མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་ས་ནས་ནག་སེལ་ཤེད་བཅོམ་གྱི་འཐབ་རྩོད་ཡག་པོ་བྱས་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༩/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

ལྷ་སའི་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་ཁྲོད་མི་གྲངས་ ༢༢༤ ལ་དངོས་སུ་འདྲི་རྩད་དང་གནད་དོན་ཅན་ ༤༠ ཐེར་འདོན་བྱས་པ་དང་། གཙོ་གནད་གྱོད་གཞི་ཅན་ ༢༣༠༠༠ ལྷག་ལ་ཞིབ་བཤེར་བྱས་ཡོད་སྐོར་བསྒྲགས།

ཟླ་འདིའི་ཕྱི་ཚེས་ ༧ ཉིན། རྒྱ་ནག་གཞུང་གིས་བཏང་བའི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ ༡༣ པ་ཟེར་བ་ཞིག་གིས། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཆེད་དོན་སྐོར་བསྐྱོད་དང་འབྲེལ། ནག་སེལ་གཤེད་བཅོམ་འཐབ་རྩོད་སྐོར་གྱི་ཚོགས་འདུ་ཞིག་ཚོགས་སྟེ། རྒྱ་ནག་གཞུང་གིས་བཏང་བའི་ཚོགས་པ་དེས་བོད་རང་སྐྱོང་ལྗོངས་ནང་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་དང་དྲིལ་བསྒྲགས་ཡག་པོ་བྱས་ཡོད་སྐོར་བརྗོད་འདུག

ཚོགས་འདུའི་སྟེང་ལྟ་སྐུལ་ཚོགས་ཆུང་གི་མགོ་གཙོ་ཀྲུའུ་ཝེ་ཆིན་ཟེར་བ་དེས། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གྱི་འགན་འཁྲི་ནན་དུ་གཏང་ནས་ནག་གཤེད་ཕྱོགས་གཏོགས་ཐོན་ཡུལ་རྩ་མེད་བཟོ་དགོས་པ་དང་། མི་མང་གི་ཆབ་སྲིད་ཀྱི་གནས་ཚད་མཐོ་རུ་གཏོང་སྟེ་ཆབ་སྲིད་ཀྱི་ངོས་ནས་ནག་སེལ་གཤེད་བཅོམ་གྱི་འགན་འཁྲི་ནན་དུ་གཏོང་དགོས་པ། གཞུང་ངོས་ནས་རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་ནག་སེལ་གཤེད་བཅོམ་དམག་འཐབ་མཁར་རྫོང་བརྟན་དུ་གཏོང་དགོས་སྐོར་སོགས་བརྗོད་འདུག

དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་མགོ་འཁྲིད་ཝང་དབྱང་གིས་ཐེངས་འདིར་རྒྱ་ནག་གཞུང་གིས་བཏང་བའི་ཚོགས་ཆུང་དེས་ཞིབ་འཇུག་སྐོར་སྐྱོད་དེ་དངོས་ཐོག་བདེན་འཚོལ་དང་གནད་ལ་འཁེལ་བ་དང་། ཚོགས་འདུའི་ཐོག་བཤད་པའི་དག་ཐེར་བསམ་འཆར་ལ་དམིགས་ཡུལ་རང་བཞིན་དང་། མཛུབ་འཁྲིད་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་པས།  ང་ཚོས་ཚད་མཐོའི་མཐོང་ཆེན་དང་ཁས་ལེན་ཡང་དག་བྱས་ཏེ་ཚད་མཐོའི་འགན་འཁུར་གྱི་རྣམ་འགྱུར་དང་བྱ་ཐབས་ཐོག་ནས། བོད་རང་སྐྱོང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་མཐའ་གཅིག་ཏུ་གྲུབ་འབྲས་གསར་པ་ལེན་རྒྱུ་ཡིན་སྐོར་བརྗོད་འདུག

གནས་ཚུལ་ནང་བཀོད་པ་ལྟར་ན། ཐེངས་འདིར་རྒྱ་ནག་གཞུང་གིས་བཏང་བའི་ནག་སེལ་གཤེད་བཅོམ་ལྟ་སྐོར་ཚོགས་པ་དེས་ཕྱི་ཟླ་ ༦ ཚེས་ ༡༧ ནས་ ༢༥
བར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་གྲོང་ཁྱེར་དང་རྫོང་ ༡༠༧ དང་། ཤང་གྲོང་སོགས་ ༥༧། གྲོང་གསེབ་ཀྱི་སྡེ་ཁུལ་ ༦༡ བཅས་སུ་སྐོར་སྐྱོད་ཀྱིས་ནག་སེལ་གཤེད་བཅོམ་འཐབ་རྩོད་ཐད་ལམ་སྟོན་དང་། ནག་སེལ་གཤེད་བཅོམ་ཤེས་བྱ་དྲིལ་བསྒྲགས་བྱས་ཡོད་པ་དང་། དུས་ཡུན་དེའི་རིང་ས་ཁུལ་མི་འདྲ་བ་ནས་ནག་སེལ་གཤེད་བཅོམ་འཐབ་རྩོད་སྐོར་ལ་ཚོགས་འདུ་ཐེངས་ ༦༢ ཚོགས་ཡོད་འདུག་ལ། ཐེངས་འདིའི་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་ཁྲོད་མི་གྲངས་ ༢༢༤ ལ་དངོས་སུ་འདྲི་རྩད་དང་གནད་དོན་ཅན་ ༤༠ ཐེར་འདོན་བྱས་ཡོད་པ་དང་། གཙོ་གནད་གྱོད་གཞི་ཅན་ ༢༣༠༠༠ ལྷག་ལ་ཞིབ་བཤེར་དང་། མི་མང་ཁྲོད་བརྟག་དཔྱད་འདྲི་ཤོག་ ༥༤༠ བཀྲམ་ཡོད་པ་དང་། མི་གྲངས་ ༡༠༤༤ ལྷག་ལ་དྲ་ཐོག་ནས་བརྟག་དཔྱད་འདྲི་ཤོག་འབྲི་བཅུག་སྟེ་ཞིབ་བཤེར་བྱས་ཡོད་འདུག

སྔར་ལོ་ནས་རྒྱ་ནག་གཞུང་གིས་ནག་སེལ་ངན་འཇོམས་དང་ནག་སེལ་གཉེད་བཅོམ་ཞེས་པའི་ལས་འགུལ་དེ་བོད་རང་སྐྱོང་ལྗོངས་དང་སི་ཁྲོན། མཚོ་སྔོན། སི་ཁྲོན་སོགས་བོད་ཁུལ་གྱི་ས་ཆ་སོ་སོར་སྤེལ་དང་སྤེལ་བཞིན་ཡོད་པ་ལྟར། ད་ལྟའི་ཆར་རྒྱ་ནག་གཞུང་ངོས་ནས་ལྟ་སྐོར་ཚོགས་ཆུང་ཟེར་བ་ཞིག་བཏང་སྟེ་བོད་ཁུལ་གྱི་ས་ཆ་སོ་སོ་ནས་ནག་སེལ་གཤེད་བཅོམ་གྱི་ལས་འགུལ་ཤུགས་ཆེར་སྤེལ་ཏེ། བོད་མི་མང་པོར་ནག་ཉེས་གང་བྱུང་བཙན་འགེལ་དང་འདྲི་རྩད། འཛིན་བཟུང་བཙོན་འཇུག་རིགས་བྱས་ཏེ་དཀའ་ངལ་ཆེན་པོ་སྤྲོད་བཞིན་ཡོད་པ་དང་། དེ་བཞིན་ལས་འགུལ་སྐབས་གཞུང་ཕྱོགས་ནས་བསྒྲགས་པའི་ནག་སེལ་གཤེད་བཅོམ་གྱི་དྲིལ་བསྒྲགས་ཤེས་བྱ་ཟེར་བ་ཞིག་མི་མང་ཁྲོད་བཀྲམ་ཏེ། མི་མང་ལ་ཡིག་ཆ་དེ་དག་གི་ནང་དོན་བཙན་གྱིས་ངེས་སུ་འཇུག་པ་དང་། བློ་ལ་མ་ངེས་ན་ཉེས་ཆད་གཅོད་པ་སོགས་ཀྱི་བཙན་སྐུལ་བྱེད་བཞིན་ཡོད་པ་རེད།

ནག་ཚོགས་ཤེད་བཅོམ་ནི་ཕྱི་ལོ་ ༢༠༡༨ ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་ཚོར་ཚོགས་འདུ་ཚོགས་ཏེ། ཞི་ཅིན་ཕིན་གྱི་གཙང་སེལ་ལས་འགུལ་གཞི་རྩར་བཟུང་ནས་ཕྱི་ལོ་ ༢༠༢༡ བར་སྤྱི་ཚོགས་ཁྲོད་ཀྱི་ནག་ཚོགས་འབུར་འཇོམས་གཏོང་དགོས་སྐོར་གྱི་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་བ་དང་འབྲེལ་དངོས་སུ་མགོ་བཙུགས་ཡོད་པ་དང་། ལས་འགུལ་མགོ་འཛུགས་སྐབས་ས་གནས་སོ་སོའི་ནག་ཚོགས་ངོས་འཛིན་བྱེད་སྟངས་གཅིག་པ་མིན་པ་དང་། རྒྱ་ནག་ནང་ལོགས་སུ་སྲིད་གཞུང་ལ་སྐྱོན་འདོན་ཡར་ཞུ་དང་སྐུལ་སློང་བྱེད་མཁན་ཚོ་དམིགས་འབེན་གཙོ་བོ་ཡིན་པ་དང་། བོད་ཁུལ་དང་ཡུ་གུར་སོགས་ཀྱི་ནང་དུ་གཙོ་བོ་ཁ་བྲལ་ནག་ཚོགས་ལ་འབུར་འཇོམས་གཏོང་གི་ཡིན་ཞེས་གསལ་པོ་བརྗོད་ཡོད་པ་ལྟར།  ལྷ་སའི་ནག་ཚོགས་འབུར་འཇོམས་གསལ་བསྒྲགས་ནང་། ནག་ཚོགས་ཀྱི་དམིགས་གཏད་གཙོ་བོ་དེ་ཏཱ་ལའི་ཁ་བྲལ་ཤོག་ཁག་དང་ཏཱ་ལའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན། དེ་བཞིན་སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་བྱང་འོག་ནས་ལས་འགུལ་སྤེལ་མཁན་རིགས་ཡིན་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༢ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༤ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

མཆན། 1

  1. kalsang dawa says:
    ལོ་ 7 སྔོན།

    ༄།ལྷ་ས་ནས་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་ཡག་པོ་བྱས་འདུག་ཟེར།ཡ་ངལ་སྙིང་རྗེ་མེད་པའི་དམར་པོའི་སྲིད་གཞུང་འདིའི་མིང་ཙམ་གྱི་རང་སྐྱོང་འོག་གྲངས་ཉུང་མི་རིགས་ཁག་ལ་ཚད་ལས་བརྒལ་བའི་འཇིག་སྐུལ་དང་མཉའ་སྣོན་བྱས་པའི་འཇུག་འབྲས་ཡིན་པ་ལས་གཞན་གང་ཡང་མིན།རྒྱ་མི་རིགས་དང་རིགས་གཅིག་ཡིན་པའི་ཧང་ཀོང་ལ་གཅིག་་ལྟོས་དང་ཉེས་ཅན་རྩིས་སྤྲོད་གྱི་ཁྲིམས་འཆར་ནུས་མེད་གྱིས་ཕྱིར་བསྡུ་བྱེད་དགོས་ཐུགས་སོང་།རྒྱ་ནག་རྒྱལ་ཁབ་གཅིག་གི་འོག་ཡོད་ཀྱང་འདི་ལྟ་བུའི་ཁྱད་པར་འགྲོ་དོན་ཅི་ཡིན་།མཐའ་ཐུག་ན་མི་དབྱེར་འབྱེ་ལས་་བྱུང་བ་རེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese