མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་དྲུག་བཙན་འཁྲིད་བྱས། 

བོད་ཀྱི་དུས་བབ།
༢༠༡༩/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྟོན་དུས་ཆེན་ལ་རྒྱལ་དར་འཕྱར་ནས་བསྟོད་གླུ་ལེན་དགོས་པའི་བཀའ་རྒྱར་མ་ཉན་པའི་རྐྱེན་གྱིས་བོད་མི་ ༦ འཛིན་བཟུང་བྱས་ཡོད་འདུག

འབྲེལ་ཡོད་ཅིག་གིས་བརྒྱུད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༠ ཙམ་ལ་བོད་ནག་ཆུ་ས་ཁུལ་རྟར་ཆེན་གྲོང་རྡལ་དུ། རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ ༧༠ འཁོར་བའི་དུས་སྟོན་དང་བསྟུན། བོད་མི་ཚོས་རྒྱ་ནག་གི་རྒྱལ་དར་འཕྱར་ཏེ། དམར་ཤོག་ཚོགས་པར་བསྟོད་གླུ་ལེན་དགོས་སྐོར་བཙན་སྐུལ་བྱས་པ་དྭང་ལེན་མ་བྱས་པར་བརྟེན།  བོད་མི་ ༦ ལམ་བར་ནས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

བོད་མི་ ༦ དེ་ནི་རྟར་ཆེན་གྲོང་རྡལ་ཤག་རོང་པོ་དགོན་གྱི་ཡུལ་སྡེ་གེ་སོའི་ཚ་ལྷིས་དང་སྲ་བྷ་གྲོང་ནས་སྨན་པ་ཚེ་རྒྱལ་དང་དབྱངས་འཕེལ། བདུད་འདུལ་ལྷ་རྒྱས། ནོར་བཟང་། ཤེས་དབང་རྣམ་རྒྱལ། སྲིད་ཐར་དབང་རྒྱལ་བཅས་ཡིན་པ་དང་། ནང་མི་སོགས་མི་སུ་གང་ལའང་ཐུག་འཕྲད་བྱེད་དུ་བཅུག་མེད་པ་དང་།  ནང་མི་ཚོས་ཟ་མ་དང་ཉལ་ཆས་སོགས་སྐྱེལ་ཆོག་པའི་རེ་བ་ཞུས་ཡོད་ཀྱང་སྤྲོད་དུ་བཅུག་མེད་པ་མ་ཟད། དེ་ལྟར་བྱས་ཚེ་ཉིན་གྲངས་མང་པོའི་རིང་བཀག་ཉར་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་སོགས་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། སྨན་པ་ཚེ་རྒྱལ་ལགས་ནི་ཁོ་རང་གི་བཟའ་ཟླ་དཀར་དབྱངས་ཀྱི་ནད་གཡོག་བྱས་ཏེ་སྨན་ཁང་ནས་ཁྲིད་སོང་ཡོད་པ་དང་།  སྨན་པ་ཚེ་རྒྱལ་ནི་རྒྱུན་དུ་ཕ་ཡུལ་ལ་ཕན་ཐོགས་ཆེ་བའི་སེམས་བཟང་ཅན་གྱི་སྨན་པ་ཞིག་ཡིན་པ་དང་། དེ་བཞིན་སྲིད་ཐར་དབང་རྒྱལ་ལགས་ཡང་དཔལ་འབྱོར་ཞན་པ་ཚོར་ཟས་གོས་དང་དངུལ་སོགས་ཀྱིས་རོགས་སྐྱོར་བྱེད་མཁན་ཞིག་ཡིན་པ་དང་། ཉེ་སྔོན་ནས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོ་ཟེར་བའི་སྟེང་། ནག་ཆུ་རྟར་ཆེན་གྲོང་རྡལ་དུ་སྲིད་གཞུང་མི་སྣ་ལྟ་སྐོར་ལ་ཡོང་གི་ཡོད་སྐོར་བརྗོད་ནས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་གིས་རྒྱལ་སྟོན་དུས་ཆེན་ཟེར་བའི་འོག་བོད་ཁུལ་གྱི་ས་ཆ་སོ་སོར་དམར་ཤོག་ཚོགས་པར་བསྟོད་གླུ་དང་དགའ་བསུ་བྱེད་པའི་བྱ་འགུལ་སྣ་ཚོགས་སྤེལ་བར་བཙན་སྐུལ་གཏོང་གི་ཡོད་པ་དང་། ས་ཁུལ་མང་པོའི་ནང་བོད་མི་ཚོ་བསྡུས་ནས་རྒྱ་ནག་གི་རྒྱལ་དར་འཕྱར་བཅུག་ནས་དགའ་བསུའི་རྣམ་འགྱུར་སོགས་སྟོན་བཅུག་གི་ཡོད་པ་དང་། རྔ་བ་དང་མཛོད་དགེ་སོགས་ནས་དམར་ཤོག་ཚོགས་པར་བསྟོད་པ་ཞེས་པའི་གླུ་གཞས་འགྲན་བསྡུར་སོགས་བྱེད་བཅུག་གི་ཡོད་པ་མ་ཟད། རྒྱལ་སྟོན་དུས་ཆེན་དང་བསྟུན་མི་མང་གི་བདེ་འཇགས་ཟེར་བ་སོགས་ལ་ཁ་གཡར་ནས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་དང་། གང་བྱུང་སྔོག་བཤེར་བྱེད་པ་སོགས་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་འདུག

བོད་ཀྱི་རྒྱལ་ས་ལྷ་ས་གཙོའི་ས་ཁུལ་མང་པོའི་དགོན་པ་དང་གཙུག་ལག་ཁང་གྲོང་སྡེ་སོགས་སུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་པ་དང་། ད་ལྟའི་ཆར་དྲ་ལམ་ཁག་ཏུ་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་དང་དགོན་པ་ཁག་གི་ཡང་སྟེང་སོགས་སུ་དམར་དར་མང་པོ་བཙུགས་ཡོད་པ་མ་ཟད། དགོན་པ་མང་པོའི་ནང་དམར་ཤོག་ཚོགས་པར་བསྟོད་གླུ་དང་། དགོན་པའི་གྲྭ་བཙུན་ཚོས་མེས་རྒྱལ་ཁྲི་ལོར་ཤོག་ཟེར་བའི་གླུ་གཞས་གཏོང་བཞིན་པ་སོགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་འདུག

གཞན་བོད་ཀྱི་རྒྱལ་ས་ལྷ་ས་སོགས་ནས་ཆེད་དུ་རྒྱལ་སྟོན་དུས་ཆེན་ཟེར་བ་དང་བསྟུན་ཆེད་དམིགས་ཉེན་རྟོག་པ་དང་དམག་མི་མཉམ་འབྲེལ་ཐོག་མི་མང་གི་འགྲོ་འདུག་སྤྱོད་གསུམ་དང་། ཟིང་འཁྲུག་རིགས་བཀག་འགོག་ཆེད་སྦྱོང་བརྡར་རིམ་པར་སྤྲད་ཡོད་པ་དང་། མཛད་སྒོའི་སྟེང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཡིས་ཉེན་རྟོག་པ་དང་དམག་མི་ཚོས་རྒྱལ་སྟོན་དུས་ཆེན་སྐབས་དང་བསྟུན་མི་མང་ཁྲོད་ཟིང་འཁྲིག་མི་ཡོང་བ་དང་། ཟིང་འཁྲུག་བྱུང་བ་དེ་མ་ཐག་མཆོང་ཕོད་པ་དང་འཐབ་ཕོད་པ་གནད་དོན་རྩ་མེད་བཟོ་ཐུབ་པ་བྱས་ཏེ། དམར་ཤོག་ཚོགས་པ་བཙུགས་ནས་ལོ་འཁོར་ ༧༠ ལོན་པར་རྟེན་འབྲེལ་ཞུ་དགོས་པའི་བཀའ་བསྒྲགས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡ སྔོན་ལ།
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

ཆུ་ཚོད་ ༡ སྔོན་ལ།
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠
Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

༢༠༢༦/༠༩/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese