མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་གསོད་ཀྱི་གཏེ་བོ་ལི་ཕོང་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༡༩/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

མདང་དགོང་པེ་ཅིན་གཞུང་གི་དབང་བསྒྱུར་སྲིད་བྱུས་ཀྱི་སློབ་སྟོན་པར་ངོས་འཛིན་བྱེད་བཞིན་པའི་སྲིད་བློན་ཟུར་པ་ལི་ཕོང་ནད་གཞིའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཡོད་འདུག
རང་ལོ་ ༩༠ ཡིན་པའི་ལི་ཕོང་ནི་རྒྱ་ནག་གི་མགོ་འཁྲིད་ཏུན་ཞའོ་ཕིན་སྐབས་ཀྱི་སྲིད་བློན་ཡིན་པ་དང་། ཕྱི་ལོ་ ༡༩༨༩ ལོའི་སློབ་མའི་ཡར་ལངས་སྐབས་སྡེབ་གསོད་ལ་སྐུལ་མ་གཏོང་མཁན་གཙོ་བོ་ཞིག་ཡིན་པ་མ་ཟད། དྲུག་བཞིའི་དོན་རྐྱེན་བྱུང་ནས་བདུན་ཕྲག་གཅིག་གི་རྗེས་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་དུ། ལི་ཕོང་གིས་ཡར་ལངས་ཞི་འཇགས་སུ་གཏོང་བར་བཅིངས་གྲོལ་དམག་ལ་བཀོད་མངགས་བྱས་ཡོད་པའི་གནས་ཚུལ་ཐོན་རྗེས། ཕྱིའི་རྒྱལ་ཁབ་ཁག་ནས་ཁོང་ལ་པེ་ཅིན་གྱི་ཤན་པ་ཞེས་པའི་མིང་བཏགས་ཡོད་པ་ལྟར། དེ་རིང་རྒྱལ་སྤྱིའི་གསར་ལམ་བྷི་བྷི་སི་དང་རོའུ་ཊིར་སོགས་ཀྱི་གསར་འགྱུར་ཁ་བྱང་དུའང་པེ་ཅིན་གྱི་ཤན་པ་འདས་གྲོངས་སུ་ཕྱིན་ཞེས་བྲིས་འདུག

དམར་གསོད་བཀོད་མངགས་བྱས་པའི་གནས་ཚུལ་དེ་བསྒྲགས་སྐབས། རྒྱ་ནག་གཞུང་འབྲེལ་གསར་ལམ་ནས་དོན་རྐྱེན་དེའི་ཁྲོད་མི་གྲངས་ ༣༠༠ ཙམ་ལས་བསད་མེད་པ་དང་། དེ་དག་ལས་མང་ཆེ་བ་དམག་མི་ཡིན་པ་དང་སློབ་ཕྲུག་ ༢༣ ལས་བསད་མེད་སྐོར་བརྗོད་ཡོད་པ་དང་། ཕྱིས་སུ་རྒྱ་ནག་གཞུང་ཕྱོགས་ནས་ཏུན་ཞའོ་ཕིན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལི་ཕིང་གི་བཀོད་མངགས་ལྟར་རྒྱལ་ནང་གི་ཟིང་འཁྲུག་ཞི་འཇགས་སུ་བཏང་ཐུབ་ཡོད་པ་སོགས་ཀྱི་བསྟོད་བསྔགས་བྱས་ཡོད་འདུག

ལི་ཕོང་ནི་བོད་ཀྱི་དབང་བསྒྱུར་གནད་དོན་ཐད་མཁྲེགས་བཟུང་ཆེ་ཤོས་ཀྱི་དཔོན་རིགས་ཤིག་ཡིན་པ་དང་།  ཁོས་སྲིད་དབང་འཛིན་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་རྡོག་རོལ་དང་། ཉེས་མེད་བོད་མི་མང་པོ་བཙོན་འཇུག་དང་དམར་གསོད་ཡ་ང་བ་བྱས་ཡོད་སྟབས།  ཕྱི་ལོ་ ༢༠༡༣ ལོར་བོད་ཀྱི་ཆབ་སྲིད་བཙོན་ཟུར་འདས་པོ་དཔལ་ལྡན་རྒྱ་མཚོ་ལགས་དང་། སྟག་སྣ་འཇིགས་མེད་བཟང་པོ་ལགས། དགའ་ལྡན་གྲྭ་བག་བྲོ་ལགས་སོགས་བོད་མི་ཁག་ཅིག་གིས། སི་པིན་རྒྱལ་སྤྱིའི་ཁྲིམས་ཁང་ལ་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་སོགས་མགོ་འཁྲིད་ལྔ་སྟེ། རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་དང་སྲིད་བློན་ཟུར་པ་ལི་ཕོང་ (li peng)། ཆོད་ཧྲི་ (Qiao shi)། ཁྲིན་ཁའེ་ཡན་ (chen kuiyuan)། ཕིང་ཕེ་ཡུན་ (Peng peiyun)བཅས་ཀྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་མི་རིགས་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱས་པའི་ནག་ཉེས་འོག་འཛིན་བཟུང་བྱེད་དགོས་པའི་ཁྲིམས་གཏུག་བྱས་ཡོད་པ་ལྟར་ཁྲིམས་ཀྱི་བཅད་ཁྲའང་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད།

ལི་ཕོང་ནི་ཕྱི་ལོ་ ༡༩༢༨ ལོར་རྒྱ་ནག་སི་ཁྲོན་དུ་སྐྱེས་པ་དང་། ཕྱི་ལོ་ ༡༩༨༧་ལོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ལས་ཀ་བྱེད་མགོ་ཚུགས་ཡོད་པ་དང་། ཁོ་ཐེངས་ ༤ ལ་རྒྱ་ནག་གི་སྲིད་བློན་དུ་བསྐོས་ཡོད་པ་དང་། ཁོའི་བུ་གཉིས་དང་བུ་མོ་གཅིག་དེའང་དེང་སང་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་མགོ་འཁྲིད་རེ་ཡིན་འདུག  ཕྱི་ལོ་༡༩༩༤ ལོར་ལི་ཕོང་གིས་རྒྱ་ནག་གི་མ་འོངས་པའི་དཔལ་འབྱོར་འཕེལ་རྒྱས་སོགས་ལ་དམིགས་ཏེ་ཡར་ཀླུང་གཙང་བོའི་བརྒྱུད་དུ་རྒྱ་ནག་གི་ཆུ་མཛོད་ཁང་ཆེས་ཤོས་བརྒྱབས་ཡོད་པ་དེ་ཁོའི་བྱས་རྗེས་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

སྐར་མ ༥༡ སྔོན་ལ།
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༢ སྔོན་ལ།
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

ཆུ་ཚོད་ ༢ སྔོན་ལ།
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 5

  1. ལ་དྭགས་ཡུལ་མི་ says:
    ལོ་ 7 སྔོན།

    སྤྲང་ཕྲུག་ལི་ཕང་། ཁོའི་ཤི་རོ་དེ་དུམ་བུར་གཏུབ་ནས་གསང་སྤྱོད་ནང་གཡུག

    Reply
  2. ལ་དྭགས་ཡུལ་མི་ says:
    ལོ་ 7 སྔོན།

    སྐྱག་པའི་འདས་གྲོངས། ཞེ་ཚིག་སྦྱར་དགོས་མ་རེད།

    སྡུག་ཤི་རྒྱབ་པ་རེད། ད་ལྟ་ཚ་དམྱལ་བཅོ་བརྒྱད་ནང་བསྡད་ཡོད་རེད།

    བོད་མི་རིགས་ལ་སྡུག་པོ་གཏོང་མཁན་གཏེ་བོ་དེ་ཁོ་རེད། ཨ་མདོ་དང་ཁམས་པས་མི་ཤེས་ན་མ་གཏོགས་་་ལྷ་སར་བོད་རིགས་ལ་སྡུག་སྦྱོང་བཀའ་ཕབ་མཁན་གཙོ་བོའི་གྲས་རེད། སྡུག་ཤི་རྒྱབ་པ་དེ་དགའ། དགའ། འོ་དགའ་ དགའ།

    Reply
  3. Lhatse says:
    ལོ་ 7 སྔོན།

    རིམ་པས་སྡིག་ཅན་དཔོན་རིགས་གཞན་ཀྱང་དེ་ལྟར་འཆི་འགྲོ་ཉེ་ལེ་རེད། ཨ་ཁ་དམྱལ་བ་མཐིང་ནག་ནང་ལྷུང་རྒྱུ་ཡིན་པ་ཐག་ཆོད། ཨ་ཁ་དེ་འདྲ་བའི་སྡིག་ཅན་དག་སྔ་ས་ནས་མ་འཆི་པར་འདི་ཙམ་ཚེ་རིང་གང་བྱས་ནས་བསྡད་པ་ཡིན་ནམ།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    ཨོམ་མ་ཎི་པདྨེ་ཧུང་་་་་་སྡིག་ཆེན་ལི་ཕིང་་ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་་་་ཧུང་་་་་་་་ཧྲི

    Reply
  5. འབྲོང་བུ་སོག་ཚ། says:
    ལོ་ 7 སྔོན།

    ཡ་ད་སྡིག་རྒན་གཅིག་ཕྱི་མའི་སྔ་ལམ་དུ་སོང་འདུག་ཨ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese