མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀཱ་ཤི་མིར་ནང་ས་གནས་གཞན་གྱི་མི་མང་གཏན་སྡོད་བྱེད་ཆོག་པའི་ཁྲིམས་བཟོས།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་དབུས་གཞུང་ནས་ཀཱ་ཤི་མིར་ཐད་སྐྱོང་ས་ཁུལ་དུ་ཕྱི་མིའི་གཏན་སྡོད་ཐོབ་ཐང་སོགས་ཚུད་པའི་ཁྲིམས་ཡིག་གསར་པ་ཞིག་གཏན་འབེབ་གནང་ཡོད་པ་གསལ་བསྒྲགས་གནང་འདུགཁ་སང་རྒྱ་གར་དབུས་གཞུང་གིས་ཁྲིམས་གསར་པ་ཞིག་ཡོངས་བསྒྲགས་བྱས་ཏེ། རྒྱ་གར་དབུས་ཐད་སྐྱོང་ཀཱ་ཤི་མིར་ཁུལ་དུ་ལོ་ ༧ རིང་སློབ་སྦྱོང་བྱས་པ་དང་ཁུལ་དེའི་འཛིན་རིམ་ ༡༠ བ་དང་ ༡༢ པའི་ཡིག་རྒྱུགས་ནང་ཞུགས་མྱོང་བ། དེ་བཞིན། ལོ་ ༡༥ རིང་ཁུལ་དེར་གནས་སྡོད་བྱས་པའི་མི་སུ་ཞིག་ཡིན་ཚེ། ས་གནས་དེར་གཏན་སྡོད་བྱས་ཆོག་པའི་ཐོབ་ཐང་ཡོད་པ་མ་ཟད། རྒྱ་གར་མི་སེར་གྱི་ཐོབ་ཐང་ཀྱང་རག་གི་ཡོད་སྐོར་བརྗོད་ཡོད་པ་རེད།

ཐེངས་འདིའི་ཁྲིམས་གསར་དེ་ནི་རྒྱ་གར་གཞུང་གིས་ཀཱ་ཤི་མིར་གྱི་དམིགས་བསལ་རང་སྐྱོང་གནས་བབ་ཕྱིར་བསྡུ་བྱས་ཏེ་ཟླ་ ༨ འགོར་རྗེས་བཟོས་པ་ཞིག་ཡིན་པ་དང་། ཁྲིམས་གསར་འདིའི་འོག་ལོ་ ༡༠ རིང་ཀཱ་ཤི་མིར་ཁུལ་དུ་སྲི་ཞུ་ཞུས་མྱོང་བའི་ཉེན་རྟོག་པ་དང་། དངུལ་ཁང་དང་གཙུག་ལག་སློབ་གྲྭ་ཆེན་མོའི་ལས་བྱེད་སོགས་དབུས་གཞུང་དང་འབྲེལ་ཡོད་ཀྱི་ལས་བྱེད་ཚོའི་བྱིས་པ་རྣམས་ལ་ཀྰ་ཤི་མིར་དུ་གཏན་སྡོད་ཀྱི་ཐོབ་ཐང་ཡོད་འདུག

ཐེངས་འདིའི་ཁྲིམས་གསར་འོག སྲིད་བློན་མུ་དྷི་གཞུང་གིས་ཀཱ་ཤི་མིར་ཁུལ་གྱི་གཞོན་སྐྱེས་གཙོས་པའི་ས་གནས་མི་མང་ལ་ལས་ཀའི་གོ་སྐབས་བསྐྲུན་གྱི་ཡོད་སྐོར་རྗོད་བཞིན་ཡོད་ཀྱང་། ཆབ་སྲིད་དཔྱད་བརྗོད་པ་དང་ས་གནས་མི་མང་གིས། ཁྲིམས་འདིའི་འོག་ཀཱ་ཤི་མིར་གྱི་ས་གནས་མི་མང་ལ་ལས་ཀའི་གོ་སྐབས་དཀོན་པོ་ཆགས་རྒྱུ་ཡིན་པ་མ་ཟད། ཀཱ་ཤི་མིར་མི་སེར་སྤེལ་ཡུལ་ཞིག་ཏུ་གྱུར་ཏེ་ས་གནས་ཀྱི་ཕྱོགས་ཡོངས་ཀྱི་འཚོ་གནས་ལ་འགྱུར་ལྡོག་འགྲོ་རྒྱུ་ཡིན་པའི་སེམས་འཚབ་སྐྱེ་བཞིན་ཡོད་པ་རེད།

རྒྱ་གར་འཛིན་སྐྱོང་འོག་ཡོད་པའི་ཀཱ་ཤི་མིར་ཁུལ་དུ་གནས་བཞུགས་ཆབ་སྲིད་དཔྱད་བརྗོད་པ་ཝ་ཧི་ཌི་(Siddiq Wahid)ལགས་ཀྱིས། ཁྲིམས་གསར་དེ་ནི་གཡོ་བྱུས་ཤིག་ཡིན་པ་དང་། ཏོག་དབྱིབས་ནད་དུག་གི་ཛ་དྲག་གནས་སྟངས་སྐབས་ཁག་ཅིག་གིས་ཆབ་སྲིད་ཀྱི་གཡོ་བྱུས་མཚམས་འཇོག་བྱེད་ཀྱི་མེད་པ་དེ་གསལ་སྟོན་བྱས་ཡོད། ཅེས་བརྗོད་འདུག

ཡང་ཀཱ་ཤི་མིར་དུ་ཁྲིམས་ཀྱི་སློབ་དཔོན་གནང་བཞིན་པའི་ཧོ་སིན་ལགས་ཀྱིས་(Sheikh Showkat Hussain)ལགས་ཀྱིས། དབུས་གཞུང་གིས་རྩ་ཁྲིམས་དོན་ཚན་ ༣༧༠ རྩིས་མེད་བཏང་བའི་དམིགས་ཡུལ་ནི་ཀཱ་ཤི་མིེར་ཁུལ་དུ་ཕྱི་མི་གཏན་སྡོད་དང་། མི་འབོར་གྱི་གྲངས་ཚད་འགྱུར་བ་གཏོང་འདོད་ཡོད་པ་རེད་ལ། ད་ལྟ་དབུས་གཞུང་གིས་ཐབས་ལམ་འདྲ་མིན་འཐེན་ཏེ་རྒྱ་གར་གྱི་མི་མང་པོ་ཞིག་ཀཱ་ཤི་མིར་ནང་ཁྲིམས་མཐུན་ངང་གནས་སྡོད་བྱས་ཆོག་པར་བཟོས་ཡོད། ཅེས་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༨ པ་ནས་རྒྱ་གར་གཞུང་གིས་རྩ་ཁྲིམས་དོན་ཚན་ ༣༧༠ པ་གཏན་འབེབ་དང་ལག་བསྟར་གྱིས། ཀཱ་ཤི་མིར་ནང་ལས་ཀ་དང་སློབ་ཡོན། ས་ཆའི་བདག་ཐོབ་སོགས་ཀྱི་ཐོག་དམ་དྲག་བྱེད་མགོ་བརྩམས་ཡོད་པ་དང་། ད་རེས་ཁྲིམས་འདིས་དམིགས་བསལ་ཕྱི་ཕྱོགས་ཀྱི་མི་མང་པོ་ཞིག་ལ་ས་གནས་མི་མང་དང་གཅིག་མཚུངས་ཀྱི་ཐོབ་ཐང་སྤྲོད་བཞིན་ཡོད་པས། ད་ནས་བཟུང་ཀཱ་ཤི་མིར་གྱི་ས་གནས་མི་མང་ལ་སོ་སོའི་མ་འོངས་པ་ཐག་གཅོད་བྱེད་པའི་དབང་ཆ་ཇེ་ཆུང་དུ་ཕྱིན་ཡོད་པ་རེད།

རྒྱ་གར་གཞུང་འཛིན་བྷི་ཇེ་ཕི་སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཡིག་ཨ་ཤོག་གོལ་ལགས་ཀྱིས། ང་ཚོས་སྔོན་མ་ནས་འདི་འདྲ་ཞིག་ལ་སྒུག་ནས་བསྡད་ཡོད། ཀཱ་ཤི་མིར་གྱི་མི་མང་ཡོངས་དགའ་སྤྲོས་ཁེངས་འདུག་ལ། མི་སུ་ཞིག་ཀཱ་ཤི་མིར་ནང་ལོ་ ༡༥ བསྡད་ཚེ་ཐོབ་ཐང་རྣམས་རག་གི་ཡོད། ཕྱི་ཕྱོགས་ཀྱི་མི་གཞན་ལ་ཐོབ་ཐང་དེ་དག་འཐོབ་ཀྱི་མེད། ཅེས་བརྗོད་ཡོད་ཀྱང་། ཀཱ་ཤི་མིར་གྱི་སྤྱི་ཁྱབ་བློན་ཆེན་ཟུར་པ་ཨོ་མར་ཨབ་ཌོལ་ལ་(Omar Abdullah)ལགས་ཀྱིས། ད་ལྟ་ང་ཚོ་ཚང་མས་ནུས་ཤུགས་ཡོད་ཚད་ཏོག་དབྱིབས་ནད་དུག་སྔོན་འགོག་ཐོག་གཏོང་དགོས་པ་ལས་ཀཱ་ཤི་མིར་ནང་ཁྲིམས་གསར་བཟོའི་ཐོག་གཏོང་དགོས་ཀྱི་མེད་ལ། གལ་སྲིད་ཁྲིམས་ཀྱིས་དམ་བཅའ་གཞིར་བཟུང་མི་མང་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་ཚེ། དེ་ནི་རྣག་ཐོག་ཁབ་རྩེག་བྱས་པ་དང་གཅིག་མཚུངས་ཡིན། ཞེས་དབུས་གཞུང་གི་ཏོག་དབྱིབས་ནད་དུག་གི་ཛ་དྲག་གནས་སྟངས་སྐབས་ཁྲིམས་དེ་འདྲ་ཡོངས་བསྒྲགས་བྱས་པར་སྐྱོན་བརྗོད་བྱས་ཡོད་པ་རེད།

འདས་ལོའི་ཕྱི་ཟླ་ ༨ ཚེས་ ༥ ཉིན་རྒྱ་གར་དབུས་ནང་སྲིད་བློན་ཆེན་ཨཱ་མིཊ་ཤཱ་(Amit Shah)ཡིས་གྲོས་ཚོགས་ར་བའི་ནང་། རྒྱ་གར་སྲིད་འཛིན་གྱི་བཀའ་འཁྲོལ་འོག རྩ་ཁྲིམས་དོན་ཚན་ ༣༧༠ རྩིས་མེད་གཏོང་རྒྱུ་ཡོངས་བསྒྲགས་བྱས་ཏེ། འདས་པའི་ལོ་ ༧༠ ལྷག་རིང་ཀཱ་ཤི་མིར་དེ་རང་སྐྱོང་ལྟ་བུར་གནས་ཐུབ་པའི་གཞི་རྩར་འགྱུར་བ་བཏང་ཡོད་པ་དང་ ། ཐག་གཅོད་དེ་གནང་རྗེས་མི་གྲངས་ས་ཡ་ ༧ ལས་གྲུབ་པའི་ཀཱ་ཤི་མིར་ནང་དཀའ་རྙོག་མང་པོ་ཞིག་ཡོང་ཡོད་པ་དང་།  ཁ་གཏད་པཱ་ཀི་སི་ཐན་ལ་ཡང་ཁོང་ཁྲོ་བསླངས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

His Holiness the Dalai Lama teaching at Karsha Phodrang in Zanskar, Ladakh, India on July 25, 2025. (Photos by Tenzin Choejor)
༸གོང་ས་མཆོག གསར་འགྱུར།

ལ་དྭགས་གླེ་རུ་ཆར་ཤུགས་ཆེ་བའི་རྐྱེན་གྱིས་ཆིབས་བསྒྱུར་ཕྱིར་འགྱངས་གནང་།

༢༠༢༥/༠༨/༢༦
Ven. Zega Gyatso Arrested. Photo :Tibettimes 2025/8/25
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་འཛིན་བཟུང་བྱས་འདུག

༢༠༢༥/༠༨/༢༥
རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་བཀྲ་ཤིས་འཁྱིལ་དགོན་པར་རིགས་གྲྭ་རིག་པའི་རལ་གྲི་རྗེ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་དགུང་གྲངས་བརྒྱའི་སྟེང་སྐུ་གཤེགས་ཡོད་འདུག ༢༠༢༥།༨།༢༥
Mobile App

རིགས་གྲྭ་རིག་པའི་རལ་གྲི་རྗེ་སྐལ་བཟང་བསྟན་པ་རབ་རྒྱས་མཆོག་དགུང་གྲངས་བརྒྱའི་སྟེང་སྐུ་ཞི་བར་གཤེགས།

༢༠༢༥/༠༨/༢༥
བོད་བོང་སྟག་མུ་རུའི་རྩྭ་ཐང་དུ་མི་ལོ་ ༤༠ ལྷག་རིང་རྡོ་སོལ་སྔོག་འདོན་བྱས། ༢༠༡༨ དྲ་ལམ་གྱི་པར།
Mobile App

ལོ་ལྔའི་ནང་རྒྱ་ནག་གཞུང་གིས་སྔར་ལྷག་རྡོ་སོལ་སྔོག་འདོན་བྱ་རྒྱུ་ཡིན་འདུག

༢༠༢༥/༠༨/༢༥
Mobile App

མདོ་སྨད་གཙང་དགོན་པའི་གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བློས་བཏང་།

༢༠༢༥/༠༨/༢༢
སྲིད་སྐྱོང་མཆོག་གིས་སུ་ཇཱ་བོད་ཁྱིམ་གྱི་དགེ་སློབ་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༨།༢༡ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ནང་བྱིས་པ་རྣམས་རྒྱ་སྐད་བཤད་མཁན་ཆགས་པ་དང་བཙན་བྱོལ་ནང་བོད་སྐད་ལ་དོ་སྣང་མ་བྱས་ན་འགྲིག་གི་མ་རེད།

༢༠༢༥/༠༨/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese