ་དང་། བསླབ་གཞི་འདིས་སྙིང་རྗེ་སོགས་སྦྱོང་བརྡར་སྐོར་མང་པོ་བཤད་ཀྱི་ཡོད་པ་རེད། དེ་བཞིན་གང་ཟག་སྒེར་ཁོ་ན་མ་ཡིན་པར་གོ་རིམ་ལྡན་པའི་སྤྱི་ཚོགས་ཁྱོན་ཡོངས་བཤད་ཀྱི་ཡོད་པ་རེད། འདི་འདྲའི་བསླབ་གཞི་ནི་ང་ཚོའི་འཛམ་གླིང་འདིར་ཧ་ཅང་མཁོ་ཡི་ཡོད་པ་རེད། ང་ཚོ་ཚང་མས་རྩོད་རྙོག་སེལ་ཐབས་སུ་ཐབས་ལམ་གསར་པ་ཞིག་དང་ལྷག་པར་དུ་སྙིང་རྗེ་གཞིར་བཞག་ཐོག་འཚེ་བ་མེད་པ་ཞིག་ལ་རེ་བ་བྱེད་བཞིན་ཡོད་པ་རེད། འཛམ་གླིང་གི་སློབ་གསོའི་སྒྱུ་རྩལ་དང་སྤྱི་ཚོགས་དང་སེམས་མྱོང་སོགས་ཀྱི་ཐད་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་རེད་ལ། སློབ་གྲྭའི་སློབ་གསོ་ནང་འགྱུར་བ་ཞིག་དགོས་པ་བཞིན་ང་ཚོ་གྲ་སྒྲིག་ཡོད་པ་རེད། ཅེས་བརྗོད་སོང་།མཇུག་ཏུ་སློབ་དཔོན་ཀིམ་བྷར་ལི་སི་ཁོ་ནེཌ་རེ་ཆལ་ (Kimberly Schonert-Reichl) ལགས་ཀྱིས། ང་ཚོས་ཞིབ་འཇུག་བྱས་པ་བརྒྱུད་སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་ཀྱི་སློབ་གསོ་དེས་ཕྲུ་གུ་རྣམས་ལ་ཕན་ཐོགས་ཡོང་གི་ཡོད་པ་གསལ་པོ་ཆགས་ཡོད་པ་དང་། ངས་འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་སྤྱི་ཚོགས་དང་སེམས་མྱོང་གི་སློབ་གསོའི་ཐོག་ལ་ཞིབ་འཇུག་བྱས་པ་ཡིན་ཡང་། ང་རང་ཐོག་མའི་ཆར་དགེ་རྒན་ཞིག་ཡིན་པ་དང་། ངའི་སློབ་ཕྲུག་ཁྲོད་བཙོན་འཇུག་བྱས་མྱོང་བ་སོགས་སེམས་མྱོང་དང་སྤྱི་ཚོགས་ཀྱི་དཀའ་ངལ་ཡོད་མཁན་མང་པོ་ཡོད་ཀྱང་། དེ་དུས་ང་ལ་དཀའ་ངལ་དེ་དག་སེལ་བའི་ཐབས་བྱུས་མེད་པ་རེད། འོན་ཀྱང་ད་ལྟ་བཟང་སྤྱོད་ཀྱི་སློབ་གསོ་དེ་ཡིས་སློབ་མའི་སྦྱོང་འབྲས་ཇེ་ལེགས་སུ་ཕྱིན་ཡོད་པ་མ་ཟད། སློམ་མའི་ཁྲོད་ན་སེམས་མྱོང་དང་སྤྱི་ཚོགས་ཀྱི་དཀའ་ངལ་ཡོད་མཁན་ཉུང་དུ་ཕྱིན་ཡོད་པ་རེད། ད་ལན་གྱི་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་ཀྱི་སློབ་གསོས་དེ་སྔོན་གྱི་སློབ་གསོའི་ནང་གི་སྟོང་ཆ་རྣམས་བསྐངས་ཡོད་པ་རེད། ད་བར་རྒྱལ་ཁབ་མང་པོས་བཟང་སྤྱོད་ཀྱི་སློབ་གསོ་དེ་ལག་བསྟར་བྱེད་འདོད་ཡོད་ཀྱང་། རང་གི་སྐད་ཡིག་ཐོག་མེད་པའི་རྐྱེན་གྱིས་སློབ་ཚན་དུ་དངོས་སུ་གཏན་འབེབ་བྱུང་མེད་པ་རེད། ཡིན་ན་ཡང་། ཐེངས་འདིའི་སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་ཀྱི་བསླབ་གཞི་འདི་སྐད་ཡིག་མང་པོར་བསྒྱུར་ཡོད་སྟབས། ང་ཚོས་ལོ་མང་རིང་ནས་ནང་བསམ་བློའི་སློབ་ཚན་དེ་སློབ་གྲྭའི་ཤེས་ཡོན་ནང་ཚུད་ཐུབ་ན་སྙམ་པའི་དམིགས་ཡུལ་དེ་རིང་མངོན་འགྱུར་ཐུབ་ཡོད་སྐོར་བརྗོད་སོང་།

དྲི་བ་དྲི་ལན་གྱི་སྐབས་སུ་གསར་འགོད་པ་ཞིག་གིས་བསླབ་གཞི་གཏན་འབེབ་ཀྱི་དབུ་འབྱེད་མཛད་སྒོའི་ཚོགས་ཡུལ་རྒྱ་གར་འདེམས་དགོས་དོན་དྲིས་པར་བྷི་རན་ཌན་ཨོ་ཛ་ཝ་ཌི་སིལ་ཝ་ (Brendan Ozawa-de Silva) ལགས་ཀྱིས། རྒྱ་གར་ནང་དབུ་འབྱེད་མཛད་སྒོ་ཚོགས་ཚེ་༧གོང་ས་མཆོག་ཕེབས་པར་སྟབས་བདེ་ཡིན་པ་དང་། བསླབ་གཞི་གཏན་འབེབ་བྱེད་མཁན་ཚོས་༧གོང་ས་མཆོག་མཛད་སྒོའི་ཐོག་ཕེབས་འདོད་ཆེན་པོ་བྱེད་ཀྱི་ཡོད་པ། རྒྱུ་མཚན་གཞན་ཞིག་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལམ་སྟོན་གནང་བ་བཞིན་རྒྱ་གར་ནི་གནའ་སྔ་མོ་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཉམས་ལེན་གྱི་ལོ་རྒྱུས་རིང་པོ་ཡོད་པ་དང་། རྒྱ་གར་གྱི་རྩ་ཁྲིམས་ནང་ཆོས་ལུགས་ཚང་མར་འདྲ་མཉམ་གྱིས་ལྟ་ཡི་ཡོད་པ་མ་ཟད། ཆོས་ལ་དད་པ་མེད་མཁན་གྱི་བཟང་སྤྱོད་ལ་བརྩི་བཀུར་བྱེད་ཀྱི་ཡོད་པས་རྒྱ་གར་བདམསཔ་ཡིན་ཚུལ་བརྗོད་སོང་།

ཡང་གསར་འགོད་པས་བསླབ་གཞི་འདི་ནི་ཚན་རིག་དང་ཆོས་གཉིས་ཟུང་འབྲེལ་ལྟ་བུ་རེད་འདུག་པས། ཆོས་དང་ཚན་རིག་གི་གཞི་རྒྱ་ཆེ་བའི་གནས་ལུགས་འདི་གཉིས་ཕྱོགས་གཅིག་དུ་འདུས་ཐབས་ཡོད་མེད་དྲིས་པར་༧གོང་ས་མཆོག་གིས། འཛམ་གླིང་གི་དཔལ་ཡོན་ཡར་རྒྱས་ཁྲོད་རྒྱ་གར་གྱི་དཔལ་ཡོན་ཡར་རྒྱས་ལས་ནང་སེམས་ཀྱི་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ལོ་ངོ་སྟོང་ཕྲག་འགའི་སྔོན་ནས་རྒྱ་གར་ནང་འཚེ་བ་མེད་པའི་ལྟ་གྲུབ་ཤུགས་ཆེན་དར་ཡོད་པས། དེང་སྐབས་ཀྱི་འཛམ་གླིང་ནང་རྒྱ་གར་གྱིས་ལྟ་གྲུབ་དེ་གསར་གཏོད་བྱེད་མི་དགོས་པར་བསྐྱར་གསོ་ཙམ་བྱུང་ན་འགྲིག་པ་དང་། ཕྱི་ལུས་པའི་འཕྲོད་བསྟེན་དང་ནང་སེམས་ཀྱི་འཕྲོད་བསྟེན་གཉིས་མཉམ་གནས་ཡོང་བར་རྒྱ་གར་གྱིས་ནུས་པ་ཆེན་པོ་འདོན་ཐུབ་ཀྱི་ཡོད་སྐོར་དང་། འཛམ་གླིང་གི་དཀའ་རྙོག་ཡོད་དོ་ཅོག་ཚང་མ་མིའི་དཀའ་ངལ་ཡིན་པས། ང་ཚོའི་མ་འོངས་བ་ནི་བྱམས་བརྩེ་དང་ལྡན་པ་ཞིག་དང་མཚོན་ཆ་མེད་པའི་འཛམ་གླིང་ཞིག་ཡིན་དགོས་པས་དེ་སེལ་ཐབས་སུ་མཚོན་ཆ་བཀོལ་ནས་སེལ་ཐབས་མེད་པར་འཚེ་བ་མེད་པའི་ཐོག་ནས་སེལ་ཐབས་དགོས་ཀྱི་ཡོད་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་དང་ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༡༢ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 1

  1. Gangseng says:
    ལོ་ 7 སྔོན།

    བདག་སོགས་གཞིས་བྱེས་བོད་འབངས་ཡོངས་ཀྱི་བླ་ན་མེད་པའི་མགོན་སྐྱབས་དཔུང་གཉེན་མཚུངས་ཟླ་མ་མཆིས་པ་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཚོག་གི་ཐུགས་བཞེད་མཐའ་དག་ལྷུན་གྱིས་གྲུབ་པར་སྨོན། ཁྱེད་ཀྱིས་ཐུགས་བརྩེས་བདག་སོགས་རིས་མེད་འགྲོ་བ་ཀུན་ཚེ་རབས་ནས་ཚེ་རབས་རྗེས་སུ་བཟུང་དུ་གསོལ། སྐྱབས་སུ་མཆིའོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese