མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 མ་ཉེས་ཁག་གཡོགས་ཀྱི་ཁ་མཆུ་ཨང་ ༢༠ པ་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ལ་ཐོབ།

བོད་ཀྱི་དུས་བབ།
༢༠༡༩/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་དོན་གཅོད་འཕོ་འགྱུར་གཏོང་དགོས་དོན་ཀྱི་བཀའ་ཤག་གི་གསལ་བཤད་དོན་ཚན་ ༡༠ ཡི་ཁོངས་ནས་དོན་ཚན་ ༩ རྩོད་ལན་པ་བཀའ་ཤག་ནས་ཁུངས་སྐྱེལ་ཐུབ་མེད་པའི་བཅད་ཁྲ་བཏང་འདུགདེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ནས་དགོང་མོའི་ཆུ་ཚོད་ ༧།༣༠ ཡས་མས་བར་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལེའུ་བརྒྱད་པའི་དོན་ཚན་ ༥༠ པ་གཞིར་བཟུང་། ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༠ པ་མ་ཉེས་ཁག་གཡོགས་ཞིབ་དཔྱོད་ཐད། དང་པོ་གྱོད་གཞིའི་གནས་ལུགས་སྙིང་བསྡུས་དང་། གཉིས་པ་ཐག་གཅོད་བྱེད་གཞིའི་གནད་དོན་ཁག གསུམ་པ་དེ་དག་ལ་བརྟེན་པའི་ཐག་གཅོད། བཞི་པ། ཐག་གཅོད་དེ་དག་གི་རྒྱུ་མཚན་བཅས་འཁོད་པའི་ཟུར་སྣོན་ཡིག་ཆ་བཅས་ཤོག་གྲངས་ ༡༠༢༨ ཅན་གྱི་དེབ་མཐུག་པོ་གཉིས་བཏོན་ནས་མཐའ་མའི་ཐག་གཅོད་ཀྱི་གསལ་བསྒྲགས་གནང་སོང་བ་དང་། བཅད་ཁྲའི་བཀའ་ཁྱབ་ནང་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁུལ་མ་མཐུན་པ་ཤུགས་ཆེར་གྱུར་པའི་རྩོད་རྙོག་འདི་ད་ཆ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཡིག་ཁག་གི་དགོངས་དོན་ལྟར་ཐག་གཅོད་ཟིན་པར་བརྟེན། བཅད་ཁྲའི་འབྲུ་དོན་གཞིར་བཟུང་བོད་རིགས་སྤུན་ཟླ་རྣམས་ཆིག་སྒྲིལ་དམ་གཙང་ཡོང་བའི་ཐབས་ཚུལ་ལ་གྱོད་ཡ་ཕྱོགས་གཉིས་ནས་འབད་པ་ལྷུར་ལེན་དགོས་པ་དང་། དེ་རིང་ནས་རྩིས་པའི་ཉིན་གྲངས་ ༣༠ ནང་ཚུན་དུ་བཅད་ཁྲའི་འབྲུ་དོན་ཁག་གྱོད་ཡ་ཕྱོགས་གཉིས་ནས་ཉམས་ལེན་ལག་བསྟར་ཟིན་པ་དགོས་པའི་བཀའ་ཁྱབ་བཏང་གནང་འདུག

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དངོས་དོན་བརྒྱད་དང་ཁྲིམས་དོན་གཉིས་རེ་རེ་བཞིན་ཐག་གཅོད་གནང་བ་རྣམས་གཞི་རྩར་བཞག་པའི་མཐའ་མའི་བཅད་ཁྲའི་ནང་དུ།  བཀའ་ཤག་གི་དོན་གཅོད་འཕོ་འགྱུར་བཏང་བའི་ཐག་གཅོད་གནང་ཕྱོགས་ཀྱི་བརྒྱུད་རིམ་ཁག་སྒྲིག་མཐུན། བྱུང་མེད་པ་ཁྲིམས་དོན་དང་པོའི་སྐབས་སུ་ཐག་གཅོད་བྱས་ཡོད་པ་དང༌། ཐག་གཅོད་དེའི་གཞི་རྩ་འཇོག་ཡུལ་བཀའ་ཤག་གི་གསལ་བཤད་དོན་ཚན་ ༡༠ བཀོད་པ་ནས། ནང་གསེས་དོན་ཚན་ ༡༠ པ་དེ་གནད་དོན་གཏན་འབེབས་ཁོངས་སུ་མེད་པ་དང༌། ཞིབ་གཅོད་སྐབས་སུ་རྩོད་བཤད་ཀྱང་བྱས་མེད་པས། འཕྲོས་དོན་ཚན་ ༩ དངོས་དོན་སོ་སོར་གོང་དུ་ཐག་གཅོད་བྱས་ཡོད་པ་ནས། ཞུ་སྦྱོར་བས་ཁུངས་སྐྱེལ་དགོས་པ་ཁག་ཐུབ་པ་དང༌། རྩོད་ལན་པས་ཁུངས་སྐྱེལ་དགོས་པ་ཁག་མ་ཐུབ་པར་བརྟེན།༡) བཀའ་ཤག་ནས་བྱང་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་དང་། དེའི་རྗེས་འབྲེལ་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེ། གནས་ཚུལ་ཡོང་ཁུངས་ངེས་བརྟན་མེད་པ་དང་། ཁ་ཡན་ལ་གོ་ནོར་ཐེབས་དབང་གིས། སྤེན་པ་ཚེ་རིང་གི་ལྷག་བསམ་དང་། འཇོན་ཐང་། བཟང་སྤྱོད་བཅས་པར་མ་ཉེས་ཁག་གཡོགས་ཤོར་བ་དང་། སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་སོང་བའི་སྐོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བཅད་ཁྲ་ཁྱབ་བསྒྲགས་གནང་འདུག་པར་བརྟེན། བཀའ་ཤག་གིས་སྤེན་པ་ཚེ་རིང་ལ་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་བརྗོད་བྱ་འདི་རང་བཀོད་པའི་དགོངས་སེལ་ཞུ་ཡིག་འདི་ཨིན་བོད་སྐད་ཡིག་གཉིས་ཀའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་བོད་མིའི་རང་དབང་དང་། bod.asia, tibet.net, tibetonline.tv བཅས་སུ་འདོན་འགྲེམས་གསལ་བསྒྲགས་བྱས་ཏེ། དེ་དག་གི་ཡིག་ཆ་རྣམས་ཞུ་སྦྱོར་བར་སྤྲོད་ཆེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས།

༢) ༼ ཞུ་སྦྱོར་བས་ཞིབ་གཅོད་སྐབས་སུ། ཁྲིམས་རྩོད་པའི་གླ་ཡོན་མ་གཏོགས་ཞུ་སྦྱོར་བ་དོ་བདག་རང་ཉིད་ལ་གུན་གསབ་དགོས་ཀྱི་ཡོད་ཅེས་རྩ་བ་ནས་ཉིད་ནས་ཞུ་ཡི་ཡོད་པ་མ་རེད་ཅེས་བརྗོད་པ་ལྟར། བཀའ་ཤག་གིས་ཞུ་སྦྱོར་བའི་ཁྲིམས་རྩོད་པའི་གླ་ཡོན་སྤྲོད་དམིགས་ཧིན་སྒོར་དགུ་ཁྲི་བརྒྱད་སྟོང་(༩༨,༠༠༠།༠༠) ཕྱི ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༥ ནང་ཚུན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས།

༣) རྩོད་ལན་པ་བཀའ་ཤག་གི་དགོས་འདུན་ནང་། བོད་མིའི་སྤྱི་ཚོགས་ལྷིང་འཇགས་ཡོང་བ་དང་བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་ལ་དོ་ཕོག་མི་ཡོང་བ་གཙོར་བཟུང་ཞེས་གསལ་བ་ལྟར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁུལ་མ་མཐུན་པ་ཤུགས་ཆེར་གྱུར་པའི་རྩོད་རྙོག་འདི་ད་ཆ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཡིག་ཁག་གི་དགོངས་དོན་ལྟར་ཐག་གཅོད་ཟིན་པར་བརྟེན། བཅད་ཁྲའི་འབྲུ་དོན་གཞིར་བཟུང་། སོ་སོར་འཁྲི་བབས་ཀྱི་ཉམས་ལེན་ཞུ་སྒོ་འཚེམས་མེད་དགོས་ཤིང༌། བོད་བསྟན་སྲིད་མི་རིགས་ཀྱི་ཛ་དྲག་གནས་སྟངས་ལ་བསམ་གཞིགས་ཀྱིས། བོད་རིགས་སྤུན་ཟླ་རྣམས་ཆིག་སྒྲིལ་དམ་གཙང་ཡོང་བའི་ཐབས་ཚུལ་ལ་གྱོད་ཡ་ཕྱོགས་གཉིས་ནས་འབད་པ་ལྷུར་ལེན་དགོས་པ་བཅས་ཀྱི་བཅད་ཁྲར། ཞེས་བཀོད་འདུག

ཡང་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ནང་དུ། ཁ་མཆུ་འདི་དང་འབྲེལ་བའི་ལབ་གླེང་མང་དག་ཅིག་གྱོད་ཡ་ཕྱོགས་གཉིས་ཀ་ནས་གཞུང་འབྲེལ་ལས་དོན་བཀོད་མངགས་དང་སྙན་གསན་ཁག་ངག་ཐོག་ནས་བྱས་ཏེ་གོ་བརྡ་འཕྲོད་མ་འཕྲོད་དབང་གིས་བྱུང་འདུག་ཅིང༌། དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་། ཐོབ་ཐང་གི་སྒྲིག་གཞི་དོན་ཚན་ ༢ ནང་གསེས་ ང༽ ནང་། ལས་དོན་གལ་ཆེའི་རིགས་ཐག་གཅོད་བྱ་སྒོ་རྣམས་ཡིག་ཐོག་དགོས་པ་དང་། ངག་ཐོག་མ་ཡིན་པ་གཙོ་འདོན་བྱ་དགོས་ཤིང་། གལ་ཏེ་ངག་ཐོག་ཐག་གཅོད་མི་བྱ་མཐུ་མེད་བྱུང་ཚེ། འཕྲལ་མར་ཡིག་འཇོག་ཐུབ་པ་བྱ་དགོས་ཞེས་པའི་འབྲུ་དོན་ཉམས་ལེན་ལག་བསྟར་ཚུལ་བཞིན་མ་བྱས་པའི་ཉེར་ལེན་གྱིས་ཡིན་འདུག་པས། འཛིན་སྐྱོང་ནས་སླད་མར་སྒྲིག་གཞི་འདིའི་ཞུ་སྒོར་ཐུགས་སྣང་གཟབ་ནན་དགོས་གལ། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ (༡) ཆ་རྐྱེན་འོག་ལས་བྱེད་མ་ཡིན་པ་ཞིག་དོན་གཅོད་དུ་བསྐོ་གཞག་བྱས་པ་ཞིག་གི་ཆེད་འགྲོ་ལུགས་འགྲོ་སྟངས་ཟུར་དུ་གཏན་འབེབས་མ་བྱུང་བར། ལས་བྱེད་དེས་འདེམས་ལྷན་སྒྲིག་གཞི་དང་ལས་བྱེད་བླང་དོར་སྒྲིག་གཞི་ཁྱབ་སྲུང་དགོས་པ་དང༌། ཕྱོགས་མཚུངས་བསྐོ་གཞག་བྱེད་པོ་ནས་ཀྱང་ཁྱབ་སྲུང་དགོས་པ་བསྙོན་མེད་ཡིན། ཕུགས་སུ་ལས་བྱེད་མ་ཡིན་པ་ཞིག་དོན་གཅོད་དུ་བསྐོ་གཞག་གི་འོས་ཆོས་དང་། མཐུན་རྐྱེན། ཐོབ་ཐང་། འཕོ་འགྱུར་གཏོང་ཕྱོགས་བཅས་སྒྲིག་གཞི་ཁག་གི་ནང་གསལ་གཏོད་ཐུབ་པའི་འབད་བརྩོན་གནང་གལ་དང༌། མ་བྱུང་ཚེ། དེ་དག་དང་འབྲེལ་བའི་བྱ་ལམ་བྱེད་བདེའི་རྩ་འཛིན་ལམ་སྟོན་ཞིག་འཛིན་སྐྱོང་བཀའ་ཤག་ནས་ཐུགས་འགན་བཞེས་ཏེ་བཟོ་དགོས། ཞེས་བཀོད་འདུག

བཅད་ཁྲ་གསལ་བསྒྲགས་གྲུབ་རྗེས་ཞུ་སྦྱོར་བའི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས་གསར་འགོད་པར། མ་ཉེས་ཁག་གཡོགས་ཀྱི་ཁ་མཆུ་ཨང་ ༢༠ པ་དེ་ཞུ་སྦྱོར་བར་རྒྱལ་ཁ་ཐོབ་བྱུང་། ཁ་མཆུ་འདི་དགའ་དྲག་པའི་ཐོག་ནས་ཞུ་གཏུག་བྱས་པ་ཞིག་མིན་པར་འུ་ཐུག་ནས་དྲང་བདེན་གྱི་ཆེད་དུ་ཞུ་གཏུག་བྱས་པ་ཞིག་ཡིན་པ་དང་། དེ་རིང་རྒྱལ་ཁ་འདི་ནི་དམངས་གཙོ་དང་། ཁྲིམས་ཀྱི་དབང་བསྒྱུར། དྲང་བདེན་བཅས་ཀྱི་རྒྱལ་ཁ་ཞིག་རེད། ཅེས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་དེ་མཐའ་མའི་ཐག་གཅོད་ཅིག་དང་གོང་ན་མེད་པ་ཞིག་ཡིན་སྐོར་བརྗོད་སོང་།

དེའི་རྗེས་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས། གཙོ་བོ་དེ་རིང་ནས་ཁྲིམས་ཀྱི་གནས་ཚུལ་དེ་ཚར་སོང་བ་དང་། ལོ་གཅིག་དང་ཕྱེད་ཀ་ལྷག་ཅིག་འགོར་སོང་བ་དང་དུས་ཡུན་དེའི་རིང་དཀའ་ལས་བརྒྱབས་པའི་འབྲས་བུ་ཐོན་ཡོད་པ་རེད། བཀའ་ཤག་ངོས་ནས་དོན་ཚན་ ༡༠ སྐྱོན་བརྗོད་བྱས་ཡོད་ན་ཡང་། དོན་ཚན་གཅིག་ཙམ་ཞིག་མ་གཏོགས་དོན་ཚན་ ༩ ཆ་ཚང་ཞིག་ཁུངས་སྐྱེལ་བྱེད་ཐུབ་མེད་པ་དང་། དཔེར་ན་ད་ལྟའི་དོན་ཚན་ ༡༠ དེར་ནང་གསེས་དབྱེ་བ་ཕྱེས་པ་ཡིན་ན་ཁ་ཤས་ལ་གཅིག་དང་ཁ་ཤས་ལ་གཉིས་གསུམ་བཅས་ཡོད་པ་དང་། ཁྱོན་བསྡོམས་ནང་གསེས་ཕྱེས་པ་ཡིན་ན་ ༡༩ ཡོད་པ་དང་། དེའི་ནང་ནས་ཞུ་སྦྱོར་བས་ཁུངས་སྐྱེལ་དགོས་པ་དོན་ཚན་ ༥ དང་བཀའ་ཤག་ངོས་ནས་ཁུངས་སྐྱེལ་དགོས་པ་དོན་ཚན་ ༡༤ ཆགས་ཡོད་ན་ཡང་། བཀའ་ཤག་ངོས་ནས་ཁུངས་སྐྱེལ་དགོས་པ་གཅིག་ལ་ཡང་ཁུངས་སྐྱེལ་ཐུབ་ཡོད་པ་མ་རེད། ང་ཚོའི་ངོས་ནས་ཁུངས་སྐྱེལ་དགོས་པ་ཚང་མ་བསྐྱལ་ནས་དེ་རིང་རྒྱལ་ཁ་ཞིག་ཐོབ་ཡོད་པ་རེད། ཅེས་གསུངས་སོང་།

ཁྲིམས་ཀྱི་རྒྱལ་ཁ་དང་འབྲེལ་ནས་སྤྱི་ཚོགས་ནང་རྙོག་ཟིང་མི་ཡོང་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་ལ་ཁོང་གིས། ནམ་རྒྱུན་ཡིན་ན་རྒྱལ་ཁ་དང་གནས་སྟངས་དེ་འདྲ་བྱུང་བའི་སྐབས་སུ་དགའ་ཚོར་འདྲ་བོ་བྱུང་རྒྱུ་ཡོད་ན་ཡང་། དེ་རིང་ཁ་གཏད་དེ་བཀའ་ཤག་ཡིན་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་མིང་ཐོག་ནས་ཕམ་ཉེས་བྱུང་བ་དེ་ལ་དགའ་ཚོར་བྱུང་དགོས་པའི་གནས་སྟངས་རྩ་བ་ནས་ཆགས་ཀྱི་མི་འདུག་ལ། ཐེངས་འདིར་ཁྲིམས་ཁང་ལ་དགའ་དྲགས་པའི་ངང་ནས་སོང་བཞག་པ་ཞིག་རྩ་བ་ཉིད་ནས་མིན་པ་དང་། ཁྲིམས་ཞིབ་ཁང་ནས་ཡིག་ཆ་དང་དཔང་རྟགས་རྩོད་པ་སོགས་ཚང་མ་གཞི་ལ་བཞག་ནས་ཐག་གཅོད་རྒྱས་ཤིང་རྒྱས་པ་ཞིག་གནང་ཡོད་པ་དང་། ཁྲིམས་ཞིབ་ཁང་ནས་ནོར་འཁྲུལ་སུས་ཤོར་བ་དེ་གསལ་བོ་ཆགས་ཚར་ཡོད་དུས། མང་ཚོགས་ཀྱིས་གནད་དོན་དེ་ཤེས་རྒྱུ་གལ་ཆེན་པོ་ཡིན་པ་ལས། དེ་ལ་འཁོན་འཛིན་གྱིས་སྤྱི་ཚོགས་ནང་བརྡབ་གསིག་མི་ཡོང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།ཁྲིམས་ཞིབ་ཁང་གི་གསར་འགོད་གསལ་བསྒྲགས་གྲོལ་རྗེས་འཛིན་སྐྱོང་བཀའ་ཤག་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཀྱི་རིམ་པ་ཆ་ཚང་དེ་རིང་ནས་འགྲོ་ཚར་ཡོད་པ་དང་། བཀའ་ཤག་ངོས་ནས་ཐག་གཅོད་དེ་ཚོ་ལས་རྒྱུ་འབྲས་དང་ལྡན་པར་ཡོང་རྒྱུའི་རེ་བ་གནང་བ་གཞིར་བཟུང་ཕལ་ཆེར་བྱུང་མེད་ཀྱང་། ཁྲིམས་ཞིབ་ཁང་ནས་ཐག་གཅོད་གནང་ཚར་བ་ཞིག་ཡིན་དུས། དེར་བསྐྱར་དུ་གོང་ཞུ་བྱ་རྒྱུ་དེ་འདྲའི་བརྒྱུད་རིམ་ཧ་ལམ་མེད་པའི་བཟོ་ལྟ་བུ་ཡིན་སྐོར་དང་། ད་ལྟའི་ཆར་ཤེས་རིག་དང་ནང་སྲིད་བཀའ་བློན་མ་གཏོགས་བཀའ་བློན་མང་ཆེ་བ་དྷ་སར་བཞུགས་མེད་པ་དང་། བར་ལམ་ནས་ཁྲིམས་ཞིབ་ཀྱི་ཐག་གཅོད་ག་དུས་བྱས་པ་ཡིན་ན་ཡང་སྲིད་སྐྱོང་ས་གནས་ལ་བཞུགས་ཀྱི་མེད་པའི་བཀའ་མོལ་ཞིག་ཡོང་གི་ཡོད་ཀྱང་། སྤྱིའི་ལས་ཀ་གལ་ཆེ་ཆུང་ལ་གཟིགས་ནས་ཕེབས་པ་ཞིག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་རྩིས་མེད་བཏང་བ་ཞིག་མིན་སྐོར་དང་། བཀའ་ཤག་ལྷན་རྒྱས་འཛོམས་པའི་སྐབས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མཐའ་མའི་ཐག་གཅོད་དེ་གང་འདྲ་བྱུང་མིན་བཀའ་བསྡུར་གནང་བ་བརྒྱུད། རིམ་པས་བཀའ་ཤག་གི་ལངས་ཕྱོགས་གང་ཡིན་མིན་གསལ་པོ་ཆགས་རྒྱུ་ཡིན་སྐོར་དང་། ཁྲིམས་ཁང་གི་ཐག་གཅོད་ཀྱི་ལེའུ་དེ་གྲུབ་ཚར་ཡོད་པ་ལྟར་། ཚང་མས་སྤྱི་ཚོགས་ནང་ལ་ཕུ་དཀྲུག་མདའ་དཀྲུག་དང་ཟ་ང་ཟིང་ངེ་རྩ་བ་ཉིད་ནས་མེད་པར་ལྷིང་འཇགས་ཐོག་ལ་གནས་རྒྱུར་དགོངས་པ་བཞེས་དགོས་སྐོར་གསུངས་སོང་།

གསར་འགོད་ལྷན་ཚོགས་ཐོག་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས། རང་ཉིད་ཁྲིམས་རྩོད་པ་ཞིག་ཡིན་པའི་ཆ་ནས་ད་ཐེངས་ཀྱི་ཁ་མཆུའི་ཐག་གཅོད་དེ་དྲང་བདེན་དང་། རྒྱུ་འབྲས་དཔང་ལ་བཙུགས་ཏེ་དངོས་ཡོད་ཀྱི་གནས་ཚུལ་གཞིར་བཞག་ཐོག་ནས་ཐག་གཅོད་བྱས་པ་ཞིག་རེད་རྩ་བ་ནས་དྲན་གྱི་མེད་སྐོར་དང་། ད་ལྟའི་གནད་དོན་དེ་ནི་དོན་གཅོད་འཕོ་འགྱུར་བཏང་བ་ནས་མགོ་བཙུགས་པ་ཞིག་ཡིན་པ་དང་། ཁྲིམས་ཁང་གི་ཐོག་མའི་ཉན་ཞིབ་སྐབས་སུ་ཡང་དོན་གཅོད་འཕོ་འགྱུར་གཏོང་ཕྱོགས་དེ་ཁྲིམས་དང་ལམ་ལུགས་དང་མཐུན་ཡོད་པ་ཐག་བཅད་ཡོད་ཀྱང་། དེ་རིང་གི་བཅད་ཁྲའི་ནང་དེ་འགྲིག་མེད་པ་ལྟ་བུ་འཁོད་ཡོད་སྐོར་དང་། དེ་རིང་བཀའ་མོལ་ག་རེ་གནང་ཡང་རང་ཉིད་ཁྲིམས་རྩོད་པ་ཞིག་གི་ངོ་བོའི་ཐོག་ནས་བརྗོད་ཀྱི་ཡོད་པ་དང་། ད་ལན་གྱི་ཁ་མཆུའི་ཐག་གཅོད་དེ་མི་གཅིག་གི་མེ་མདའ་འཕྲོག རྐང་པ་བཅད། ལག་པ་གཏུབས་ནས་དམག་སར་བཏང་བ་དང་ཁྱད་པར་མེད་པ་ལྟ་བུ་ཚོར་ཡོད་སྐོར་བརྗོད་སོང་།

བཅད་ཁྲ་ཞིབ་ཕྲ་ཁྲིམས་ཞིབ་ཁང་གི་དྲ་བར་གཟིགས།

གསར་འགོད་པ། པ་སངས་ཚེ་རིང་། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༡ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 0

  1. Gangseng says:
    ལོ་ 6 སྔོན།

    ཁྲིམས་ཞིབ་ཁང་གིས་བཅད་ཁྲ་གནང་བར་ཡིད་ཆེས་ཀྱི་མི་འདུག་ན། བཅད་ཁྲ་ཞིབ་ཁྲ་ཁྲིམས་ཞིབ་ཁང་གི་དྲ་བར་ཡོད་པ་ཨ་སློག་ཡང་སློག་བགྱིས་ཏེ་གཟིགས་ན་དོགས་པ་དང་རྣམ་རྟོག་རང་ཞི་ལ་འགྲོ་ངེས། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག །

    Reply
  2. ཀུན་དགའ་ཕུན་ཚོགས། says:
    ལོ་ 6 སྔོན།

    ཁ་མཆུ་ཡང་༢༠ པའི་དཔྱད་ཁྲ་འདི་དྲང་བདེན་གི་ཁྲིམས་གཅོད་ཞིག་ཙ་བ་ནས་བྱུང་མིན་འདུག་པས་ངོས་ལེན་ཞུ་ཐབས་བྲལ།
    སྤན་པ་ཚེ་རིང་ལ་རྒྱ་ཆ་ ༡༠༠ ཐམ་པ་ནོར་འཁྲུལ་འམ་ནག་ཉེས་་མེད་པ་དང་བཀའ་ཤག་ནས་རྒྱ་ཆ་ ༡༠༠ ཐམ་པ་ནོར་འཁྲུལ་བྱུང་འདུག་
    ཟེར་བ་དེ་བྱིས་པ་ལོ་ན་ ༡༠ ཡིན་པ་ཞིག་གི་ཀྱང་ནམ་ཡང་ཡིད་ཆེས་བྱེད་མི་ཐུབ་བོ།

    Reply
    • OM Shanti says:
      ལོ་ 6 སྔོན།

      དྲྭ་ཐག་འདི་ “བཅད་ཁྲ་ཞིབ་ཕྲ་ཁྲིམས་ཞིབ་ཁང་གི་དྲ་བར་གཟིགས།” ལ་ཕེབས་ནས་དེའི་ནང་གི་ཁྲིམ་ཐོག་ཡིག་ཆ་ཤོག་གྲངས་ ༡༠༢༨ ཅན་པ་དེར་མ་གཟིགས་པར་བརྒྱ་ཆ་ ༡༠༠ སྒྲིགས་མེད་པ་དེ་འདྲ་གསུངས་ན་ཕྲན་བུའི་ཐལ་ཆ་ཆེ་དྲགས་མེད་དྲོ། ཧ་ཧ་ཧ་་་་

      Reply
  3. jimme baharu@yahoo. says:
    ལོ་ 6 སྔོན།

    ༄༅། བཀའ་ཤག་ལ་ངོ་རྒོལ་བྱས་པ་དང་ཁྲིམས་ལ་སྦྱར་མཁན་ལི་སྒེར་པ་གཅིག་ལ་་དྲང་བདེན་དང་ལྷག་བསམ་ཤེས་
    ཡོན་ཅན་ཡིན་སྐོར་ཁྲིམས་ཞིབ་ཁང་ནས་་་་བསྟོད་མ་ཤེས་པར་ཆེ་བསྟོད་བྱས་པར་མང་ཚོགས་ཤེས་ཡོན་ཅན་རྣམས་
    ནས་གང་བསམ་མམ། བསྟོད་མ་ཤེས་པར་བསྟོད་ན་སྨད་པ་དང། སྨད་མ་ཤེས་པར་སྨད་ན་བསྟོད་པ་ཞེས་པ་འདི་ལ་གང་བསམ་མམ།
    ལར་ནས་རིག་ལམ་ནས་དཔྱད་ན་་་ལྷག་བསམ་དང་་་དྲང་བདེན། ཤེས་ཡོན་ཅན་ཡིན་པ་གང་འདྲ་ཞིག་ལ་ཟེར་རམ།
    བདེན་བཞི་མ་ཤེས་དགེ་བཤེས་ཐོན། འབྲིང་རིམ་མ་ཐོན་མཐོ་སློབ་ཐོན།
    ནང་སེམས་དྲང་མིན་དྲང་བདེན་ཟེར། ལྷག་པ་མེད་པར་ལྷག་བསམ་ཟེར།
    ཧ་ཧ་རྒོད་ནས་བྲིས་པ་ལགས།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    རྟ་རྒྱུགས་ཚར་ཐལ་ཚུབ་ཡལ་ཚར་བ་རེད་ད་ཁ་མཆུ་ཨང་ཉི་ཤུ་གི་ཞུ་སྦྱོར་བ་དང་རྩོད་ལེན་པ་དོ་བདག་ཕན་ཚུན་དང་
    ཟུར་གནས་རྒྱ་ཆེ་མང་ཚོགས་བཅས་ནས་ཕན་རྒྱུ་མེད་པའི་མཐོ་ཙམ་དམའ་ཙམ་བཤད་ནས་བཙན་བྱོལ་སྤྱི་ཚོགས་འདི་
    མ་དཀྲུགས་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་འཁོད་པའི་བོད་ཀྱི་ཡུལ་མིའི་ལས་འགན་
    སྒྲུབ་ནས་ཁ་མཆུ་ཨང་ཉི་ཤུ་དང་འབྲེལ་བའི་གནས་དོན་ཡོངས་རྫོགས་ནམ་མཁའ་གཡའ་དཱགས་དང་ས་གཞི་སྡུལ་དཱགས་
    ཆགས་ཚར་བ་དེ་མཁྱེན་པ་གནང་ནས་ནང་ཁུལ་མཐུན་སྒྲིལ་དམ་ཟབ་དང་གོང་ས་མཆོག་གི་བཀའ་དགོང་སྒྲུབ་རྒྱུ་དེ་ང་ཚོ་
    གཞིས་བྱེས་བོད་མིའི་ལས་འགན་ཆེ་ཤོས་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

    Reply
  5. OM Shanti says:
    ལོ་ 6 སྔོན།

    ཆེས་མཐོའི་ཁྲིམས་ཞིབ་པའི་བཅད་ཁྲ་བཏང་བར་བཀའ་ཤག་གིས་འདོད་པ་མེད་དོག་དོག་གི་བཀའ་མོལ་གནང་འདུག སོ་སོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲར་མོས་མཐུན་མེད་ན། བཙལ་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་དེར་སུས་རྩིས་ཀྱི་རེད་དམ། ཁྲིམས་ཞིབ་ཁང་གི་ལས་འགན་དཀར་པོ་དང་ནག་པོ་དབྱེ་བ་ཕྱེ་རྒྱུ་ལས་སྤུསུ་ལ་ངས་འདུག སུ་ཀ་རྒྱབ་རྟགས་མང་བ་འདུག་བལྟ་རྒྱུ་དེ་མ་རེད། ཁྲིམ་གཏུག་འགྲོ་བའི་སྐབས་ཁུངས་བསྐྱེལ་ཐུབ་པ་ཞིག་དགོས་པ་ལས། ཐག་བཅོད་ཀྱིས་བཅད་ཁྲ་བཏང་ཟིན་རྗེས་བཀའ་ཤག་ནས་དེ་ལ་འདོད་མོས་མེད་ཚུལ་བསྟན་པ་འདིས་མི་མང་ལ་བརྡ་ལེན་ག་འདྲ་ཞིག་གཏང་གི་ཡོད་དམ། མི་མང་ནང་བློ་ཚབ་ཆེན་པོ་འདུག

    Reply
  6. ངག་དབང་བྱང་ཆུབ། says:
    ལོ་ 6 སྔོན།

    ༡ ད་ལམ་གྱི་ཆེད་མཐོའི་ཁྲིམ་ཞིབ་པའི་བཅད་ཁྲ་འདི་དང་། ༢ ཞུ་སྦྱོར་བ་སྤྱི་འཐུས་ཚོགས་ཟུར། ༣ གཙོད་པ་འཛུགས་ཡུལ་བཙན་བྱོལ་བཀའ་ཤག
    བཅས་ཀྱི་མཛད་ཕྱོགས་འདིས། བོད་མིའི་ཁ་གཏད་ནག་པོ་རྒྱ་ནག་ཕྲམ་པའི་གཞུང་འདི་སེམས་ཕྲལ་མི་དགོས་པ་གཉིད་སྐྱིད་པོ་ཞིག་ཉལ་ཆོག་པ་དང་།
    དཀའ་སྡུག་ཚད་མེད་མྱོང་མཁན་གཞིས་བཞུགས་རྒྱ་ཆེའི་མང་ཚོགས་ཀྱི་རེ་བ་དང་། སེམས་ཤུགས་ཆེན་པོས་རེ་བའི་མིག་འབུར་ལྟ་ཡུལ་དེར་བློ་ཕམས་
    དང་སེམས་སྡུག་ཚད་མེད་མེད་ཞིག་སྤྲད་པ་རེད། འདི་གསུམ་ལ་ལྗི་ཡང་གི་ཁྱད་པར་མེད། ཧ་ལས་སོང་། ཧོན་འཐོར་སོང་ངོ།།

    Reply
  7. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་ says:
    ལོ་ 6 སྔོན།

    ད་རིས་ཆེ་མཐོའི་ཁྲིམས་ཞིབས་ཁང་ནས་མི་སྒེར་ཞིག་གིས་༧གོང་ས་མཆོག་གིས་དབུ་འཁྲིད་འོག་མདུན་བསྐྱོད་བྱ་བཞིན་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གམ་གཞུང་དེ་ཁྲིམས་ལ་སྦྱར་བ་མ་ཟད་ངོས་ལེན་ཐོག་ཁ་མཆུ་ཨང་ ༢༠ ཟེར་བ་བོད་ཀྱི་རྩ་དོན་ལས་ལྷག་པའི་གལ་ཆེན་བརྩིས་ནས་ཁྲིམས་གཙོད་བྱས་ པ དང མཐར་སྤེན་པ་ཚེ་རིང་ལ་རྒྱལ་ཁ་སྤྲད་པ་དང་བོད་མིའི་སྒྲིག་འཛུགས་བཀའ་ཕམ་ཉེས་སམ་བདེན་པ་མ་ཡིན་པའི་ཐག་གཅོད་གསལ་བསྒྲགས་གནང་བ་རེད་།
    བསྟན་དགྲ་རྒྱ་ནག་དམར་པོའི་གཞུངགི་མཐར་ཐུགས་དམིགས་ཡུལ་དང་དགོས་འདུན་ཡག་པོ་ཞེ་དྲག་འགྲུབ་པ་དང་བསྒྲུབ་པ་ལ་ངོས་འཛིན་བྱ་རྒྱུ་མ་ཟད་ སྤན་པ་ཚེ་རིང་གཙོས་པའི་མིག་ནག་རྩུམ་ནས་རྒྱབ་སྐྱོར་དང་སྤྱི་ཚོགས་ནང་སྡབས་སིག་དཀྲོགས་གཏམ་སྤེལ་མཁན་ཚོ་དགའ་སྤྲོ་རབ་ཏུ་འཕྲོས་ནས་དགའ་སྐྱིད་སྤྲོ་གསུམ་ལ་རོལ་ནས་སྤྱི་ཚོགས་དྲ་ལམ་གང་སར་བོད་རང་བཙན་ཐོབ་པ་ལས་ལྷག་པའི་དགའ་སྐྱིད་ལ་རོལ་བཞིན་འདུག་བ་།
    དཔྱད་ཁྲ་འདི་བདེན་པ་གཏིལ་འབྲུ་ཙམ་ཡང་མེད་ཁར་ཁྱི་སྤྱང་ངན་འབྲེལ་བྱས་པས་དགྲ་དགའ་གཉེན་སྡུག་དང་ བོདམིའི་ཆིག་བསྒྲིལ་རྩ་གཏོར་གཏོང་བའི་ཐབས་ཟད་དང་མཐའ་ཤལ་གྱི་ལས་ངན་ཞིག་ལས་མི་འདུག་ཞེས་འཇིགས་ཞུམ་དང་ཕྱོགས་རིས་མེད་པའི་ཐོག་ནས་ཞུ་རྒྱུ་མ་ཟད་མཐའ་གཅིགཏུ་ངོ་བརྒོལ་དང་སྦྲགས་ངོས་ལེན་རྩ་བ་ནས་མེད་། རྒྱ་གར་གི་ཡུལ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་བཅས་ལ་བཏུགས་ས་ཡོད་པ་དང་བཏུགས་རྒྱུའི་ཐོབ་ཐང་དང་རང་དབང་ཡོད་སྟབས་གཏུགས་དགོས་པ་དང་དེ་མུར་འཇོགས་ཐབས་རྩ་བ་མེད་།
    དེར་བརྟེན་བཀའ་ཤག་ལྷན་རྒྱས་ནས་ངོས་བཞེས་གནང་གི་མ་རེད་ལ་མི་གནང་རོགས་ཞེས་འབོད་བསྐུལ་ཞུ་། ༧གོང་ས་མཆོག་གིས་བཀའ་འབྲེལ་འོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་དམ་ལ་”བདེན་པ་ཉིད་རྒྱལ་གྱུར་གཅིག་”ཞེས་པའི་མཐའ་ཉིད་དེ་ཡང་ད་རིས་ཆེ་མཐོའི་ཁྲིམས་ཞིབས་པས་རྩིས་མེད་ནག་སུབ་བཏང་ཡོད་། མང་གཙོའི་དཔྱ་ཁྲིམས་ནང་གཞུང་དེ་ཉི་ཁྲིམས་ལ་སྦྱར་སྟེ་ཕམ་་ཉེས་གཏོང་རྒྱུ་དོན་ཚན་གང་ནང་ཡོད་? མང་གཙོའི་རྒྱལ་ཁབ་ཇི་འདྲ་ཞིག་ཡིན་ཡང་མི་སྒེར་ཞིག་གིས་སོ་སོའི་གཞུང་ཁྲིམས་ལ་སྦྱར་བ་དང་ཁྲིམས་ཁང་ནས་གཞུང་ཕམ་་ཉེས་བཏང་བ་མཐོང་ཐོས་སུ་ལ་བྱུང་མྱོང་མེད་ཀྱང་ ང་ཚོ་ནི་འཛམ་གླིང་གཞན་ལ་མེད་པའི་དབུ་འཁྲིད་བླ་ན་མེད་པའི་འོག་གིས་ཁྲིམས་ཞིབས་པས་དེ་ལྟར་གནང་ཕོད་པ་ཧ་ཅང་གིས་ཡ་མཚན་སྐྱེས་ཡ་རེད་།།།

    Reply
  8. འཚུབ་ཐེལ། says:
    ལོ་ 6 སྔོན།

    ད་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་བཏང་ཚར་བ་རེད། དེ་ལས་ལྷག་པའི་ཐག་གཅོད་བྱེད་མཁན་ཞིག་དང་ཐུན་མོང་གིས་བརྩི་བཀུར་ཐུབ་པ་ཞིག་མེད་པ་རེད། བྱས་ཙང་དམངས་གཙོའི་ཀ་བ་གསུམ་གྱི་བླ་ན་མཐོ་བའི་ཁྲིམས་ཞིབ་ཁང་ལ་ཡིད་ཆེས་མི་བྱེད་པ་ནི་རང་ཤེད་ཚ་དྲགས་ཏེ་གནས་ལུགས་དང་ལམ་ལུགས་ཡོད་ཚད་རྡོག་རོལ་དུ་བཏང་བ་རེད། དེ་ལས་སོ་སོའི་བྱས་ཉེས་ལ་སྔ་འགྱོད་ཕྱི་སྡོམ་བྱས་ན་ཡ་རབས་ཀྱི་ལུགས་ཡིན་པར་མ་ཟད་བཀའ་ཤག་གི་ཆེ་མཐོང་ལ་ཡང་ཕན་གྱི་རེད། ཐེངས་འདིར་བློ་ཕམ་ཆེས་ཆེ་བ་ནི་བཀའ་ཤག་ལ་ཁྲིམས་རྩོད་པ་འདི་ལས་ཡག་ཙམ་ཡོད་ན་ཅུང་དྲག་པ་ཡོད་དེ་ད་ནི་ཡོད་ཚད་ཚར་བ་རེད།

    Reply
  9. Samchu says:
    ལོ་ 6 སྔོན།

    Tashi Delek Kushiro PembaLak

    Reply
  10. ལྷ་རྡོ་རྗེ། says:
    ལོ་ 6 སྔོན།

    བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས་རང་ཉིད་ཁྲིམས་རྩོད་པ་ཞིག་གི་ངོ་བོའི་ཐོག་ནས་བརྗོད་ཀྱི་ཡོད་ཟེར། ཆུ་དཀྲོག་ནས་མར་ཡོང་རྒྱུ་རེ་བ་དེ་རང་ཉིད་གྲོང་པའི་ཕ་རྒན་ཡིན་པའི་ངོས་ནས་བཤད་པ་ཡོད་གདའ་དེ་མཚུངས།

    Reply
  11. kongpo Bhu says:
    ལོ་ 6 སྔོན།

    བློ་སེང་དང་བཀའ་ཤག་གི་སྒེར་ནད་སྤྱི་བཅིངས་ཀྱི་བསམ་ངན་ཕྱི་ལ་བཀྲམ་ཚར་བ་དང་། བཅའ་ཁྲིམས་རིན་པོ་ཆེས་ཐག་གཅོད་གོང་ན་མེད་པ་དེ་གནང་ཚར་དུས། ད་དུང་གྲོས་བསྡུར་བྱས་ནས་ཅིག་ཅིག་མུག་མུག་བཤད་ཡ་ཡོད་མདོག་མདོག ངོ་ཚ་ཁྲལ་མེད།

    Reply
    • དབྱིག་གཉེན། says:
      ལོ་ 6 སྔོན།

      གལ་སྲིད་མང་གཙོ་དང་ཁྲིམས་ལུགས་ལ་གུས་རྩིས་ཞུ་རྒྱུ་རྩ་ཆེར་ངོས་འཛིན་གནང་གི་ཡོད་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཉན་ཞིབ་ཀྱི་གྲུབ་དོན་བཅད་ཁྲ་གནང་བར་གུས་རྩིས་དང་ལེན་ཞུ་རྒྱུ་དགོས་པ་དེ་མང་གཙོའི་སྤྱི་ཚོགས་ནང་ཆབ་འབངས་ཀྱི་ལས་འགན་ཡིན། ལྷག་པར་གཞུང་འཛིན་མི་སྣ་ཚོས་དེ་བས་འགན་འཁུར་ཆེ་བ་བཞེས་དགོས། ཁ་སང་བཅད་ཁྲ་གནང་བའི་རྗེས་བཀའ་ཤག་གིས་གསར་འགོད་ལྷན་ཚོགས་ཐོག་སྲིད་ཚབ་ནང་སྲིད་བཀའ་བློན་གྱིས་གསུང་སྟངས་ལ་གཞིགས་ན་བཀའ་ཤག་ལ་ད་དུང་ལངས་ཕྱོགས་བཟུང་རྒྱུ་གཞིན་ཞིག་ཡོད་མདོག་གི་བཀའ་མོལ་གཅིག་གནང་སོང་། བཅད་ཁྲར་འདོད་བློ་མ་ཁེངས་པ་ཡོང་སྲིད་ཀྱང་། བཙན་བྱོལ་བོད་པ་ཚོ་ཆིག་བསྒྲིལ་གྱི་ནུས་པ་བསྐྱར་གསོ་གནང་རྒྱུར་བཀའ་ཤག་ལ་དགོངས་པ་དང་ངོས་འཛིན་གནང་གི་ཡོད་ན་ཐག་གཅོད་གནང་སྟངས་དེ་ལས་དྲག་ཚོད་གནང་ན་ཕན་རླབས་ཆེ་བས་བཀའ་ཤག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲར་ངོས་ལེན་གནང་ནས་བོད་པ་བཙན་བྱོལ་བ་རྣམས་ཆིག་བསྒྲིལ་གྱི་ཁ་ཕྱོགས་སུ་ཁྲིད་རྒྱུ་ནི་དབུ་ཁྲིད་ཚོའི་ཐུགས་འགན་ཡིན་པས་དེ་དོན་དགོངས་པ་བཞེས་ཐུབ་པའི་རེ་བ་དང་འབོད་བསྐུལ་ཞུ།

      Reply
  12. Lobsang Wangdu says:
    ལོ་ 6 སྔོན།

    དབུ་བོད་མི་ཆེས་མཐོ་ཁྲིམས་ཞིབ་ཁང་ལ་ ཁ་མཆུ་གཙང་མ་བཟོས་གནང་པ་ ཐུགས་རྗེ་ཆེ། ? སྤེན་པ་ཚེ་རིང་ལགས་ཨ་རི་དོན་གཅོར་འཕོ་གྱུར་བཏང་ནས་་་ ཚུ་རྒྱ་གར་ལ་ལོག་ཕེབས་དུས་ སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ རྒྱ་གར་ནས་ཕར་ ཡུ་རོབ་ལ་ཐོན་ཡ་དུས་ཚོད་ ཡ་མཚན་ཆེ། ? ? ?

    Reply
  13. Lobsang Wangdu says:
    ལོ་ 6 སྔོན།

    དབུས་བོད་མི་ཆེས་མཐོ་ཁྲིམས་ཞིབ་ཁང་ལ་ ཁ་མཆུ་གཙང་མ་གནང་པ་ ཐུགས་རྗེ་ཆེ། ? སྤན་པ་ཚེ་རིང་ལགས་ དོན་གཅོད་འཕོ་གྱུར་བཏང་ནས་ ཚུ་རྒྱ་གར་ལ་ལོག་ཡོང་དུས་་་ སྲིད་སྐྱོང་ རྒྱ་གར་ནས་ཕར་ ཡུ་རོབ་ལ་ཐོན་པས་དུས་ཚོད་ ཡ་མཚན་ཆེ་ ? ? ?

    Reply
  14. Lobsang Wangdu says:
    ལོ་ 6 སྔོན།

    ཧེལ་ལོ། ! བཀའ་ཤག་ལ་ཁྲིམས་རྩོད་པ་་མི་དེ་འདྲ་ཞིག་མ་གཏོགས་མ་རགས་པ་རེད་པས་ ? མི་དེ་ཁྲིམས་རྩོད་པ་ཅི་ད་མ་རེད་པ། ཁོའི་གདོང་དེ་ནི་རྒྱག་རེ་རྒྱག་མཁན་དང་དཔུང་པ་ངོམ་མཁན་རང་རེད་འདུག་ག ད་དུང་ཁོས་ཧམ་པ་བཤོས་སྟང་ལ་གཅིག་ལྟོད་དང་། བཅད་ཁྲ་རྩིས་མེད་ཡིན་་་ རྐང་པ་ལག་པ་གཏུབས་པ་དང་གཅིག་པ་ཡིན་ ? ? ?

    Reply
  15. Lobsang Wangdu says:
    ལོ་ 6 སྔོན།

    བར་ལམ་ནས་ཁྲིམས་ཞིབ་ཀྱི་ཐག་གཅོད་ག་དུས་བྱས་པ་ཡིན་ན་ཡང་སྲིད་སྐྱོང་ས་གནས་ལ་བཞུགས་ཀྱི་མེད་པའི་བཀའ་མོལ་ཞིག་ཡོང་གི་ཡོད་ཀྱང་། སྤྱིའི་ལས་ཀ་གལ་ཆེ་ཆུང་ལ་གཟིགས་ནས་ཕེབས་པ་ཞིག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་རྩིས་མེད་བཏང་བ་ཞིག་མིན་སྐོར་དང་། ?

    སྐུ་དྲག་གསར་པའི་རུལ་སུངས་ཀྱི་གཟུགས་བརྙན་ཕྱིར་མངོན་པ།
    བོད་ཀྱི་དུས་བབ། ༢༠༡༧/༡༡/༡༠ རིག་པ། (༢༥)

    དབུས་བོད་མི་སྒྲིག་འཛུགས་ སྲིད་སྐྱོང་ལ་ མི་དངོས་པོ་ གདོང་དང་གདོང་ཐུག་ནི་ འཕོ་གྱུར་བཏང་ཡ་ དབང་ཆ་ གཙང་མ་མེད་པའི་ སྐད་ཆ་རེད་པས། གང་ལ་ཞུས་ན་་་ སྲིད་སྐྱོང་ཁོ་རང་ ཡུ་རབ་ལ་སྤྱོད། སྐུ་ཚབ་དོན་གཅོད་ འཕོ་འགྱུར་འདི་ སྲིད་ཚབ་ཀྱིས་བཏང་། སྐུ་ཚབ་དོན་གཅོད་ཟུར་པ་ ཚུར་ རྒྱ་གར་ལ་ ཕེབས་དུས་ སྲིད་སྐྱོང་རྒྱ་གར་ནས་ ཕར་ ཐོན་ཡ་དུས་ཚོད། ❗️? དྲང་བདེན་ཡིན་ན་ མི་དངོས་པོ་ གདོང་དང་ གདོང་ཐུག་ནི་ རྙོག་གླེང་དེ་གེ་ གཙང་མ་བཟོས་ མཐའ་སྐྱེལ་ གསལ་བཤད་བྱེད། གང་ལྟར་བོད་་མི་མང་ལ་ སེམས་འཁུར་ཡོད་ན་ བོད་མི་མང་ སེམས་ཚབ་ མེད་པ་ཞིག་ ལོས་བཟོ་དགོད། དཔའ་བོ་ཡིན་ན་ ??? ??? public needs (Face to Face) ? ?

    Reply
  16. gendun says:
    ལོ་ 6 སྔོན།

    ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཀྱི་རིམ་པ་ཆ་ཚང་དེ་རིང་ནས་འགྲོ་ཚར་ཡོད་པ་དང་། བཀའ་ཤག་ངོས་ནས་ཐག་གཅོད་དེ་ཚོ་ལས་རྒྱུ་འབྲས་དང་ལྡན་པར་ཡོང་རྒྱུའི་རེ་བ་གནང་བ་གཞིར་བཟུང་ཕལ་ཆེར་བྱུང་མེད་ཀྱང་། ཞེས་གསུང་པར་གཞིག་ན། ཆུ་མགོ་ནས་རྙོག་འདོད་དང་སྒྲིག་འགོ་ནས་བཤིིིག་འདོད་ཡོད་ཤག

    Reply
  17. ངག་དབང says:
    ལོ་ 6 སྔོན།

    ལགས་སོ།
    བདེན་པ་སུ་ལ་ཡོད་པ་དེ་ཞི་ནས་ཧ་གོ་སོང་།

    Reply
  18. སྲས་སྐུ་ངོ་། says:
    ལོ་ 6 སྔོན།

    བློ་བཟང་གྲགས་པ་ཟེར་བའི་ཁྲམ་པ་དེའི་བཤད་སྟངས་ལ་ལྟོས་དང་། ཧམ་བཤད་དང་། གནས་ལུགས་མེད་པ། ངོ་ཚ་མེད་ཅིག་རེད་འདུག

    Reply
  19. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    གྱོད་ཁ་མཆུ་མེད་ན་ཁ་ཧྲག་རེད། ་དོན་བུན་ལོན་མེད་ན་ཕྱུགས་པོ་རེད་། ཟེར་བ་ལྟར་ཁ་མཆུའི་
    སྒྲུབ་འབྲས་ཐོབ་ཤོར་ཡིན་ན་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་
    མིའི་ལས་འགན་སྒྲུབ་རྒྱུ་ཞུ་སྦྱོར་བ་དང་རྩོད་ལན་པ་དོ་བདག་ཕྱོགས་ཕན་ཚུན་དང་ཁྱབ་ཆེ་བའི་
    ཟུར་གནས་རྒྱ་ཆེ་མི་མང་བཅས་ཀྱི་ལས་འགན་ཡིན་པའི་ངོས་འཛིན་ཞུ་གི་ཡོད།

    Reply
    • chogyurchogyur says:
      ལོ་ 6 སྔོན།

      ཧ་ཧ་ཧ་། ཕྱོགས་གཞན་ཐེན་མཁན་ ཁྲིམས་དཔོན་དྲང་མེད་་། ཆོག་གསུམ་ཁ་བྲལ་བཏང་བའི་།་ ཁྲིམས་ཐག་དེ་ལ་ང་འཚོ་མི་མང་རྣམས་ཀྱི་མགན་དང་མི་མཐུན་བྱེད་མི་ཐུབ།།་ ད་ལྟ་བཀའ་ཤག་ལོ་ངོ་བཅུ་ཕྲག་རིང་ལ་ལས་དོན་འཛམ་གླིང་ཁྱབ་།་ གནད་དོན་༡༠་ལ་ལན་རྒྱབ་མི་ཐུབ་ག་ཡིན་ནམ།་ མི་རྣམས ལ་དྲི་བ་ཆེ་པོ་ཞིག་རེད་།””….?????????????????

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese