མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཕྲུག་གཉིས་ལ་བློན་ཆེན་བྱ་དགའ་ཐོབ།

བོད་ཀྱི་དུས་བབ།
༢༠༡༩/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་སློབ་མ་བསྟན་རྣམ་གཡུ་སྦྲང་ལགས་དང་བསྟན་འཛིན་ལྷ་མོ་ཨུ་དགའ་ལགས་གཉིས་ལ་ཨོ་གླིང་གི་ནེའུ་སོའོ་ཌི་ལྦེལ་མངའ་སྡེའི་བློན་ཆེན་བྱ་དགའ་ཐོབ་འདུག
ཟླ་འདིའི་ཕྱི་ཚེས་ ༩ ཉིན། སིད་ཎི་གྲོང་ཁྱེར་ནང་གི་ནེའུ་སོའོ་ཌི་ལྦེལ་གཙུག་ལག་སློབ་གྲྭ་ཆེན་མོའི་ (University of New South Wales) ཚོགས་ཁང་དུ། ཕྱི་ལོ་ ༢༠༡༩ ལོའི་ཨོ་གླིང་ནེའུ་སོའོ་ཌི་ཝེལ་(New South Wales)མངའ་སྡེ་གཞུང་གི་མི་རིགས་སློབ་གྲྭའི་བློན་ཆེན་བྱ་དགའ་སྤྲོད་པའི་མཛད་སྒོ་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་མངའ་སྡེའི་ཤེས་རིག་བློན་ཆེན་ལྕམ་སཱ་རཱ་མཱེ་ཤཱལ(Sarah mitchell)མཆོག་གིས། སིད་ཎི་བོད་རིགས་མཐུན་ཚོགས་རིག་གནས་སྐྱེས་ཚལ་ཁང་གཟའ་མཇུག་སློབ་གྲྭའི་སློབ་མ་བསྟན་རྣམ་གཡུ་སྦྲང་ལགས་སུ། གཞི་རིམ་གོང་མའི་བོད་ཀྱི་སྐད་ཡིག་སློབ་གཉེར་སྦྱང་འབྲས་རྩེར་སོན་གྱི་བློན་ཆེན་བྱ་དགའ་རིམ་པ་གཉིས་པའི་གཟེངས་རྟགས་ཐོབ་ཡོད་པ་དང་། སློབ་མ་བསྟན་འཛིན་ལྷ་མོ་ཨུ་དགའ་ལགས་སུ་གཞི་རིམ་འོག་མའི་བོད་ཀྱི་སྐད་ཡིག་སློབ་གཉེར་སྦྱང་འབྲས་རྩེར་སོན་གྱི་བློན་ཆེན་བྱ་དགའ་རིམ་པ་གཉིས་པ་ཐོབ་ཡོད་འདུག

བློན་ཆེན་གྱི་བྱ་དགའ་དེ་ནི། གཟའ་མཇུག་སློབ་གྲྭ་སོ་སོའི་ནང་ནས་ལོ་འཁོར་ཡིག་རྒྱུགས་དང་འཛིན་གྲྭར་བཅར་ཐོ། སྤྱོད་ལམ་དང་རིག་རྩལ་འགྲན་ཚོགས་སུ་འཛུལ་ཞུགས་ཀྱི་སྤུས་ཚད་བཅས་གཙོར་བཟུང་གིས་འོས་དམིགས་གཉིས་རེ་མངའ་སྡེའི་ཤེས་རིག་ལས་ཁུངས་ལ་ཕུལ་རྗེས། ཤེས་རིག་ལས་ཁུངས་ཀྱིས་བློན་ཆེན་བྱ་དགའི་འོས་དམིགས་རྣམས་ཀྱི་གནས་སྟངས་ལ་དཔྱད་ཞིབ་བགྱིས་ཏེ། སློབ་མ་རྩེ་ཕུད་ ༡༠ དྲག་འདེམས་ཀྱིས་བློན་ཆེན་བྱ་དགའ་རིམ་པ་དང་པོ་དང༌གཉིས་པ། གསུམ་པ་བཅས་གནང་སྲོལ་ཡོད་པ་ཞིག་ཡིན་འདུག

ཕྱི་ལོ་ ༡༩༧༨ ལོ་ནས་ནེའུ་སོའོ་ཌི་ཝེལ་མངའ་སྡེའི་མི་རིགས་སྐད་ཡིག་སློབ་གྲྭའམ་གཟའ་མཇུག་སློབ་གྲྭ་གསར་བཙུགས་གནང་ཡོད་པ་དང་། ད་ལྟའི་ཆར་མི་རིགས་སྐད་ཡིག་སློབ་གྲྭའི་ཁྱབ་ཁོངས་སུ་ཁྱོན་སློབ་གྲྭ་ ༥༦༡ དང་སློབ་ཕྲུག་སྟོང་ཕྲག་  ༣༧ ལྷག་གིས། འཛམ་གླིང་གི་སྐད་ཡིག་མི་འདྲ་བ་ ༦༢ ཐོག་སློབ་སྦྱོང་གནང་བཞིན་ཡོད་པ་དང་། དྭང་བླངས་དགེ་རྒན་ཁྱོན་གྲངས་ ༣༡༦༣ ཡོད་འདུག མི་རིགས་སྐད་ཡིག་སློབ་གྲྭའི་སློབ་ཕྲུག་ཁོངས་ནས་སློབ་ཕྲུག་ ༢༠༧ ལ་ཕྱི་ལོ་ ༢༠༡༩ ལོར་བློན་ཆེན་བྱ་དགའ་ཐོབ་ཡོད་འདུགསིད་ཎི་བོད་རིགས་མཐུན་ཚོགས་རིག་གནས་སྐྱེད་ཚལ་ཁང་ནི་ཕྱི་ལོ་ ༡༩༩༧ ཟླ་ ༩ པའི་ནང་ཁྱིམ་ཚང་གི་བོད་སྐད་བོད་ཡིག་སློབ་གྲྭའི་ངོ་བོ་ཙམ་ནས་རིམ་བཞིན་ཡར་རྒྱས་སུ་སོང་ཞིང་། ཕྱི་ལོ་ ༢༠༡༠ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སློབ་གྲྭའི་མིང་ལ་རིག་གནས་སྐྱེད་ཚལ་ཁང་ཞེས་གསོལ་སྩལ་མཛད།  ཕྱི་ལོ་ ༢༠༡༣ ལོར་མངའ་སྡེའི་ཤེས་རིག་ལས་ཁུངས་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭར་དེབ་སྐྱེལ་ཞུས་རྗེས། ད་བར་སློབ་གྲྭའི་འཛིན་ཁང་དང་ཁང་གླའི་དོད།  དགེ་རྒན་ཟབ་སྦྱོང་སོགས་ཀྱི་མཐུན་རྐྱེན་མི་རིགས་གཞན་ཁག་དང་གཅིག་མཚུངས་ཐོབ་ཀྱི་ཡོད་འདུག རིག་གནས་སྐྱེས་ཚལ་ཁང་དུ་ད་ལྟ་དངོས་སུ་མི་རིགས་སྐད་ཡིག་སློབ་གྲྭའི་ཁོངས་སུ་དེབ་སྐྱེལ་ཟིན་པ་སློབ་ཕྲུག་ཁྱོན་གྲངས་ ༨༨ དང༌། དྭང་བླངས་དགེ་རྒན་དང་ལས་བྱེད་ཁྱོན་ ༢༣ ཡོད་འདུག སློབ་གྲྭའི་འཛིན་སྐྱོང་གི་སྒྲིག་གཞི་དང་ཤེས་ཡོན་གྱི་སྲིད་བྱུས་ས་གནས་མངའ་སྡེ་གཞུང་གི་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་ལམ་སྟོན་ཁག་དང་། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཉིས་ཟུང་འབྲེལ་བྱས་ནས་འགྲོ་བཞིན་ཡོད་པ་དང་།

རེས་གཟའ་སྤེན་པར་འཆར་ཅན་ལྟར་དྭང་བླངས་དགེ་རྒན་ཚོས་སློབ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་རིག་གཞུང༌། ལོ་རྒྱུས་དང་ནང་ཆོས། རྐང་བྲོ་དང་གླུ་གཞས་བཅས་སློབ་བཞིན་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese