མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བདེ་འཛུགས་སྐྲུན་པ་རྣམས་ཀྱིས་ཆོད་སེམས་བརྟན་པོ་དང་བདེན་པར་ཡིད་ཆེས་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༩/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ན་གཞོན་ཞི་བདེ་འཛུགས་སྐྲུན་པ་རྣམས་ལ་ང་ཚོས་འདི་ནས་ཆོས་ལུགས་སོགས་བཤད་ཀྱི་མེད་པར་སྤྱིར་བཏང་བ་སྟེ། ཚང་མར་ལུས་པོའི་འཕྲོད་བསྟེན་བཟང་པོ་དང་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་དགོས་ཀྱི་ཡོད་སྐོར་བཤད་ཀྱི་ཡོད་པ་རེད་ཅེས་གསུངས།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཙམ་ཐོག བཞུགས་སྒར་དྷ་སའི་རྒྱལ་བའི་ཕོ་བྲང་དུ་ཨ་རིའི་ཞི་བདེ་ལྟེ་གནས་ཁང་གི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཀའ་རྙོག་ཅན་གྱི་རྒྱལ་ཁབ་ ༡༡ ནས་ཕེབས་པའི་ན་གཞོན་ཞི་བདེ་འཛུགས་སྐྲུན་པ་ ༢༦ དང་ལྷན། དྲག་སྤྱོད་དང་བློ་འཚབ་རང་བཞིན་གྱི་གནས་སྟངས་ལ་གདོང་ལེན་བྱེད་ཕྱོགས་ཐད་ཉིན་གཉིས་རིང་གི་བགྲོ་གླེང་དབུ་འཛུགས་གནང་སོང་།

བགྲོ་གླེང་དབུ་འཛུགས་སྐབས་༧གོང་ས་མཆོག་གིས།  ངོས་ཀྱིས་མི་ཞིག་མཐོང་མ་ཐག་ང་ཚོ་ནི་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་པ་ཚོར་གྱི་འདུག གཞན་གྱི་ཆོས་ལུགས་དང་རྒྱལ་ཁབ་གང་ནས་ཡིན་པ་ནི་གནད་དོན་ཕལ་བ་རེད། ནམ་རྒྱུན་བྱིས་པ་ཚོ་མཉམ་དུ་རྩེད་མོ་རྩེ་དུས་ཁོ་ཚོའི་གཞན་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་དོ་སྣང་བྱེད་ཀྱི་མེད་པ་རེད། ང་ཚོས་ཆོས་ལུགས་དང་རྒྱལ་ཁབ། ཤ་མདོག་སོགས་ཀྱི་ཁྱད་པར་ལ་དམིགས་བཀར་གྱིས་དོ་སྣང་སྤྲད་པ་ལ་བརྟེན་ནས་ཕན་ཚུན་གྱི་མི་འདྲ་བའི་ཆ་དེ་ཆེ་རུ་གཏོང་བ་དང་དཀའ་རྙོག་མང་དུ་སྐྲུན་གྱི་ཡོད་པས། དེ་འདྲའི་གནས་སྟངས་སྐབས་ཐབས་ལམ་ནི་བསམ་བློ་གཏིང་ཟབ་དུ་བཏང་ནས་ང་ཚོ་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཡིན་པ། སེམས་མྱོང་དང་ཕྱི་ལུས་པོའི་ཆ་ནས་ཚང་མ་གཅིག་མཚུངས་ཡིན་པའི་བསམ་བློ་གཏོང་དགོས་རྒྱུ་དེ་རེད། ངོས་ཀྱིས་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཚང་མ་གཅིག་མཚུངས་ཡིན་པའི་འདུ་ཤེས་དེ་ཁྱབ་སྤེལ་གཏོང་ཐབས་བྱེད་ཀྱི་ཡོད། ཅེས་གསུངས་སོང་།

དྲི་བ་དྲིས་ལན་སྐབས། འབར་མ་སྲིད་གཞུང་དང་ན་གཞོན་བར་དང་། དེ་བཞིན་ཆོས་ལུགས་ཕན་ཚུན་བར་ལ་འབྲེལ་མཐུད་པའི་ཕྱག་ལས་གནང་བཞིན་པའི་འབར་མའི་ན་གཞོན་ཞིག་གིས། འདས་པའི་དུས་ཡུན་རིང་པོ་ཞིག་ནང་འབར་མའི་གྲངས་ཉུང་མི་རིགས་དང་དམག་གི་སྲིད་གཞུང་བར་ལ་དཀའ་རྙོག་ཆེན་པོ་འཕྲད་དེ་ད་ལྟའང་སེལ་ཐུབ་མེད་པ་མ་ཟད། ཆོས་ལུགས་མི་འདྲ་བའི་བར་ལའང་རྩོད་རྙོག་དུ་མ་འབྱུང་བཞིན་ཡོད་པ་དང་། རང་ཉིད་ཀྱི་ལྟ་ཚུལ་ལྟར་སྤྱི་ཚོགས་འདྲ་མིན་བར་གྱི་དཀའ་རྙོག་ཕལ་ཆེ་བ་ཁྲོ་བ་དང་སྡང་བའི་ཚིག་ (hate speech) དང་འཁྱལ་གཏམ་གྱི་རྐྱེན་པས་འབྱུང་བཞིན་ཡོད་སྟབས། ཆོས་ལུགས་དང་སྤྱི་ཚོགས་ཕན་ཚུན་བར་སྡང་བའི་ཚིག་དང་འཁྱལ་གཏམ་མི་ཡོང་བ་ཞིག་ག་འདྲ་གནང་ཐུབ་མིན་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། འབར་མའི་ནང་གི་ནང་པ་དང་ཁ་ཆེ་བའི་བར་ལ་ཐོག་མའི་རྩོད་རྙོག་བྱུང་སྐབས། ངོས་རང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡོད། དེ་དུས་ངོས་རང་གིས་ནང་པ་ཚོར་ཁ་ཆེ་བ་རེ་རེའི་ཕྲག་པའི་སྟེང་སྟོན་པ་བཅོམ་ལྡན་འདས་བཞུགས་ཏེ་ཁོང་ཚོར་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་བསམ་དགོས་སྐོར་བརྗོད་ཡིན། དེ་བཞིན་སྐབས་འགར་ངོས་རང་གིས་ལྕམ་ཨང་སན་སུའུ་ཀེ་ (Aung San Suu Kyi) དང་ཐུག་འཕྲད་བྱེད་སྐབས། ཁོང་མོར་དེའི་ཐད་ཕྱག་ལས་གནང་དགོས་སྐོར་བརྗོད་པ་ཡིན། དེ་དུས་ཁོང་མོས་དཀའ་རྙོག་དེའི་ནང་འབར་མའི་དམག་གི་མགོ་འཁྲིད་ཚུད་ཡོད་སྟབས། གནས་སྟངས་ཅུང་ཁག་པོ་ཡིན་སྐོར་བརྗོད་བྱུང་། ངོས་ཀྱི་བསམ་ཚུལ་ནི། ད་ལྟ་ང་ཚོས་མིའི་རིགས་ཀྱི་གཞི་རྩའི་གནས་བབ་ཀྱི་ཐོག་ནས་བསམ་བློ་གཏོང་དགོས་ཀྱི་རེད་བསམ་དགོས་ཀྱི་འདུག བློ་སྤོབས་སྐྱེ་འོས་པ་ཞིག་ལ་དེང་སྐབས་ཚན་རིག་པས་ང་ཚོ་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པ་དང་། སྤྱི་ཚོགས་སེམས་ཅན་ཞིག་ཡིན་པའི་ཆ་ནས་སྒེར་གྱི་འཚོ་གནས་དེ་རང་གི་སྤྱི་ཚོགས་ལ་བརྟེན་ནས་ཡོད་པ་དང་། གཞི་རྩའི་ཆ་ནས་ང་ཚོ་སྤྱི་ཚོགས་སེམས་ཅན་ཞིག་ཡིན་སྟབས། མིའི་རིགས་ཀྱི་གཞི་རྩའི་རང་བཞིན་ནི་བྱམས་བརྩེ་ཡིན་ལ། དངོས་ཡོད་ལག་ལེན་གྱི་ཐོག་ནས་ཀྱང་བྱམས་བརྩེའི་བསམ་བློ་ལྡན་མཁན་ཞིག་ཡིན་ན་རང་ཤུགས་ཀྱིས་ཕྱི་ལུས་པའི་འཕྲོད་བསྟེན་ཡང་ལེགས་པ་ཡོད། ཁྲོ་བ་དང་རེ་དོགས་ཀྱིས་ཁེངས་པའི་སེམས་དེ་ནི་འཕྲོད་བསྟེན་ལ་ཧ་ཅང་གནོད་ཚབས་ཆེན་པོ་རེད། ང་ཚོས་འདི་ནས་ཆོས་ལུགས་དང་སངས་རྒྱས་བཅོམ་ལྡན་འདས། ཡེ་ཤུའི་སྟོན་པ་མ་ཤི་ཀ་སོགས་ཀྱི་སྐོར་བཤད་ཀྱི་མེད། ང་ཚོས་ཆེས་སྤྱིར་བཏང་བ་སྟེ། ཚང་མར་ལུས་པོའི་འཕྲོད་བསྟེན་བཟང་པོ་དང་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་དགོས་ཀྱི་ཡོད་སྐོར་བཤད་ཀྱི་ཡོད། ཅེས་གསུངས་སོང་།ཡང་ཏུ་ནི་ཤི་ཡ་ནས་ཡིན་པའི་ན་གཞོན་ཞིག་གིས་ཏུ་ནི་ཤི་ཡའི་ནང་གི་དཀའ་ངལ་དང་འབྲེལ་ནས་གཞུང་གིས་ཟུར་འཕུད་བྱས་པའི་མང་ཚོགས་ཁྲོད་དུ་རང་གི་རྒྱལ་ཁབ་ལ་ཞེ་འཁོན་དང་རེ་བ་ཟད་པའི་རྣམ་པ་ཤུགས་ཆེན་པོ་ཡོད་པས། ཁོང་ཚོར་རང་གི་རྒྱལ་ཁབ་ལ་རེ་བ་སླར་གསོ་ཡོང་རྒྱུར་རོགས་རམ་ཇི་ལྟར་བྱ་དགོས་མིན་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ཕྲུ་གུ་རྣམས་ལོ་ན་ལྔ་དང་དྲུག་ལ་སོན་དུས་ཁོ་ཚོས་རང་གི་རྩེད་རོགས་དེ་རྒྱལ་ཁབ་གང་གི་མི་རིགས་ཡིན་པ་དང་། ཆོས་ལུགས་གང་གི་རྗེས་འབྲང་བ་ཡིན་མིན་ཐད་སྣང་འཇོག་མི་བྱེད་པར་མཉམ་དུ་རྩེད་མོར་རོལ་གྱི་ཡོད། ཡིན་ན་ཡང་། ཕྲུ་གུ་རྣམས་སློབ་གྲྭ་འགྲིམ་མགོ་བཙུགས་པ་དང་རིམ་པས་ཁོ་ཚོར་མི་རིགས་དང་། ཆོས་ལུགས། དཔལ་འབྱོར་ཡག་སྡུག་གི་དབྱེ་འབྱེད་ཀྱི་བསམ་བློ་དེ་ཡོང་གི་ཡོད་པ་དང་། དེ་ནི་གཙོ་བོ་སློབ་གྲྭའི་ནང་མི་ཀུན་གཅིག་མཚུངས་ཡིན་པའི་གཞི་རྩའི་རང་བཞིན་དེར་སྣང་མེད་ཀྱིས། དེ་ལས་ལྡོག་སྟེ་གལ་གནད་དེ་ཙམ་མེད་པའི་དབྱེ་འབྱེད་རང་བཞིན་གྱི་གནད་དོན་ལ་ཤུགས་སྣོན་བརྒྱབས་པའི་རྐྱེན་གྱིས་ཡིན་སྐོར་དང་། འཛམ་གླིང་ས་ཁུལ་འདྲ་མིན་ནང་དཀའ་ངལ་འབྱུང་བཞིན་པ་དེའི་གཞི་རྩ་ནི་སློབ་གསོ་ཡིན་པ་དང་། ལྷག་པར་དཀའ་རྙོག་ཡོད་པའི་རྒྱལ་ཁབ་ཕལ་ཆེ་བའི་ནང་ད་ལྟའི་སློབ་གསོའི་ལམ་ལུགས་དང་། དེར་བསྒྱུར་བཅོས་གཏོང་དགོས་པའི་ཐད་གླེང་སློང་གང་ཡང་བྱེད་ཀྱི་མེད་པ་དང་། ད་ལྟ་ཡོད་པའི་དཀའ་ངལ་ཕལ་ཆེ་བ་ནི་ད་ལྟའི་ཤེས་ཡོན་ལམ་སྲོལ་དེ་ཕྱིའི་དངོས་པོ་ལས་ནང་བསམ་བློའི་རིན་ཐང་ལ་དོ་སྣང་མ་བྱས་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་སྐོར་སོགས་གསུངས་སོང་།

ཐེངས་འདིར་༧གོང་ས་མཆོག་དང་ལྷན་དུ་འཛམ་གླིང་གི་ས་ཁུལ་འདྲ་མིན་ནང་བྱུང་བཞིན་པའི་མི་རིགས་དང་། ཆོས་ལུགས། འཚོ་བ། སྤྱི་ཚོགས་ཀྱི་གྲལ་རིམ། དྲག་སྤྱོད་པ། གཞན་ཡང་སྤྱི་དམངས་དང་སྲིད་གཞུང་བཅས་ཀྱི་བར་གྱི་དཀའ་རྙོག་ཐད་དགོངས་ཚུལ་བརྗེ་རེས་ཀྱི་ལས་རིམ་ནང་ཞུགས་པའི་ན་གཞོན་ཞི་བདེ་འཛུགས་སྐྲུན་པ་རྣམས་ཀྱིས་རང་གི་མྱོང་བ་གཞིར་བཞག་གི་ཐོག་ནས། སོ་སོའི་རྒྱབ་ཁབ་ཀྱི་དཀའ་ངལ་དང་འབྲེལ་ནས་རང་ཉིད་སྒེར་ངོས་ནས་དེར་གདོང་ལེན་ཇི་ལྟར་བྱེད་ཀྱི་ཡོད་མེད་དང་། ༧གོང་ས་མཆོག་ནས་དཀའ་རྙོག་དེ་དག་སེལ་ཐབས་ཐད་ག་རེ་དགོངས་ཀྱི་ཡོད་མེད་སོགས་ཀྱི་ཐོག་ལ་བཀའ་བསྡུར་གནང་ཡོད་པ་དང་། མཇུག་ཏུ་༧གོང་ས་མཆོག་ནས་ད་ལྟ་ཨ་ཧྥེ་རི་ཁ་ཁུལ་དང་ལྷོ་ཨ་མེ་རི་ཁའི་ཁུལ་གྱི་རྒྱལ་ཁབ་མང་པོའི་ནང་དཀའ་ངལ་འཕྲད་བཞིན་ཡོད་སྟབས། ན་གཞོན་ཞི་བདེ་འཛུགས་སྐྲུན་པ་རྣམས་ཀྱིས་དུས་ནམ་ཡང་ཆོད་སེམས་བརྟན་པོ་བྱ་རྒྱུ་གལ་ཆེན་ཡིན་ལ། ནམ་ཡང་བདེན་པར་ཡིད་ཆེས་བྱ་དགོས་པ་དང་། ལས་ཀ་བྱེད་སྐབས་དྲང་པོ་དྲང་བཞག་གི་ཐོག་ནས་བྱས་ཚེ་རང་ཉིད་ལ་བདེན་པའི་སྟོབས་ཤུགས་ཤིག་ཡོང་ངེས་ཡིན་སྐོར་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese