མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་ཡ་ཆེན་སྒར་གྱི་གྲྭ་བཙུན་གྲངས་འབོར་ལ་བསྐྱར་དུ་ཞིབ་བཤེར་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༩/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཡ་ཆེན་སྒར་ནས་ཕྱིར་འཕུད་བཏང་ཞིང་འཇོ་མདའ་རྫོང་དང་། ཆབ་མདོ་རྫོང་། རི་བོ་ཆེ་བཅས་སུ་བཀག་ཉར་བྱས་ཡོད་པའི་གྲྭ་བཙུན་མང་པོ་ཞིག་དགོན་པར་འགྲོ་མི་ཆོག་པའི་བཀའ་རྒྱའི་འོག་རང་ཁྱིམ་དུ་བཏང་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་ཡ་ཆེན་སྒར་དེ་གླིང་མང་པོ་ཞིག་ཏུ་བགོས་ནས་ཡོད་པ་དང་། ཕར་ཕྱོགས་ཚུར་ཕྱོགས་གཉིས་སུ་ཁྱོན་གླིང་ ༩ ཡོད་པ་དང་། རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་དགོན་པའི་ནང་དུ་ལྟ་སྲུང་ཁང་ཆེན་པོ་ཞིག་དང་དགོན་པའི་འགྲམ་དུ་ཞིབ་བཤེར་ས་ཚིགས་ཤིག་གཏན་སྡོད་བྱེད་ཀྱི་ཡོད་ཀྱང་། ཐེངས་འདིར་རྒྱ་ནག་གཞུང་གིས་གྲྭ་བཙུན་གྱི་གྲངས་ཐོ་ཚང་མ་བླངས་ཚར་བ་དང་བདེ་འཇགས་ཆེད་དུ་ཡིན་སྐོར་བརྗོད་དེ། གླིང་ ༩ ནང་དུ་ཉེན་རྟོག་ལྟ་སྲུང་ཁང་རེ་རེ་འཛུགས་འཆར་ཡོད་སྐོར་སོགས་བརྗོད་བྱུང་།

དེ་སྔོན་ཡ་ཆེན་ཆོས་སྒར་གྱི་བླ་མ་དགེ་བཤེས་དང་མཁན་པོ་སྤྲུལ་སྐུ་སོགས་འཛིན་སྐྱོང་ལྷན་ཚོགས་ངོས་ནས་རྒྱ་ནག་གཞུང་གིས་གྲྭ་ཤག་གྲངས་ཐོ་རྩིས་ལེན་མི་དགོས་པར། འཛིན་སྐྱོང་ལྷན་ཚོགས་ནས་སྡོད་ཁང་དང་དཔེ་མཛོད། སྒོམ་ཁང་སོགས་ཀྱི་ཆ་རྐྱེན་འཛོམས་པའི་ཐོག་ནས་གྲངས་ཐོ་བླངས་ཏེ། རྫོང་དང་ཞིང་ཆེན་སོགས་ལ་སྙན་ཞུ་སྤྲད་ཡོད་ཀྱང་། རྒྱ་ནག་གཞུང་གིས་གྲངས་ཐོ་དེར་ངོས་ལེན་རྩ་བ་ནས་བྱས་མེད་འདུག

གཞན་ཡང་གནས་ཚུལ་མཁོ་སྤྲོད་པས། ཉེ་སྔོན་ཕྱི་ཟླ་ ༥ དང་ ༦ པའི་ནང་ཡ་ཆེན་སྒར་ནས་ཕྱིར་འཕུད་བཏང་བའི་གྲྭ་བཙུན་མང་པོ་ཞིག་ཆབ་མདོ་འཇོ་མདའ་རྫོང་དང་། ཆབ་མདོ་རྫོང་། རི་བོ་ཆེ་བཅས་སུ་བཀག་ཉར་འོག་བཞག་སྟེ་རྒྱ་གཞུང་གི་ཆབ་སྲིད་ལངས་ཕྱོགས་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲད་ཡོད་ཀྱང་། ཕྱི་ཟླ་ ༨ ཚེས་ ༢༤ ཙམ་ལ་བཀག་ཉར་འོག་ཡོད་པའི་སྐོར་ཐེངས་དང་པོ་དང་། ཕྱི་ཟླ་ ༩ པའི་ཚེས་མགོར་སྐོར་ཐེངས་གཉིས་པ་ཀློད་པ་བཅས་ད་བར་དུ་གྲྭ་བཙུན་ ༤༠ ཙམ་རེ་ཡོད་པའི་སྐོར་ཐེངས་གསུམ་ཀློད་ཡོད་འདུག་ལ། སྤྱིར་བཏང་ཆབ་མདོའི་བཀག་ཉར་ཁང་དུ་གྲྭ་བཙུན་ ༥༠༠ ཙམ་དང་འཇོ་མདའ་རྫོང་དུ་ ༡༠༠༠ ཡས་མས་ཡོད་པ་དང་། ད་ལྟ་ཤུལ་དུ་ལྷག་ཡོད་པའི་གྲྭ་བཙུན་གཞན་རྣམས་ཟླ་ ༡ ཙམ་ལས་འདུག་མི་དགོས་བར་ཀློད་འཆར་ཡོད་པ་དང་། ཀློད་གྲོལ་བྱུང་བའི་གྲྭ་བཙུན་རྣམས་རང་ཁྱིམ་དུ་སྡོད་པ་ལས་གཞན་དགོན་པ་དང་ས་ཆ་གཞན་གང་ལ་ཡང་སོང་མི་ཆོག་པ་མ་ཟད། བྱ་འགུལ་སོགས་གང་གི་ནང་དུའང་ཞུགས་མི་ཆོག་པ་དང་། ཕ་ཡུལ་དང་གྲོང་སྡེ་གཅིག་པ་ཚོ་མཚམས་རེར་འཛོམས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ལ་མུ་འཐུད་དུ་སློབ་སྦྱོང་བྱེད་དགོས་པའི་བཀའ་བཏང་ཡོད་སྐོར་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་དགོན་པའི་ཕྱེད་ཀ་ཙམ་གཏོར་ཏེ་གྲྭ་ཤག་གི་ཤུལ་གཙང་བཟོ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོའི་ལོ་དཀྱིལ་ཙམ་དུ་རྒྱ་ནག་གཞུང་གིས། ཡ་ཆེན་སྒར་དུ་ལམ་ཆེན་མེད་ན་མེ་སྐྱོན་བྱུང་སྐབས་སོགས་སུ་རླངས་འཁོར་འགྲོ་ས་མེད་སྟབས། གྲྭ་སྒར་དུ་གཞུང་ལམ་རྨིད་ ༡༠ ཅན་གྱི་ལམ་ཆེན་བདུན་དང་། བཙུན་མའི་སྒར་དུ་ལམ་ཆེན་བཅུ་ཙམ་བཟོ་དགོས་པས་གྲྭ་བཙུན་གྱི་ཁང་པ་ཉུང་མཐར་ ༣༥༠༠ ལྷག་གཏོར་དགོས་པའི་སྔོན་བརྡ་འབྱོར་ཡོད་པ་ལྟར།  ལོ་དེའི་ཕྱི་ཟླ་ ༡༠ ཙམ་ནས་བཟུང་དངོས་སུ་གཏོར་བཤིག་ལག་བསྟར་བྱས་ཏེ། གྲྭ་བཙུན་རྣམས་ཀྱིས་སོ་སོའི་ཁང་པ་སོ་སོས་བཤིག་དགོས་པའི་གནས་སྟངས་བྱུང་བ་དང་། གལ་སྲིད་སོ་སོས་མ་བཤིག་པ་ཡིན་ན། གཞུང་གིས་བཤིག་སྟེ་ཁང་པའི་རྒྱུ་ཆ་ཡོངས་རྫོགས་བེད་མེད་བཟོ་རྒྱུ་ཡིན་པའི་ཉེན་བརྡ་སོགས་བཏང་ཡོད་པའི་གནས་ཚུལ་ཕྱི་ཕྱོགས་སུ་ཐོན་ཡོད་པ་མ་ཟད། ཉེ་སྔོན་གྱི་གནས་ཚུལ་ནང་ས་གནས་གཞན་ནས་སློབ་གཉེར་བྱེད་དུ་ཡོང་བའི་གྲྭ་བཙུན་ ༣༥༠༠ ཕྱིར་འཕུད་བཏང་ཟིན་ཡོད་པ་མ་ཟད།  ཁོང་ཚོ་ཕྱིར་ཕ་ཡུལ་དུ་འབྱོར་རྗེས་ས་གནས་འགའ་རེ་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ཆབ་སྲིད་སློབ་གསོ་ཟེར་བ་སྤྲོད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད་པ་དང་། དེ་བཞིན་བོད་ཁུལ་གྱི་དགོན་ཁག་མང་པོར་གྲྭ་བཙུན་ཚོད་འཛིན་བྱས་ཏེ། གྲྭ་རྒྱུན་རང་ལོ་ ༡༨ མ་ལོན་པ་རྣམས་བཙན་གྱིས་སྲིད་གཞུང་གི་སློབ་གྲྭར་བཅུག་པ་དང་། དགོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་སྲིད་གཞུང་གི་ཆོག་མཆན་ངེས་པར་དུ་ཐོབ་དགོས་པ་སོགས་དམ་དྲག་བཀག་སྡོམ་རིགས་ཤུགས་ཆེན་བྱེད་ཀྱི་ཡོད་པའི་གནས་ཚུལ་རིམ་པར་བྱུང་གི་ཡོད་སྟབས། ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཆོས་དད་རང་དབང་སྐོར་གྱི་སྙན་ཐོའི་ནང་རྒྱ་ནག་གཞུང་ནས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་བཅས་སུ་གྲྭ་ཤག་ ༡༦༠༠ ཙམ་གཏོར་བཤིག་བཏང་ཡོད་པ་མ་ཟད། གྲྭ་བཙུན་ ༣༠༠༠ ཙམ་ཕྱིར་འཕུད་བཏང་ཡོད་པ་དང་། གྲྭ་བཙུན་ ༡༥༠༠ ཙམ་ལ་ཆབ་སྲིད་སློབ་གསོ་སྤེལ་ཡོད་སྐོར་གསུངས་ཡོད་པ་དང་། ཡང་སྙན་ཐོ་དེའི་ནང་བོད་ནང་གི་ཆོས་དད་རང་དབང་སྐོར་ཆེད་དམིགས་གསལ་འདོན་གྱིས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༢ ནས་ཆོས་དོན་སྒྲིག་ཁྲིམས་ (Regulations on Religious Affairs) གསར་པ་ལག་བསྟར་བྱས་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་གཙོ་བོར་གྱུར་བའི་བོད་ཀྱི་ས་གནས་ཁག་ཏུ་ཡོད་པའི་དགོན་སྡེ་གྲྭ་ཚང་གི་དཔེ་ཁྲིད་ལ་དམིགས་བསལ་དམ་དྲག་དང་། ཉིན་རེའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཐེ་བྱུས་སོགས་བྱེད་ཀྱི་ཡོད་པ་མ་ཟད། འདས་ལོར་རྒྱ་ནག་གཞུང་གི་དམ་དྲག་སྲིད་བྱུས་འོག་གྲྭ་བཙུན་ཁག་གཅིག་ལ་སྡུག་སྦྱོང་མནར་གཅོད་དང་ཁག་ཅིག་ངེས་མེད་འཛིན་བཟུང་སོགས་བྱས་ཡོད་པ་དང་། གྲྭ་བཙུན་ཁག་ཅིག་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་སྐོར་སོགས་ཐེར་འདོན་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    རྒྱ་མིའི་བོད་ནང་བྱེད་སྟངས་དང་ལས་སྟངས་ལ་ལྟས་ན་ང་ཚོ་འདིར་སྐྱིད་ཉལ་
    རྒྱབ་ནས་ནང་འཁྲུགས་རྒྱབ་ནས་ཁ་མཆུ་ལ་མགོ་འཁོར་ཕོད་ས་རེད་པས་ད་རྒྱ་
    མི་ལ་ང་ཚོའི་བརྡ་ལན་ག་འདྲ་སྤྲོད་ག་རྒྱ་མིའི་བོད་མི་རིགས་དང་བོད་ཀྱི་
    རིག་གཞུང་བོད་ཀྱི་ཕྱི་ནང་སྣོད་བཅུད་ཡོངས་རྫོགས་རྩ་མེད་བཟོ་བཞིན་པ་ལ་
    ད་དུང་ང་ཚོའི་དབུ་མའི་ལམ་ལ་སྐྱབས་བཅོལ་ནས་དབུ་མའི་ལམ་གྱི་བདག་དབང་
    བཀའ་ཤག་ཡོད་ཟེར་ནས་འཛམ་གླིང་ལ་ཁྱབས་བསྒྲགས་བྱས་ནས་དུས་ཚོད་བསྐྱལ་
    ནས་བོད་ཡུལ་རྒྱ་ཡུལ་ལ་འགྱུར་འདོད་ཡིན་ནམ་དེ་མིན་ན་ད་ང་ཚོ་བོད་མི་རིགས་
    ལ་རྒལ་ཚིག་དང་ཁྲག་རྩ་ཡོད་ན་རང་བཙན་ལས་གཞན་དུ་ཁ་ཕྱོགས་ས་མེད་པ་རྒྱ་
    མིའི་བྱེད་སྟངས་དང་ལས་སྟངས་ནས་ང་ཚོར་ངོ་སྤྲད་མ་སོང་ངམ་རིང་མིན་ཚོགས་
    ལ་ཉེ་བའི་དམིགས་བསལ་ཚོགས་ཆེན་ཐོག་རྒྱ་མིའི་བོད་ནང་བྱེད་སྟངས་དང་ལས་སྟངས་
    ལ་ང་ཚོའི་གནད་ལ་འཁེལ་བ་དང་དོན་ལ་སྨིན་པའི་ལས་འགུལ་སྤེལ་ཐུབ་པའི་གྲོས་ཆོད་
    བཞག་དགོས་པ་དེ་བཅའ་ཁྲིམས་དོན་ཚན་༥༩ པའི་ཆ་རྐྱེན་འོག་ཚོགས་འདུ་བསྐོང་པའི་
    དོན་གོ་ཆོད་དགོས་པ་དེ་གལ་ཆེན་དོན་ཆེན་ཛ་དྲག་ལ་ངོས་འཛིན་དགོས་པ་མ་རེད་དམ།

    Reply
    • OM Shanti says:
      ལོ་ 6 སྔོན།

      རང་བཙན་རྩོད་ནས་གང་མྱུར་བོད་ལ་ལོག་ཐུབ་རྒྱུ་ཡོད་དམ། དབུ་མའི་ལམ་གྱི་ཐོག་ནས་མྱུར་བ་ཡོད་དམ། ང་རང་༸གོ་ས་༸མཆོག་གི་བཀའ་སློབ་ལ་བསམ་དུས། དབུ་མའི་ལམ་ཟེར་བ་དེ་མྱུར་བ་མཐོང་གི་འདུག ༸གོང་ས་མཆོག་གི་བཀའ་སློབ་ཉན་མྱོང་མཁན་ཞིག་ཡིན་ན་ཁོང་གི་དབུ་མའི་ལམ་དེ་གནས་སྟངས་ག་འདྲ་ཞིག་ལ་གཟིགས་ནས་འདེམས་ཡོད་མེད་མཁྱེན་རྟོགས་ཁ་པོ་རེད། ཁོང་ནས་གསུངས་གསལ་(ངས་ནོར་མེད་ན་)བོད་མིའི་མི་འབོར་དེ་ཉུང་ཉུང་ཞིག་ཡིན་པའི་ཁར་རང་བཙན་བརྩོད་ལེན་བྱས་ནས་ལེན་ཐབས་གནང་བ་ཡིན་ན་ཚེ་སྲོག་མང་པོ་ཞིག་གཏང་དགོས་ཀྱི་ཡོད་པ། རང་བཙན་ཐོག་ནས་རྩོད་ལེན་བྱས་ན་དུས་ཚོད་ག་ཚོད་ཞིག་འགོར་སྲིད་པ། རྒྱལ་ཁབ་ག་ཚོད་ཞིག་གིས་རྒྱབ་སྐྱོར་གནང་གི་རེད། དུས་ཚོད་འདིའི་བར་བོད་པ་ག་ཚོད་ཞིག་གི་ཚེ་སྲོག་གཏང་དགོས་ཀྱི་ཡོད་དམ། བོད་མིའི་རིག་གཞུང་དང་བོད་ཀྱི་ཕྱི་ནང་སྣོད་བཅུད་ཡོངས་རྫོགས་ད་ལྟ་གཏོར་བཤིག་བཏང་དང་གཏོང་བཞིན་པའི་སྐབས་དེ་བས་གང་མྱུར་རྫོགས་ཉེན་ཆེ་བ། བོད་ནང་ཡོད་པའི་བོད་མི་ཚོའི་བསྡུག་བསྔལ་དེ་ལས་གང་མྱུར་གྲོལ་ཐབས་ཀྱི་ཆེད་དུ་དབུ་མའི་ལམ་དེ་འདེམས་པ་ཞིག་ཡིན་གྱི་རེད་བསམ་གྱི་འདུག དེ་ན་དབུ་མའི་ལམ་དེ་ལ་བོད་མི་ཡོངས་རྫོགས་ཀྱིས་རྒྱབ་སྐྱོར་གནང་ནས་ཁ་གཅིག་མགྲིན་གཅིག་ཐོག་ནས་རྒྱལ་སྤྱིའི་ནང་སྔར་ལས་ཆེ་བའི་རྩོད་ལེན་གནང་ཐབས་གནང་རོགས་ཞུ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese