འཛིན་སྐྱོང་བཀའ་ཤག་ནས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཁང་གི་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲ་ངོས་བཞེས་གནང་ཡོད་པའི་གསལ་བསྒྲགས་གནང་ཡོད་ཀྱང་བཅད་ཁྲའི་འབྲུ་དོན་ནང་གསལ་བཟོད་གསོལ་ཞུས་པ་གསལ་མི་འདུགབཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲའི་འབྲུ་དོན་ཁག་ཕྱོགས་གཉིས་ནས་ཉམས་ལེན་ལག་བསྟར་དགོས་པའི་བཀའ་རྒྱའི་དུས་བཅད་ཁ་སང་ནས་རྫོགས་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་ཕྱི་དྲོར་Tibet.net ནང་དབྱིན་ཡིག་གསལ་བསྒྲགས་ཤིག་སྤེལ་འདུག་ལ། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བོད་མིའི་རང་དབང་གསར་ཤོག་དང་། ཟླ་འདིའི་ཕྱི་ཚེས་ ༡ ཉིན་bod.asia ཐོག་བོད་ཡིག་ཐོག་ནས་གསལ་བསྒྲགས་ཤིག་གནང་བའི་ནང་། ཁྲིམས་ཞིབ་ཁང་གི་བཅད་ཁྲ་ངོས་བཞེས་གནང་བ་ཡིན་ཞེས་གསུངས་འདུག་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་འབྲུ་དོན་ནང་གསལ་ཞུ་སྦྱོར་བར་བཟོད་གསོལ་ཞུས་པ་གསལ་མི་འདུག་པས། དེ་རིང་འདི་གའི་གསར་འགོད་པས་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་ལ་གསལ་བསྒྲགས་དེ་སྤེལ་ནས་བཟོད་གསོལ་ཞུས་པ་ཡིན་མིན་བཀའ་འདྲི་ཞུས་ཀྱང་བཀའ་ལན་གནང་མ་སོང་། དེ་བཞིན་ཁྲིམས་ཞིབ་ཁང་ནས་བཅད་ཁྲ་ལག་བསྟར་བྱས་དང་མ་བྱས་ཐོག་གསར་འགོད་པར་གསལ་བཤད་བྱེད་པའི་ལམ་སྲོལ་མེད་སྐོར་གསུངས་བྱུང་།
གསར་འགོད་པས་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་དེའི་སྐོར་ལ་དགོངས་ཚུལ་ཅི་ཡོད་ཞུས་པར་ཁོང་གིས། ད་ལྟ་སྒུག་ནས་བསྡད་ཡོད་པ་དང་། སྤྱི་ཚོགས་ནང་རྡོག་རྩ་གཅིག་སྒྲིལ་དང་འཆམ་མཐུན་ཡོང་དགོས་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་འབྲུ་དོན་ལ་གུས་བརྩི་ཞུ་དགོས་ཀྱི་ཡོད་ལ། སྤྱི་ཚོགས་ལྷིང་འཇགས་པོ་ཡོང་ཆེད་ད་ལྟའི་ཆར་གང་ཡང་ཞུ་རྒྱུ་མེད་སྐོར་གསུངས་བྱུང་།
འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལེའུ་བརྒྱད་པའི་དོན་ཚན་ ༥༠ པ་གཞིར་བཟུང་། ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༠ པ་མ་ཉེས་ཁག་གཡོགས་གི་ཁ་མཆུར་ཐག་གཅོད་ཀྱི་བཅད་ཁྲ་བཏང་སྟེ། བཀའ་ཤག་ནས་བྱང་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་དང་། དེའི་རྗེས་འབྲེལ་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེ། གནས་ཚུལ་ཡོང་ཁུངས་ངེས་བརྟན་མེད་པ་དང་། ཁ་ཡན་ལ་གོ་ནོར་ཐེབས་དབང་གིས། སྤེན་པ་ཚེ་རིང་གི་ལྷག་བསམ་དང་། འཇོན་ཐང་། བཟང་སྤྱོད་བཅས་པར་མ་ཉེས་ཁག་གཡོགས་ཤོར་བ་དང་། སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་སོང་བའི་སྐོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བཅད་ཁྲ་ཁྱབ་བསྒྲགས་གནང་འདུག་པར་བརྟེན། བཀའ་ཤག་གིས་སྤེན་པ་ཚེ་རིང་ལ་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་བརྗོད་བྱ་འདི་རང་བཀོད་པའི་དགོངས་སེལ་ཞུ་ཡིག་འདི་ཨིན་བོད་སྐད་ཡིག་གཉིས་ཀའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་བོད་མིའི་རང་དབང་དང་། bod.asia, tibet.net, tibetonline.tv བཅས་སུ་འདོན་འགྲེམས་གསལ་བསྒྲགས་བྱས་ཏེ། དེ་དག་གི་ཡིག་ཆ་རྣམས་ཞུ་སྦྱོར་བར་སྤྲོད་ཆེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས། ཞེས་དང་། ཕྱི་ཟླ་ ༡༠ ཚེས་ ༡༤ ནས་རྩིས་པའི་ཉིན་གྲངས་ ༣༠ ནང་ཚུན་དུ་བཅད་ཁྲའི་འབྲུ་དོན་ཁག་གྱོད་ཡ་ཕྱོགས་གཉིས་ནས་ཉམས་ལེན་ལག་བསྟར་ཟིན་པ་དགོས་པའི་བཀའ་ཁྱབ་བཏང་གནང་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་སྤེལ་གནང་བའི་སྔ་ཕྱིའི་གསལ་བསྒྲགས་རྣམས་ཀྱི་ནང་དུ། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞབ་ཁང་ནས་ཁ་ཆུ་དེབ་འགོད་ཨང་ ༢༠ པའི་བཅད་ཁྲ་གསལ་བསྒྲགས་གནང་བ་དེ་བཞིན་འདོད་བློ་ཁེངས་པ་ཞིག་མ་བྱུང་བ་དང་། མི་མང་ཁྲོད་དུའང་ཐག་གཅོད་དེ་དྲང་བདེན་མ་བྱུང་བའི་བསམ་ཚུལ་དང་བློ་ཕམ་ཡོང་བཞིན་འདུག་ཀྱང་། སྒྲིག་འཛུགས་སྲ་བརྟན་དང་སྤྱི་ཚོགས་ནང་རྡོག་རྩ་གཅིག་སྒྲིལ་དགོས་རྒྱུ་གལ་གནད་ཆེ་བས། གོང་གསལ་བཅད་ཁྲར་བརྩི་འཇོག་ཞུས་པ་དང་། སྤྱི་ཚོགས་ནང་ཞི་བདེ་ལྷིང་འཇགས་རྒྱུན་གནས་ཡོང་སླད་ཚང་མས་ཐུགས་སྣང་འགན་འཁུར་གཟབ་ནན་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཞེས་གསུངས་འདུག
ཁ་ནས་ཆིག་སྒྲིལ་ཆིག་སྒྲིལ། སེམས་ནང་འདྲེན་སེམས་ཁོ་ན།
ག་དུས་བཤད་ཀྱང་དྲང་མིན་ཤ་སྟག།
ཁ་ནས་བླ་མ་དཀོན་མཆོག། སེམས་ནང་སྡིག་པ་ཁོ་ན།
སངས་རྒྱས་གོ་འཕང་མི་ཐོབ། དམྱལ་བའི་ཁྱིམ་ནང་རང་འཛུལ།
སྐྱ་མཁྱེན་ད་མ་གླེང་རོགས་གནང། ཐང་ཆད་སོང།
ད་ཁྲིམས་ཡིག་ཨང་ ༢༠ སྐོར་གང་ཡང་བཤད་མི་དགོས་།
ཁ་རྩུམ་ནས་སྡོད་། སྤྱི་ཚོགས་ནང་དཀྲུགས་མི་དགོས། སུ་ཡིན་ཡང་ཚོད་བཟུང།
རྒྱལ་་བའི་དགོངས་པ་མ་དཀྲུགས་ཨང།
དགྲ་དགའ་གཉེན་སྡུག
༄༅། །ད་དུས་བབས་ཚང་གི་ལས་དོན་འགྲུབ་འདུག་ག ད་ཟིང་ལངས་ཀྱི་འདུག་ག ངས་ཞུས་པ་ལྟར་དཀྲུགས་གཞི་ཅན་གྱི་གསར་གནས་སྤེལ་འདུག་ཟེར་རྒྱུའི་རྒྱུ་མཚན་འདི་རེད། དགྲ་དགའ་གཉན་སྡུག་རང་རེད། གསར་འགོད་པ་ཐེབ་ཆགས་འདི་ཚོ་མི་མང་གི་དགྲ་རེད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་མ་འགྲུབ་པ་མ་རེད་དམ།
མིག་མེད་པའི་སྐོར་ཞིག
དང་བོ་ཁྲིམས་ལ་གཏུག་དགོས་བརྗོད་མཁན་སྲིད་སྐྱོང་ཡིན་པ་གསར་འགྱུར་རྒྱུད་ལམ་ཁག་ལ་གཟིགས་དང་མིག་ཞར་ར་ཞིག་མིན་ན་ཀུན་གྱིས་མཐོང་གསལ་རེད། ཁྲིམས་ཆད་ཕོག་དུས་རང་གཞུང་གི་ཁྲིམས་མི་བརྩི་མཁན་སྲིད་སྐྱོང་ཁོང་དང་ཁོང་གིས་དབུ་ཁྲིད་པའི་ད་ལྟའི་བཀའ་ཤག་རེད། དེ་ལ་རྒྱབ་སྐྱོར་བྱེད་མཁན་ཡང་ལེགས་ཉེས་འབྱེད་པའི་མིག་པའི་སྐོར་ཞིག་རེད།
༄། བཀའ་ཤག་འགྱེལ་པའི་སྒང་ལ་རྡོ་རྫེས་གཏོང་་མཁན་མི་འཐུད་ཡོང་རྒྱུ་རེད།
ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞབ་ཁང་ནས་ཁ་ཆུ་དེབ་འགོད་ཨང་ ༢༠ པའི་བཅད་ཁྲ་གསལ་བསྒྲགས་གནང་བ་དེ་བཞིན་འདོད་བློ་ཁེངས་པ་ཞིག་མ་བྱུང་བ་དང་། མི་མང་ཁྲོད་དུའང་ཐག་གཅོད་དེ་དྲང་བདེན་མ་བྱུང་བའི་བསམ་ཚུལ་དང་བློ་ཕམ་ཡོང་བཞིན་འདུག་ཀྱང་། སྒྲིག་འཛུགས་སྲ་བརྟན་དང་སྤྱི་ཚོགས་ནང་རྡོག་རྩ་གཅིག་སྒྲིལ་དགོས་རྒྱུ་གལ་གནད་ཆེ་བས། གོང་གསལ་བཅད་ཁྲར་བརྩི་འཇོག་ཞུས་པ་དང་། སྤྱི་ཚོགས་ནང་ཞི་བདེ་ལྷིང་འཇགས་རྒྱུན་གནས་ཡོང་སླད་ཚང་མས་ཐུགས་སྣང་འགན་འཁུར་གཟབ་ནན་དགོས་པའི་འབོད་སྐུལ་ཞུ་རྒྱུ་་་་་ཧ་ཧ་ཧ་ཧ། ད་ཅི་ཟེར་དེ་རེད། ཁྲིམས་ཞིབ་ཁང་ནང་ཁ་ཆུ་འགྲོ་སྐབས་གང་ཡང་བཏོན་མ་ཐུབ་པར་ད་ཅི་ཟེར་དེ་རེད། ད་ཕྱི་དྲག་ལེ་རེད། སྤྱི་ཚོགས་ནང་བདེ་འཇགས་ཀྱི་དཀའ་ངལ་འཕྲད་སྲིད་སྐོར་གྱི་ཁ་གཡར་ནས་དེ་འདྲ་མ་གསུངས། ཁྲིམས་ཁང་གི་དཀའ་པོ་ལ་དཀར་པོ་དང་། ནག་པོ་ལ་ནག་པོ་རེད་ཟེར་རྒྱུ་དེ་ཁོ་ཚོའི་ལས་འགན་རེད། དཀར་པོ་དང་ནག་པོ་ཡིན་མིན་སོ་སོའི་ལས་འགན་རེད་དོ། མཐའ་མའི་བཅད་ཁྲ་གསལ་བསྒྲགས་བཏང་ཟིན་རྗེས་ད་འདོད་བློ་མ་ཁེངས་པའི་སྐད་ཆ་བཤད་རྒྱུ་རེད་ཕྱི་དྲགས་ཚར་ལེ་རེད་གོ།
ད་བཀའ་ཤག་ག་རེ་གནང་རྩིད་ཡོད་པ་རེད
བཙན་བྱོལ་ནང་གི་སྤྱི་འཐུས་སྤྱི་འཐུས། དྲུང་ཆེ་ཟུར་པ་བཅས་གནད་ཡོད་མི་སྣ་ཁག་ཅིག་གིས་མཉམ་སྤེལ་བཀའ་ཤག་ལ་རེ་འདུན་ཞུ་ཡིག
༄༅།། “བཀའ་ཤག་”ཅེས་འབོད་དུས་ཁྲིམས་མཐུན་གཞུང་ཞིག་གི་བརྒྱུད་པ་བརྟན་པོར་འཛིན་པའི་སྒྲིག་འཛུགས་ཕུལ་དུ་བྱུང་བ་ཞིག་དང་། ཁྲིམས་ཀྱི་དབང་བསྒྱུར་ལ་ཆོད་སེམས་བརྟན་པོ་ངེས་པ་རྙེད་པ་ཞིག རྒྱ་ཆེ་མི་མང་གིས་ཡིད་ཆེས་བློས་འགེལ་ཞུ་ཡུལ་ཞིག མི་མང་གི་མགོ་ཁྲིད་ཚད་ལྡན་ཐུབ་མཁན་ཞིག་དགོས་པ་ཧ་ཅང་གལ་ཆེ་བ་སྨྲས་མི་དགོས་ཤིང་། བཀའ་ཤག་རིམ་བྱོན་གྱི་གནས་བབ་དེ་ལྟ་བུར་གོང་ནས་གོང་དུ་འཕེལ་བཞིན་པའི་སྐབས། སྟབས་མ་ལེགས་པ་ཞིག་ལ། བཀའ་ཤག་སྐབས་བཅུ་བཞི་ནས་ནག་ཕྱོགས་ཀླ་ཀློའི་ལོག་སྨོན་གྱི་མཐུ་བཙན་པས་ཡིན་ནམ། གང་ལྟར་ད་ལྟའི་བར། དཔལ་ལྡན་བཀའ་ཤག་གི་མཚན་བསྣམས་མཁན་གྱི་མི་འགྲོ་ཆེས་ཐབས་ཆག་གི་གནས་སུ་ཟགས་པ་མཐོང་གསལ་ལྟར། ཐ་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བསག་བཅད་བརྡར་ཏེ་བཀའ་ཤག་གི་ཉེས་པ་སྤུངས་བརྩེགས་བྱས་པ་ལས་གཅིག་སྟེ། དོན་གཅོད་འཕོ་འགྱུར་སྐོར་ཁྲིམས་འགལ་ལུགས་མེད་ཡིན་པ་བཅད་ཁྲའི་ལམ་ནས་འཇིག་རྟེན་ཡོངས་བསྒྲགས་མཛད་ཀྱང་། བཀའ་ཤག་གི་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལའང་བརྩི་འཇོག་ཞུ་མིན་གྱི་རྣམ་པ་བསྟན་ཏེ། བཅད་ཁྲའི་དགོངས་དོན་དང་འགལ་བའི་ལོག་སྤྱོད་པའི་བྱེད་བབ་འདི་རིགས་ལ་འཆི་བ་སྲོག་ལ་ཐུག་ཀྱང་རྒོལ་ལན་ནན་པོ་སྤྲོད་དགོས་པས། རབ་ཏུ་བྱུང་ན། བོད་སྤྱི་པ་རང་ལ་དགོངས་པ་ཆེར་བཞེས་ཀྱིས། བཀའ་བློན་གྱི་མཚན་འཁུར་པའི་མི་འདི་ཚོས་བཟང་སྤྱོད་ལྡན་པའི་ངང་རྩ་དགོངས་ཞུས་ཏེ། བོད་ཀྱི་བདེན་དོན་འཐབ་རྩོད་ལ་བར་ཆད་རྐྱེན་ངན་མུ་མཐུད་མི་རྩོམ་པ་ཞིག་ཅི་ནས་ཀྱང་གནང་ན་ཡག་པོ་འདུག་པས། ངོ་ཚ་ཁྲེལ་གཞུང་ཅུང་ཙམ་ཡོད་པ་བྱས་ཏེ། སྐུ་མཁྱེན། སྐུ་མཁྱེན། སྲིད་སྐྱོང་དང་བཀའ་བློན་གྱི་མཚན་གནས་ནས་དགོངས་པ་ཞུ་རོགས་མཁྱེན།། ༢༠༡༩ ཟླ་ ༡༡ ཚེས་ ༡༥ ཉིན།།
མགོ་གཡོག་་མགོ་སྐོར་རང་བྱས་འདུག
བཀའ་ཤག་ནི་རྒྱལ་བའི་རིན་པོ་ཆེའི་གཞུང་ལ་ཟེར་གཞུང་ལ་ཟེར་།
མི་ནག་གནས་ཡུག་ཕོག་མཁན་སྤེན་ཚེ་དང་ ། ཁྲིམས་བརྩོད་མ་རྣམ་སྐྱིད་ཀྱི།
་བཙན་འབྱོར་བོད་གཞུང་ལག་ནས་
མར་
སྒོར་མོ་འདོད་རྔམས་མ་ སྒོར་མོ་ལག་འབྱོར་མ་བྱུང་བསྡུགས་སྐད་རྒྱག་མཁན་མ་ བཙན་འབྱོར་བཀའ་ཤག་་ཁྲིམས་ཀྱི་སྲུང་སྐྱོབ་མི་བྱེད་མཁན་།
།ཧ་ཧ་ཧ་ཧ།
༄༅། །བོད་ཀྱི་དུས་བབས་ཚང་གི་རྩོམ་སྒྲིག་པའམ་འགན་འཛིན་རྣམ་པས་ཡང་བསྐྱར་ཕྱོགས་ལྷུང་དཀྲུགས་གཞི་ཅན་གྱི་གསར་གནས་ཤིག་སྤེལ་འདུག ནད་པ་ནད་འཁྱོགས་ས་ལ་ཨེམ་ཇི་ནད་མི་འཁྱོགས་པའི་དཔེ་ལྟར་སྤེན་ཚེའི་ཕྱོགས་གཏོགས་རྣམས་ཡར་ལངས་ཤོག་ཟེར་བ་ལྟ་བུའི་དཀྲུགས་གཞི་ཅན་ཞིག་སྤེལ་འདུག མ་ཙང་ནས་དུས་བབས་ཚང་གིས་ད་བར་སྲིད་སྐྱོང་གིས་རྒྱལ་སྤྱིའི་སྲིད་གཞུང་རྣམས་ལ་བོད་དོན་རྒྱབ་བསྐྱོར་རེག་ཐབས་དང་བཙན་བྱོལ་སྒྲིགས་འཛུགས་ནང་འཛུགས་བསྐྲུན་ཡར་རྒྱས་གང་བཏང་སྐོར་ཚིག་གཅིག་ཀྱང་སྤེལ་མྱུང་ཨེ་ཡོད། རྒྱ་དམར་གཞུང་ནས་དུས་དང་རྣམ་པ་ཀུན་དུ་བོད་ནང་རྒྱ་དངུལ་མི་དམངས་ཤོག་དངུལ་ཐེར་འབུམ་མང་པོ་བཏང་ཡོད་ཟེར་བ་ལས་རྒྱ་དམར་གྱིས་བོད་ནང་སྟེར་ཁ་སྔོགས་གདོན་གྱི་བོད་ཀྱི་གསེར་དངུལ་ཟངས་ལྕགས་དང་དེ་བཞིན་ཡུ་རེ་ནི་ཡམ་དང་ཤིང་ནགས་ལྡེབ་བཅད་ཀྱི་འོར་འགྲེན་བྱེད་པ་རྣམས་ག་དུས་ཀྱང་ཁྱབ་གྲགས་བྱེད་ཀྱི་མེད་པ་ལྟ་བུ་རེད་འདུག ཕྱོགས་ལྷུང་ཅན་གྱི་གསར་འགོད་པ་རྣམས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་དྲང་བདེན་མེད་པའི་གསར་འགོད་པ་རྣམས་མི་མང་གི་དགྲ་རེད་ཟེར་བ་བདེན་པ་རེད་འདུག
ཀྱེ་མ ། བོད་མི་བསྒྲིགས་འཛུག་ལ་གནོད་སྐྱོན་གཏང་མཁན་ཨ་རི་དོན་གཅོད་གནས་གཡུག་་ཕོག་མཁན་གྱི་་ བཟང་སྤྱོད་ འཇོན་གཏང་་ ངེས་མ་མཐོང་་ སྤྱི་བོད་ཕྱི་ནང་གཉིས་ལ་འབྲེལ་ཐག་གཅོད་མཁན་དང་། རྒྱ་ནག་གུང་ཁྲན་དགའ་ལས་བྱེད་མཁན་ངེས་མཐོང་། ཁྲིམས་ཞིབ་ཁང་གིས་ ཁྲིམས་གཅད་གཅོད་གཏང་ནི་རྒྱ་ནག་གུང་ཁྲན་གཞུང་ལ་དཔེ་ལན་དང་ཡིད་ཆེས་མཁན་རེད། ཁྲིམས་དཔོན་དེ་ཁྲིམས་ལ་བློ་སྦྱོངས་བྱེད་མྱོང་མེད་མཁན་ཞིག་ཁྲིམས་གཅད་ཟེརན་ ཀྱེ་མ་ཀྱེ་ཧུད།
བོད་མི་བསྒྲིགས་འཛུག་ལ་སྲུང་སྐྱོབས་མེད་ན་ བོད་མི་འཚོ་་མི་ཚེ་ཟད་དེ་བོད་མི་ཕོ་མོ་ཚང་མའི་རྒྱ་ནག་གུང་ཁྲན་འོག་ཅུགས་གཉེས་ཡོད་པའི་ཚང་མའི་ཡིད་འཅག་འཚལ།
མ་མཐོང་པ་ཡིན་རྒྱུ་རེད། རང་གི་སྲིད་གཞུང་གི་ཁྲིམས་རང་གི་སྲིད་འཛིན་གྱིས་མི་བརྩི་བ་ཞིག་གང་ན་ཡོད།