རྒྱ་གར་རྒྱ་མཚོའི་ཨམ་ཧྥན་མཚོ་རླུང་གིས་རྒྱ་གར་ཤར་བརྒྱུད་ཀྱི་མངའ་སྡེ་ཁག་ཅིག་དང་བྷང་གྷ་ལའི་ལྷོ་ནུབ་ཁུལ་དུ་གནོད་སྐྱོན་ཐེབས་པར་བརྟེན་༸གོང་ས་མཆོག་ནས་ཐུགས་གསོའི་གསུང་འཕྲིན་དང་ངལ་སེལ་རོགས་དངུལ་གནང་འདུགའདས་པའི་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་ཤར་བརྒྱུད་ནུབ་བྷེང་གྷལ་དང་ཨོ་རི་ས་མངའ་སྡེའི་ཁུལ་དུ་མཚོ་རླུང་དྲག་པོ་གཡུགས་པའི་རྐྱེན་གྱིས་ཉུང་མཐར་མི་མང་པོ་རྐྱེན་འདས་སུ་སོང་བ་དང་། མི་གྲངས་ས་ཡ་ ༢ ལྷག་ས་གནས་གཞན་དུ་ཉེན་ཡོལ་དུ་འགྲོ་དགོས་བྱུང་བར་བརྟེན། དེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མངའ་སྡེ་གཉིས་ཀྱི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་འདུག
ཐུགས་གསོའི་གསུང་འཕྲིན་ནང་། ངོས་ཀྱིས་ཐེངས་འདིའི་རང་བྱུང་གོད་ཆག་ཆེད་སྔོན་ཚུད་ནས་གྲ་སྒྲིག་བྱས་པ་མ་ཟད། ད་ལྟ་གོད་ཆག་གིས་གནོད་འཚེ་ཕོག་པ་རྣམས་ལ་ངལ་སེལ་དང་རོགས་སྐྱོར་གནང་མུས་ཡིན་པ་དེར་བསྔགས་བརྗོད་ཞུ་བཞིན་ཡོད། ཅེས་དང་། ངོས་ནས་ཁྱེད་དང་། གནོད་འཚེ་ཕོག་པའི་མི་རྣམས་དང་ཁོང་ཚོའི་ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་བྱེད་ཀྱི་ཡོད། ངོས་ནས་ནུབ་བྷེང་གྷལ་དང་ཨོ་རི་སའི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ། ཏཱ་ལའི་བླ་མ་ཐེབས་རྩ་ནས་ངལ་སེལ་ཆེད་ཞལ་འདེབས་འབུལ་རྒྱུ་ཡིན། ཞེས་གསུངས་འདུག
དེ་བཞིན། ནུབ་བྷེང་གྷལ་གྱི་སྤྱི་ཁྱབ་བློན་ཆེན་མཱ་མཱ་ཏཱ་བྷ་ནེར་ཇི་ལགས་སུ་གནང་བའི་གསུང་འཕྲིན་ནང་། འདས་པའི་ལོ་ངོ་ ༦༠ རིང་ང་ཚོ་བོད་མི་རྣམས་ཀྱི་ཁྱིམ་ཚང་དུ་གྱུར་བའི་རྒྱ་གར་འཕགས་པའི་ཡུལ་ལ་གུས་བརྩི་ཆེན་པོ་བྱེད་ཀྱི་ཡོད་པའི་ཐོག ནུབ་བྷེང་གྷལ་མངའ་སྡེར་དམིགས་བསལ་གྱི་གུས་བརྩི་ཆེན་པོ་ཡོད། གང་ཡིན་བརྗོད་ན། དུས་རབས་ ༨ པའི་ནང་བོད་ཀྱི་ནང་བསྟན་ལྟེ་གནས་ཐོག་མ་བསམ་ཡས་གཙུག་ལག་ཁང་དེ་ཉིད་གསར་འཛུགས་གནང་མཁན་མཚན་ཉིད་རིག་པ་སྨྲ་བ་དང་ཚད་མ་རིག་པ་སྨྲ་བ་མཁན་ཆེན་ཞི་བ་འཚོ་དང་། དུས་རབས་ ༡༡ པའི་ནང་བོད་དུ་ནང་བསྟེན་བསྐྱར་གསོ་མཛད་མཁན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྣམ་གཉིས་བྷེང་གྷལ་ཡུལ་ནས་བྱོན་པས་ཡིན། ཞེས་གསུངས་འདུག
ད་ཐེངས་ཀྱི་ཨམ་ཧྥན་ (Amphan) དུ་འབོད་པའི་མཚོ་རླུང་དེ་རྒྱ་
གསར་འགོད་པ། པ་སངས་ཚེ་རིང་།
པར་སྐུ་སྒེར་དྲ་བ་ནས་བླངས།