མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཆད་འགེལ་བཀའ་ཁྱབ་བཏང་།

བོད་ཀྱི་དུས་བབ།
༢༠༡༩/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ཉན་ཞིབ་སྔ་རྗེས་གཉི་གར་མ་བསླེབས་པར་བརྟེན་ཁྲིམས་རྩོད་པའི་ལག་ཁྱེར་ནུས་མེད་དུ་བཏང་བ་སོགས་ཀྱི་ཆད་འགེལ་བཀའ་ཁྱབ་བཏང་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠: ༣༠ སྟེང་། ཁ་མཆུ་ཨང་ ༢༠ པའི་རྩོད་ལན་པ་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པའི་བཅོས་གསོའི་ཆད་པ་འགེལ་མ་དགོས་པའི་རྒྱུ་མཚན་བརྗོད་རྒྱུའི་ཉན་ཞིབ་ཚོགས་གཏན་འཁེལ་ཡོད་ཀྱང་། རྩོད་ལན་པའི་ཁྲིམས་རྩོད་པ་ཉན་ཞིབ་ཐོག་བསླེབས་མེད་པར་བརྟེན། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཆད་འགེལ་བཀའ་ཁྱབ་ཅིག་བཏང་སྟེ། བློ་བཟང་གྲགས་པའི་ཁྲིམས་རྩོད་པའི་ལག་ཁྱེར་ནུས་མེད་དུ་བཏང་སྟེ། ད་ནས་བཟུང་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གང་དུའང་ཁྲིམས་རྩོད་པའི་ལས་འགན་ལེན་མི་ཆོག་པའི་ཆད་འགེལ་ཐག་གཅོད་དང་བཅོས་གསོའི་ཆད་འགེལ་བཀའ་ཁྱབ་གཉིས་བཅས་བཏང་འདུག

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་རྩོད་པ་བློ་བཟང་གྲགས་པས་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་ཇི་ལྟར་བྱས་པ་སོགས་ཀྱི་ཡིག་ཆ་ཁག་མཉམ་སྦྱར་གྱིས་བསྒྲགས་པའི་བཀའ་ཁྱབ་ནང་། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༧ ཉིན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བློ་བཟང་གྲགས་པར་བརྡ་ཐོ་གཉིས་པ་བཏང་སྟེ། ཁྲིམས་ཞིབ་ཁང་གི་བརྡ་ཐོར་བརྩི་བཀུར་མ་ཞུས་པའི་རྒྱུ་མཚན་ཆབས་ཅིག་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༩ ཉིན་སྔ་དྲོའི་ཆུ་ཚོད་ ༡༠:༣༠ སྟེང་ཉན་ཞིབ་བྱེད་གཏན་འཁེལ་བའི་སྐོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་གཞོན་དང་དྲུང་ལས་གཉིས་ཆེད་བརྫངས་ཀྱིས། ཕྱི་དྲོའི་ཆུ་ཚོད་ ༣་༤༥ སྟེང་དོ་བདག་ངོ་མར་བརྡ་ཐོ་གདོང་སྤྲད་ཀྱིས་འབྱོར་ལན་མིང་རྟགས་བླངས་ཡོད་ཀྱང་། བློ་བཟང་གྲགས་པ་གོང་གསལ་དུས་བཀག་ལྟར་ཁྲིམས་ཞིབ་ཁང་དུ་ངོ་བཅར་བྱས་མེད། ཅེས་བཀོད་འདུག

ཡང་བཀའ་ཁྱབ་ནང་། ཁ་མཆུ་ཨང་ ༢༠ པའི་རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་གནས་དུས་ཚོད་རྩིས་ཀྱིས། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་འདིའི་བྱ་རིམ་ལག་བསྟར་སྐབས་སུ། རྩོད་ལན་པའི་ངོས་ནས་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་ཆགས་གཞིའི་བྱེད་སྟངས་མང་དག་ཅིག་ལ་བློ་དཀྱེལ་ཡངས་པོའི་ཐོག་ནས་བཟོད་བསྲན་གུ་བཤངས་དང༌། ལས་དང་པོ་བ་ལག་ཁྲིད་ལྟར་ཁྲིམས་ཡིག་གི་བྱ་རིམ་ཁག་ངང་རིང་གིས་ལམ་སྟོན་གསེད་བཀྲོལ་རིམ་བསྟུད་གནང་རིགས་བཅད་ཁྲའི་ནང་དུའང་མངོན་གསལ་ཡོད་པ་ལ་བཀའ་དྲིན་བསམ་ཤེས་ལས་ལྡོག་སྟེ། ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱེད་མི་རུང་བའི་ཁྲིམས་ཡིག་གི་བཀག་རྒྱ་གཏོར་བཤིག་དང༌། ཁྲིམས་རྩོད་པའི་ཆེད་ལས་བཟང་སྤྱོད་ཡལ་བར་དོར་ཏེ། བཅའ་ཁྲིམས་ཀྱིས་བསྐུར་བའི་ཡུལ་མིའི་ལས་འགན་རྒྱབ་ཏུ་བསྐྱུར། སྤྱི་ཚོགས་ནང་དཀྲོག་རྐྱེན་བཟོ་མི་རུང་བའི་འཇིག་རྟེན་ཡ་རབས་ལ་ལྟོས་མེད་ཀྱིས་མངོན་སུམ་འཛེམས་མེད་ཐོག ཁྲིམས་ཞིབ་ཁང་གི་ཐག་གཅོད་བཅད་ཁྲ་ལ་གཞི་མེད་དམའ་འབེབས་དང་། རང་སྣང་ཚད་མར་བཟུང་སྟེ་ཁྲིམས་ཞིབ་ཁང་གི་ཐག་གཅོད་བྱ་རིམ་ལ་འཕྱ་དམོད་སྒྲོ་འདོགས་དང་། གཟུགས་མེད་གྲིབ་བཟོ། དཀར་ནག་གོ་ལྡོག་གིས་ངན་དམོད་བྱེད་པ། རང་ཉིད་ཀྱིས་ཁྲིམས་ཡིག་ལྟར་གྱི་འགན་ཁུར་ལེན་མ་ཐུབ་པའམ། མ་བླངས་པའི་གྱོང་གུན་གྱི་ངན་ཁག་ཁྲིམས་ཞིབ་ཁང་ལ་འགེལ་དཀྲི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ཁྲིམས་ཡིག་ཁག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བསྐུར་བའི་འགན་དབང་ལ་དོགས་སློང་། མི་བདེན་རྫུན་བསྒྲིགས་དང་ར་མགོ་ལུག་སྦྱར་གྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཆེ་མཐོང་ཉམས་དམས་བཟོ་གཞིའི་གཏམ་འཆལ་ཧམ་བཤད། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ལུགས་ལ་དོ་ཕོག་གནོད་སྐྱོན་བཏང་སྟེ། ཡ་ང་བག་ཚ་མེད་པར་སྤྱི་ཚོགས་ནང་དཀྲོགས་རྐྱེན་སློང་གཞིར་འགྲེམས་སྒྲོགས་བྱས་པ་བཅས་ཀྱི་ནོར་འཁྲུལ་དེ་རིགས་ཡན་པོར་འཇོག་ཐབས་མེད་སྐོར་བརྗོད་འདུག

བཀའ་ཁྱབ་ཀྱི་མཇུག་ཏུ་ཆད་འགེལ་དང་བཅོས་གསོ་བཏང་བའི་ནང་། རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་ཁྲིམས་རྩོད་པའི་ཆེད་ལས་བཟང་སྤྱོད་བོར་བ་དང༌། ཁྲིམས་རྩོད་པའི་བླང་དོར་ཞུ་སྒོར་རྒྱབ་འགལ་བྱས་པའི་བཅོས་གསོར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྲད་པའི་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ལག་ཁྱེར་ནུས་མེད་དུ་བཏང་སྟེ། བཀའ་ཁྱབ་འདི་བཏང་ཉིན་ནས་བཟུང་བློ་བཟང་གྲགས་པས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གང་དུའང་ཁྲིམས་རྩོད་པའི་ལས་འགན་ལེན་མི་ཆོག་པའི་ཆད་འགེལ་ཐག་གཅོད་བྱས་པ་དང་།རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་སྒལ་རལ་བཙོང་ནས་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་ཚབས་ཆེན་བྱས་པའི་བཅོས་གསོར། ༡ བློ་བཟང་གྲགས་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱེད་མཁན་ཡིན་པའི་གསལ་བསྒྲགས་བྱས་པ་དང་། ༢ བློ་བཟང་གྲགས་པས་བཀའ་ཁྱབ་འདི་བཏང་ཚེས་ནས་ཉིན་གྲངས་བཅོ་ལྔ་ནང་ཚུན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་གཙོ་དང་། ྋརྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་བཤགས་སྡོམ་མཇལ་དར་དང་། བརྒྱ་མཆོད་འབུལ་དགོས་ཀྱི་ཆད་འགེལ་བཀའ་ཁྱབ་བཏང་བ་ཡིན་ཞེས་བཀོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

སྐར་མ ༢༥ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 0

  1. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 6 སྔོན།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་རྩི་བཀུར་ཉམས་ལེན་ཞུས་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་ཆེ་འབྲིང་ཆུང་གསུམ་ནང་ཞུགས་ནས་བོད་རྒྱལ་ཁབ་དང་བོད་མི་མང་ཞབས་འདེེགས་ཞུ་དགོས་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་བཀུར་བའི་ལས་འགན་ཞིག་ཡིན་པ་དང་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་མ་སྒྲུབ་ནས་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་འགན་ཆེ་འབྲིང་ཆུང་གསུམ་གང་དུའང་ལས་འགན་སྒྲུབ་རྒྱུ་དེ་ཁྲིམས་མཐུན་དང་བཟང་སྤྱོད་ལ་ངོས་འཛིན་ཞུ་ཐབས་བྲལ་བ་མ་རེད་དམ།

    Reply
  2. བཀྲ་ཤིས says:
    ལོ་ 6 སྔོན།

    མི་འདིས་སྤྱིར་བཏང་གི་སྐད་ཆ་ཙམ་ཡང་བཤད་མི་ཤེས་ན་ཡང་བཀའ་བློན་ཚོས་སྐྱབས་གནས་ཁྲིམས་རྩོད་པར་འདེམས་འདུག དེ་ཕྱིར་ཁོང་ལ་སྐྱབས་སུ་འགྲོ་མཁན་དག་ནི་ཁོང་ལས་ཀྱང་སྐྱོ་བ་དང་སྡུག་པ་ཡིན་པ་ལུང་དང་ཚད་མས་གྲུབ་པོ

    Reply
  3. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 6 སྔོན།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་པ་དེ་བོད་མི་རང་ལོ་བཅོ་བརྒྱད་ཡན་གྱི་བཙན་བྱོལ་བོད་མི་ཚང་མས་ལས་འགན་ཞིག་ཡིན་པ་དང་ལས་འགན་དེ་འགྲུབ་ཡོད་མེད་ཀྱི་བལྟ་རྟོགས་སམ་འགན་དེ་དབུས་ས་གཉིས་ཀྱི་འོས་བསྡུ་ལས་ཁང་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་འཛིན་སྐྱོང་བཀའ་ཤག་ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་མང་གཙོའི་སྒྲིག་འཛུགས་འཛིན་སྐྱོང་གནང་མཁན་གྱི་ཀ་བ་གསུམ་ཡོད་པའི་ངོས་དང་བཅས་་་་་་་་་

    Reply
  4. Cchogyur says:
    ལོ་ 6 སྔོན།

    ཁྲིམས་ཞིབ་ཁང་ནས་བཀའ་སྒྲགས་དེ་ལ་བལྟ་སྐབས་། དོན་གཅོད་གནས་དབྱུག་ཕོབ་མཁན་སྤེན་ཚེ་གིས་སྙན་ཞུ་ལ་ཞིབ་ནས་། བློ་གྲགས་གི་ཁྱད་གསོད་རེད་ནག་ཉེས་རྒྱག་དགོས་གང་ལབ་ལབ་རེད་འདུག། ་ཁྲིམས་ཞིབ་་་ཕྱོགས་ལྷུང་མིན་ནམ་གང་རེད། བཀའ་ཤག་གི་ཁྲིམས་ཐོག་གི་དཔང་མི་དཔང་ཡིག་གཉིས མེད་བཏང་ཟིན། བློ་གྲགས་གི་ལུས་ཀྱིས་རྐང་ལག་གཅད་འདྲ་་གླེང་མི་ཆོག་གང་ཡིན་ནམ།
    ཉེ་འཆར་་བློ་གྲགས་གི་ལག་འཁྱེར་བརྩིས་མེད་ཡིན་ཟེར་།་རྒྱ་ནག་གུང་ཁྲན་གི་བྱས་ལས་གཅིག་འཚུངས་རེད་། དྲང་བདེན་མེད་པར་ཁྲིམས་མི་དགོས་སོ།

    Reply
  5. གངས་པ་ says:
    ལོ་ 6 སྔོན།

    བློ་བཟང་སེང་གེ་ཐོག་མར་སྲིད་སྐྱོང་འོས་འདེམས་སྐབས་ནས་བཟུང་དུས་ད་ལྟ་བར་དུ་རྒྱབ་སྐྱོར་རོགས་རམ་དང་རེ་བ་ཆེན་པོ་བྱས་པ་ནང་བཞིན། འོས་ཡང་རྒྱལ་ཁ་ཐོབ་པ་རེད། ཡིན་ནའང་ད་ལྟ་སྐབས་སུ་བབ་པ་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཉེས་ཆད་འགེལ་ཡུལ་གྱི་མི་སྣར་རུ་གྱུར་འདུག་པས་ལས་གནས་ནས་དགོངས་པ་ཞུ་དགོས་ངེས་རེད། དེ་མ་གཏོགས་བོད་མི་ས་ཡ་དྲུག་དང་སྤྱི་པའི་རྩ་དོན་ཆེད་དུ་ཕྱག་ལས་གནང་གི་ཡོད་ཟེར་བའི་ཁ་སྙན་པོ་ཙམ་ལས་དོན་དངོས་དེ་ལྟར་མིན་པ་ཁྲིམས་ཐོག་ནས་གཙང་མ་བཟོས་གནང་འདུག མ་ཚད་སྲིད་སྐྱོང་གིས་ངོས་ལེན་ཡང་གནང་འདུག་པ་དེ་རེད། ད་ནས་བཟུང་ཁྲིམས་ཤོར་ཚར་བའི་སྲིད་སྐྱོང་ཞིག་བོད་མི་མང་གི་ཆེད་དུ་གསེར་ལུག་མགོ་ཙམ་ཞིག་ཁྱེར་ཡོང་བ་ཡིན་ན་ཡིད་ཆེས་རསཙ་བ་ནས་མེད། དེ་ལས་ཆེ་ཙམ་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་་གཡག་མགོ་ཙམ་ཞིག་དགེ་བདག་བྱ་རྒྱུ་ཡིན་པ་འདོད་མི་ཟ། ད་དུང་ངོ་ཚ་རྒྱུ་མེད་པའི་ཐོག་ནས་བོད་མི་ས་ཡ་དྲུག་དང་དྲུག་་་་་་་་ཧ་ཧ་ཧ། དེ་ལས་དགོངས་པ་ཞུས་ན་ལེགས། དྲང་པོ་ཡིན། རང་ཉིད་ཀྱིས་རྒྱབ་སྐྱོར་དང་ཡིད་ཆེས་དྱེད་སའི་སྲིད་སྐྱོང་དེར་ཁྲིམས་ཐོག་ནས་ནག་པོ་ནག་ཀྱང་ཡིན་པ་གསལ་པོ་ཆགས་ཚར་བས་སོ།

    Reply
    • Cchogyur says:
      ལོ་ 6 སྔོན།

      སྒེར་གནད་སངས་ལ།་སྤྱི་བ་འཐོར་མཁན་ཁྲིམས་ཞིབ་བ།

      Reply
  6. Cchogyur says:
    ལོ་ 6 སྔོན།

    དྲང་བདེན་ཡ་མེད་ཁྲིམས་ཞིབ་བ

    Reply
  7. Cchogyur says:
    ལོ་ 6 སྔོན།

    དྲང་མེད

    Reply
  8. Cchog says:
    ལོ་ 6 སྔོན།

    དྲང་མེད་བཀའ་ཁྱབ

    Reply
  9. གཡང says:
    ལོ་ 6 སྔོན།

    ཁྲིམས་དཔོན་ཞ་ར་རེད

    Reply
    • Cchogyur says:
      ལོ་ 6 སྔོན།

      དྲང་མེད་བཀའ་ཁྱབ་ཟེར

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese