མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏམ་བརྗོད་སྒྱུ་རྩལ་བ་གྲགས་ཅན་རྒན་ཐུབ་བསྟན་ལགས་འདས་གྲོངས་སུ་གྱུར།

བོད་ཀྱི་དུས་བབ།
༢༠༡༩/༠༧/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ནང་གི་ཉིན་གུང་༡༢་ཡོལ་ཙམ་ལ་བོད་ཀྱི་གཏམ་བརྗོད་སྒྱུ་རྩལ་བ་གྲགས་ཅན་རྒན་ཐུབ་བསྟན་ལགས་སྙུང་གཞིའི་རྐྱེན་གྱིས་དགུང་གྲངས་ ༨༥་ཐོག་འདས་གྲོངས་སུ་གྱུར་ཡོད་འདུགབོད་ལྗོངས་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒན་ཐུབ་བསྟན་ལགས་ནི་ཕྱི་ལོ་༡༩༣༤ལོར་ལྷ་སའི་མི་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཡབ་ཡུམ་གཉིས་ནས་ཁོང་ཁྲལ་འུ་ལག་རྒྱུག་མི་དགོས་པའི་ཆེད། དགུང་ལོ་དྲུག་སོན་དུས་ལྷ་ས་ཀུན་བདེ་གླིང་དགོན་པར་བཅུག དགོན་པ་དེའི་བླ་མ་སྟག་ཚག་རིན་པོ་ཆེ་ནི་ཆོས་དང་འབྲེལ་བའི་གླུ་གར་གྱི་རིགས་སྣ་ཚོགས་ལ་ཤིན་ཏུ་མཉེས་པས། མཚམས་རེར་ལྷ་སའི་དམངས་ཁྲོད་བླ་མ་མ་ནི་བ་གྲགས་ཅན་ཚེ་རིང་ཆོས་འཛོམས་དང་། ཀོང་པོའི་གེ་སར་སྒྲུང་པ་གྲགས་ཅན་གྲགས་པ། སྐྱོར་མོ་ལུང་གི་ལྷ་མོ་བ་གྲགས་ཅན་ནོར་བུ་ཚེ་རིང་སོགས་འཁྲབ་སྟོན་ལ་གདན་དྲངས་པ་དང་། ངོ་མཚར་ཆེ་བའི་དམངས་ཁྲོད་སྒྱུ་རྩལ་དེ་དག་གིས་རྒན་ཐུབ་བསྟན་ལགས་ཀྱི་ཡིད་དབང་བཀུག་ཅིང་། ཆོས་ཞོར་དུ་གར་འཆམ་དང་། ལྷ་མོ། བླ་མ་མ་ནི། གླིང་སྒྲུང་སོགས་སྦྱོང་རྒྱུ་ནི་ཁོང་གི་སྤྲོ་བ་ཆེ་ཤོས་སུ་གྱུར། དེ་ནས་ཕྱིས་སུ་ཀུན་བདེ་གླིང་དགོན་པས་ལྷ་མོ་ཚོགས་པ་ཞིག་བཙུགས་པས། ཐུབ་བསྟན་ལགས་རུ་ཁག་དེའི་འཁྲབ་སྟོན་པ་གཙོ་བོར་གྱུར་ཞིང་། ཁོང་ནས་ལྷ་མོའི་འཁྲབ་གཞུང་འགྲོ་བ་བཟང་མོ་དང་། གཟུགས་ཀྱི་ཉི་མ་གཉིས་ཀྱི་མི་སྣ་གཙོ་བོ་འགྲོ་བ་བཟང་མོ་དང་གཟུགས་ཀྱི་ཉི་མ་གཉིས་འཁྲབ་སྟོན་གནང་བར། མི་རྣམས་ཀྱིས་དགའ་མོས་ཆེན་པོ་ཐོབ།དེའི་རྗེས་ཁོང་གིས་རྩེ་ཕོ་བྲང་གི་གར་དཔོན་པ་སངས་དོན་གྲུབ་དང་། དམངས་ཁྲོད་སྒྱུ་རྩལ་པ་ཨ་ནན། ཆུ་ཤུར་ཡེ་ཤེས་སྒྲོལ་མ། ཨ་མན་རི་སོགས་ཀྱི་མདུན་ནས་ནང་མ་སྟོད་གཞས་དང་། ས་སྐྱ་བ་རྡོ་རྗེ་དང་། ཧུའུ་རིགས་སྒྱུ་རྩལ་པ་ཧ་པི་པུ་སོགས་ཀྱིས་ནས་རོལ་ཆ་ཡང་ཆིན་དང་འཕྲེད་གླིང་། ཀོང་པོའི་གེ་སར་སྒྲུང་མཁན་གྲགས་པའི་མདུན་ནས་གླིང་སྒྲུང་སོགས་སློབ་སྦྱོང་གནང་།

ཁོང་གིས་གར་སྟེགས་དེ་བས་རྒྱ་ཆེ་བ་ཞིག་གི་ཐོག་ཏུ་རང་མོས་འཁྲབ་སྟོན་བྱེད་པའི་སྐལ་བ་ཐོབ་ཆེད། ༡༩༥༣ལོར་ཐུབ་བསྟན་ལགས་དགོན་པ་ནས་ཐོན། དེའི་རྗེས་སྔ་ཕྱིར་རྒྱལ་གཅེས་གཞོན་ནུ་ཤེས་རིག་མཐུན་ཚོགས་དང་། བོད་ལྗོངས་སྡེ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་ལྷ་སའི་གཞོན་ནུ་དང་བུད་མེད་མཉམ་འབྲེལ་ཚོགས་པ་སོགས་སུ་ཞུགས་ནས་དྲིལ་བསྒྲགས་འཁྲབ་སྟོན་གྱི་ཕྱག་ལས་གནང་།
ཕྱི་ལོ་༡༩༦༠ལོར་ལྷ་ས་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པ་དངོས་སུ་དབུ་བརྙེས་པ་དང་། ཐུབ་བསྟན་ལགས་ཀྱང་ཚོགས་པ་དེ་ཐོག་མར་འཛུགས་མཁན་གྱི་གྲས་ཤིག་ཡིན་པའི་ངོས་ནས་ལས་ཁུངས་དེར་ཞུགས། དུས་སྐབས་དེར་ལྷ་ས་ཤར་ཕྱོགས་ཟློས་གར་ཚོགས་པའི་རྒན་བློ་བཟང་རྡོ་རྗེ་ལགས་ནས་རྒྱ་རིགས་ཀྱི་དགོད་བྲོའི་གཏམ་གླེང་མཁས་པ་ཧོ་པོ་ལིན་གྱི་བརྩམས་འབྲས་ཆང་བཟི་ཞེས་པ་དེ་བོད་སྐད་དུ་བསྒྱུར་བ་དང་། དེ་ཐུབ་བསྟན་ལགས་དང་འཁྲབ་སྟོན་པ་གཞན་ཞིག་གིས་འཁྲབ་སྟོན་ལེགས་པར་གནང་བས། མང་ཚོགས་ཀྱི་དགའ་མོས་ཆེན་པོ་ཐོབ་ཅིང་། འཁྲབ་ཚན་དེ་བོད་སྐད་ཐོག་ནས་འཁྲབ་སྟོན་བྱས་པའི་དགོད་བྲོའི་གཏམ་གླེང་ཆེས་ཐོག་མར་གྱུར། ད་དུང་འཁྲབ་གཞས་གྲགས་ཅན་གྲོང་གསར་བསྐོར་བ་ཞེས་པ་དེ་ཡང་ཕྱི་ལོ་༡༩༦༥ལོར་རྒན་ཐུབ་བསྟན་ལགས་དང་ཕུན་ཚོགས་སྒྲོལ་མ་ལགས་ནས་ཐེངས་དང་པོར་འཁྲབ་སྟོན་གནང་།

རྒན་ཐུབ་བསྟན་ལགས་ཀྱིས་འདས་པའི་ལོ་དྲུག་བཅུ་ལྷག་ཙམ་རིང་སྔ་ཕྱིར་ལྷ་ས་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པའི་འགོ་འཛིན་དང་། ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། བོད་རང་སྐྱོངས་ལྗོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། བོད་ལྗོངས་གཞས་མ་གཏམ་མཐུན་ཚོགས་ཀྱི་དབུ་བཞུགས། ཀྲུང་གོའི་གཞས་མ་གཏམ་མཐུན་ཚོགས་ཀྱི་དབུ་བཞུགས་གཞོན་པ་སོགས་ཀྱི་འགན་ཏེ། ཁོང་དང་ཁོང་གི་ལས་རོགས་ཚོས་དབུལ་བཅོས་ཕྱུག་འགྱུར་དང་།གླུ་གར་གྱི་རྒྱ་མཚོ། སྐད་ར་མ་ལུག  བོད་ཀྱི་ཨང་དང་པོ། རིག་དངོས་ཀྱི་རེ་འབོད། སྤྱི་སྤྱོད་དངོས་པོའི་གསང་གཏམ། བར་སྐོར་ནང་གི་གླེང་མོལ་ཞེས་པ་སོགས་ནི་དགོད་བྲོའི་གཏམ་གླེང་དཔེ་མཚོན་འོས་པ་དག་ཡིན་ཞིང་། དེ་དག་གི་དོན་ཟབ་པ་དང་། དགོད་བྲོ་བའི་ཁྱད་ཆོས་ཀྱིས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་སོགས། ཁོང་གི་མི་ཚེ་ཧྲིལ་པོར་བོད་སྐད་ཀྱི་གཏམ་བརྗོད་སྒྱུ་རྩལ་ལ་བརྟེན་ནས་བོད་རིགས་མི་མང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་གོམས་སྲོལ་རྒྱུན་སྐྱོང་དར་སྤེལ་དང་། དུས་རབས་དང་མཐུན་པའི་སློབ་གསོའི་ཁ་ཕྱོགས་ལམ་སྟོན་སོགས་གནང་ཡོད་པ་རེད།ཕྱི་ལོ་༢༠༠༦ཟླ་༥་པའི ནང་བོད་ལྗོངས་རིག་རྩལ་ལྷན་ཚོགས་ནས་རྒན་ཐུབ་བསྟན་ལགས་ནས་སྒྱུ་རྩལ་གྱི་ཕྱག་ལས་གནང་ནས་ལོ་དྲུག་བཅུ་འཁོར་བའི་ཞིབ་བསྡུར་གྲོས་ཚོགས་འཚོགས་པ་དང་། གྲོས་ཚོགས་དེའི་ཐོག་རྒན་ཐུབ་བསྟན་ལགས་ཀྱི་ལོ་ངོ་དྲུག་བཅུའི་སྒྱུ་རྩལ་ལ་གདེང འཇོག་མཐོན་པོ་གནང་ཞིང་། ཁོང་གི་བགྲང་བྱ་དྲུག་བཅུ་ལྷག་ཙམ་གྱི་སྒྱུ་རྩལ་གྱི་མི་ཚེའི་ནང་། གསར་རྩོམ་དང་། བཅོས་སྒྲིག གཙོ་འཁྲབ། མཉམ་འཁྲབ་བཅས་གནང་བའི་དགོད་བྲོའི་གཏམ་གླེང་དང་། གླིང་སྒྲུང་། འབྲས་བཤད། བླ་མ་མ་ནི། ལྷ་མོ་སོགས་ཀྱི་འཁྲབ་ཚན་ལྔ་བརྒྱ་ལྷག་ཟིན་ཞིང་། དེ་དག་ལ་སྔ་ཕྱིར་རྒྱལ་ཡོངས་རང་བཞིན་གྱི་བྱ་དགའ་རིམ་པ་དང་པོ་གསུམ་དང་། གཉིས་པ་བཞི། གསུམ་པ་གསུམ། ཕུལ་བྱུང་བྱ་དགའ་ལྔ་བཅས་དང་། ལྗོངས་རིམ་པའི་བྱ་དགའ་རིམ་པ་དང་པོ་ཐེངས་བཅུ་བཞི་ཙམ་ཐོབ། ད་དུང་ཁོང་མི་སྒེར་ལ་གཟེངས་བསྟོད་སྣ་ཚོགས་ཐོབ་ཡོད་པ་དང་། ལྷག་པར་དུ་ཁོང་ནས་བོད་ཀྱི་གཞས་མ་གཏམ་སྒྱུ་རྩལ་དར་རྒྱས་ཆེད་དུ་ཚེ་གང་རིང་འབད་འཐབ་གནང་བའི་རྐྱེན་གྱིས། སྤྱི་ལོ་༢༠༠༦ལོར་ཀྲུང་གོའི་རིག་རྩལ་ལྷན་ཚོགས་དང་ཀྲུང་གོའི་གཞས་མ་གཏམ་མཐུན་ཚོགས་ནས་ཁོང་ལ་ཀྲུང་གོའི་གཞས་མ་གཏམ་སྒྱུ་རྩལ་གྱི་བྱ་དགའ་མཐོ་ཤོས་ཏེ། ཚེ་གང་གྲུབ་འབྲས་བྱ་དགའ་ཞེས་པ་ཐོབ་ཡོད་པ་དང་། ཁོང་ནི་བྱ་དགའ་དེ་ཐོབ་མཁན་བོད་རིགས་སྒྱུ་རྩལ་མཁས་པ་དང་པོ་དེ་ཆགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༢༠ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 1

  1. ལ་དྭགས་ཡུལ་མི་ says:
    ལོ་ 7 སྔོན།

    རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཞས་མ་གཏམ་གྱི་སྒྱུ་སྩལ་བ་གྲགས་ཅན་དང་། སྤྱི་ཚོགས་ཀྱི་སློབ་གསོ་བ་དམ་པ་ཁོང་མགྱོགས་ནས་མྱུར་དུ་གང་ཉིད་ཀྱི་ཕ་ཡུལ་ལྷ་སར་ཡང་བསྐྱར་ཕེབས་སྒུག་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese