མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲ་ཤིས་སྟོབས་རྒྱལ་ལགས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལངས་འདུག

བོད་ཀྱི་དུས་བབ།
༢༠༢༠/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

བཀྲ་ཤིས་སྟོབས་རྒྱལ་ལགས་ནས་ཁོང་གིས་སྲིད་སྐྱོང་རྩེ་གྲ་དེ་བྱེད་ཐུབ་པས་འགན་འཁུར་མཁན་ཚོས་ཁོང་ལ་འོས་བླུག་དགོས་པ་དང་ཁོང་ལ་འོས་ཐོབ་ན་ད་ལྟའི་སྲིད་སྐྱོང་འོས་མི་ཚང་མར་བཀའ་ཤག་ནང་གོ་སྐབས་སྤྲད་རྒྱུ་ཡིན་སྐོར་བསྒྲགས་སོང་།ཁ་སང་ཕྱི་ཚེས་ ༩ ཉིན། རྒྱ་གར་གྱི་དགོང་མོའི་ཆུ་ཚོད་ ༨ ཐོག་ཕྱི་ལོ་ ༢༠༡༦ ལོར་སྲིད་སྐྱོང་འོས་མིར་ལངས་མྱོང་བའི་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས། དྲ་ལམ་ཐད་གཏོང་བརྒྱུད་ཁོང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་དངོས་སུ་ལངས་བའི་གསར་འགོད་གསལ་བསྒྲགས་གནང་སོང་བ་དང་། ཁོང་སྲིད་སྐྱོང་ལ་ལངས་དོན་གང་མགྱོགས་བོད་ལ་རང་དབང་གི་སྐྱིད་པའི་ཉི་མ་ཤར་ཆེད་ཡིན་པ་དང་། ཐེངས་འདིར་མི་མང་ངོས་ནས་ཤེས་ཡོན་ཅན་དང་བསམ་བློ་ཅན་གཉིས་ལ་དབྱེ་བ་གསལ་བོ་ཕྱེས་ནས། བསམ་བློ་ཅན་ཁོང་ལ་གོ་སྐབས་གནང་རོགས་ཞུ་རྒྱུ་དང་། ཁོང་ལ་མཚོན་ན་སྤྱི་ཚོགས་མཉམ་དུ་སྐྱིད་སྡུག་གཅིག་པ་ཡིན་པས་སྲིད་སྐྱོང་རྩེ་གྲ་དེ་བྱེད་ཐུབ་པས། འགན་འཁུར་མཁན་ཚོས་སློབ་སྦྱོང་གང་ཡང་མེད་པའི་ལུག་རྫི་ཁོང་ལ་འོས་བླུག་དགོས་སྐོར་བརྗོད་བྱུང་།

གསལ་བསྒྲགས་ཀྱི་ཐོག་མར་ཁོང་སྲིད་སྐྱོང་གི་འོས་གཞིར་ལངས་དགོས་པའི་རྒྱུ་མཚན་བོད་ལ་སྐྱིད་པའི་ཉི་མ་ཤར་ཆེད་ཡིན་པའི་སྐོར་ལ་ཁོང་གིས། བོད་ལ་སྐྱིད་པའི་ཉི་མ་ཤར་ཟེར་ན་ག་འདྲ་ཞིག་རེད་ཟེར་ན། བོད་ལ་སྐྱིད་པའི་ཉི་མ་ཤར་བར་བོད་དོན་བདེན་མཐའ་གསལ་དགོས་པ་དང་། བོད་དོན་བདེན་མཐའ་གསལ་བར་བྱེད་སྒོ་གསུམ་ཡོད་པ་དང་། གསུམ་དེ་དག་མི་རིགས་ཀྱི་ཤེས་ཡོན་དང་ཆ་སྙོམ་གྱི་གཅིག་སྒྲིལ། ནང་པའི་ཆོས་ལ་བདག་སྐྱོང་བཅས་ཡིན་པ་དང་། བྱེད་སྒོ་དེ་དག་གསུམ་གཉེར་བར་ང་ཚོ་སྔོན་ཆད་ལྟར་མ་ཡིན་པར། དེང་སང་བོད་པ་ཚང་མ་སྤྱི་ཡོངས་ནས་བོད་དོན་ལས་འགུལ་སྤེལ་ཐུབ་པའི་ནུས་པ་དང་དཔལ་འབྱོར་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུག་ཐུབ་པའི་ཤེས་ཡོན་དང་ནུས་པ་ཡོད་སྟབས། དེ་ལ་དཔག་པའི་མགོ་ཁྲིད་ཅིག་དགོས་སྐོར་བརྗོད་སོང་།

ཡང་ཁོས་མུ་མཐུད་སྔོན་ཆད་རྒྱ་ནག་གིས་བོད་རང་བཙན་མིན་པའི་སྐད་ཆ་ག་རེ་ཡིན་ན་བཤད་ཤོག་ཅེས་བཤད་པ་དང་། གནད་དོན་དེ་ཕྱི་ལོ་ ༡༩༥༩ དང་ ༡༩༦༠ ལོར་བཙན་བྱོལ་ལ་ཡོང་ནས། ༧གོང་ས་མཆོག་གི་བཀའ་དྲིན་ལ་ཡར་རྒྱས་ཆེན་པོ་སོང་ཡོད་སྟབས། རྒྱ་ནག་ཕྱོགས་ནས་མ་འོངས་པར་ཉེན་ཁ་ཞིག་ཏུ་མཐོང་ནས་རང་བཙན་མིན་པའི་སྐད་ཆ་ག་རེ་ཡིན་ན་བཤད་ཤོག་ཅེས་ལབ་པ་མ་གཏོགས། ཁོ་ཚོས་ང་ཚོར་སྙིང་རྗེ་སྐྱེས་ནས་བཤད་བཞག་པ་ཞིག་མ་རེད། ད་ལྟའི་ཆར་རྒྱ་ཕྱོགས་ནས་དབུ་མའི་ལམ་ལ་ངོས་ལེན་དང་བོད་རྒྱ་ཞི་མོལ་བྱེད་ཀྱི་མིན་ཞེས་ལབ་བསྡད་ཡོད་པ་རེད། དེ་ག་རེ་བྱས་ནས་ལབ་པ་རེད་ཅེས་ན་ཁོ་ཚོས་ང་ཚོ་སྔོན་ཆད་ལྟར་མཐོང་གི་མེད་པར་ང་ཚོའི་ནུས་པ་བརླགས་ཚར་བ་ཞིག་མཐོང་གི་ཡོད་སྟབས། ང་ཚོ་ཡང་བསྐྱར་ཚ་ཚ་འུར་འུར་དང་ནུས་པ་ཅན་ཞིག་བཟོ་བར་མགོ་ཁྲིད་ཡག་པོ་ཞིག་དགོས་པ་དང་། མགོ་ཁྲིད་ཡག་པོ་ཞིག་འདེམས་ཐུབ་པ་ཡིན་ན་རྒྱ་ནག་ཕྱོགས་ནས་ཡང་བསྐྱར་རང་བཙན་མིན་པའི་སྐད་ཆ་བཤད་ཆོག་ཅེས་ལབ་ཡོང་སྐོར་བརྗོད་སོང་།

འདས་པའི་ལོ་ངོ་ ༢༠ རིང་བོད་དོན་འཐུས་ཤོར་ཕྱིན་ཡོད་ལུགས་སྐོར་ལ་ཁོང་གིས། ད་ལྟའི་ཆར་བོད་པ་ཚོར་མཚོན་ན། མི་སྒེར་གཅིག་ལ་དཔལ་འབྱོར་དང་ཤེས་ཡོན་སློབ་སྦྱོང་སོགས་གང་གིས་ཀྱང་འདང་གི་མེད་པའི་གནས་སྟངས་མེད་པ་དང་། ལྷག་པར་དུ་འདི་ལོའི་ཏོག་དབྱིབས་གཉན་རིམས་སྐབས་བོད་པ་ཚོ་འཛམ་གླིང་ནང་དཔུང་པ་མཐོན་པོ་བྱས་ཏེ་འགྲོ་ཐུབ་མཁན་གྱི་མི་རིགས་ཤིག་ཆགས་ཡོད་ན་ཡང་། རྒྱལ་ཁབ་དང་མི་རིགས་བོད་སྤྱི་པའི་རྩ་དོན་ལ་ཐུག་དུས་ང་ཚོ་ཚང་མ་སེམས་ཤུགས་ཆགས་བསྡད་པ་ཞིག་དང་། ནང་ཁུལ་གྱི་སྐད་ཆ་བཤད་སྟངས་བྱས་ན་ད་བོད་པར་ཡོད་པ་མ་རེད། ཚང་མ་ཚར་ཚར་བ་རེད་ཅེས་བཤད་དགོས་པའི་གནས་སྟངས་ཆགས་ཡོད་པ་དང་། དེ་ལྟར་ག་འདྲ་ཞིག་ཆགས་སོང་བའི་རྒྱུ་མཚན་དེ་འདས་པའི་ལོ་ངོ་ ༢༠ རིང་གི་འཐུས་ཤོར་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་དང་། རྡོག་རྡོག་བཤད་ན་གནས་སྟངས་དེ་ཟམ་གདོང་རིན་པོ་ཆེ་ཡི་ལོ་ ༡༠ དང་བློ་བཟང་སེང་གེ་ཡི་ལོ་བཅུ་རེད། ཟམ་གདོང་རིན་པོ་ཆེ་མཁས་དབང་ཡིན་ན་ཡང་མཁས་དབང་གིས་སྟོང་བཤད་བརྒྱབ་བསྡད་པ་དང་། བློ་བཟང་སེང་གེ་སྤྱང་པོ་རེད། སྤྱང་པོས་མགོ་སྐོོོར་བཏང་། མི་མང་ཚོས་གླེན་པའི་རེ་བ་བྱས་བསྡད་པ་ཞིག་ཡིན་སྐོར་བརྗོད་སོང་།

དེ་བཞིན་མི་མང་པོ་ཞིག་གིས་བཀྲ་ཤིས་སྟོབས་རྒྱལ་སྲིད་སྐྱོང་ལ་ག་རེ་བྱས་ནས་ལངས་པ་རེད། ག་འདྲ་བྱེད་ཐུབ་པ་རེད་ཅེས་བཤད་མཁན་ཡོད་ན་ཡང་། ང་རང་གི་ངོས་ནས་བསམ་བློ་གཏོང་ཤེས་མཁན་དང་ཀུན་སློང་ཡག་པོ་ཡོད་པ་ཡིན་ན་སྲིད་སྐྱོང་དེ་གྲོང་པ་ཞིག་སྐྱོང་བ་ལས་སླ་བ་འདུག ཡང་ལ་ཤས་ཀྱིས་ཁོ་ལ་སློབ་སྦྱོང་མེད་པར་སྲིད་སྐྱོང་ལངས་ཀྱི་ཡིན་ཞེས་ན་ག་རེ་ལབ་པ་རེད་ཅེས་བཤད་མཁན་ཡོད་པ་རེད། ཡིན་ན་ཡང་སློབ་སྦྱོང་ཟེར་བ་དེ་ནང་གི་མནའ་མ་ཞིག་ལ་དཔེར་བླངས་ན། མནའ་མ་སློང་སྦྱོང་ཡོད་མཁན་དང་མེད་མཁན་ལས་ལས་ཀའི་ཐད་ནས་སློབ་སྦྱོང་མེད་མཁན་ཚོས་འགན་ཡག་པོ་འཁུར་བསྡད་ཡོད་པ་རེད། འཛམ་གླིང་ནང་ཆབ་སྲིད་མི་སྣ་ལ་སློབ་སྦྱོང་འདི་འདྲ་ཞིག་དགོས་པ་རེད་ཅེས་ཆ་རྐྱེན་གང་ཡང་མེད་པ་རེད། སློབ་སྦྱོང་ཡོད་མཁན་ཚོས་ང་ཚོའི་སྤྱི་ཚོགས་དེ་དཀྲུག་གཞི་ཅན་དུ་སྒྱུར་བཞིན་ཡོད་སྟབས། ཐེངས་འདིར་ཤེས་ཡོན་ཅན་དང་བསམ་བློ་ཅན་གཉིས་ལ་དབྱེ་བ་གསལ་བོ་ཕྱེས་ནས། བསམ་བློ་ཅན་ང་ལ་གོ་སྐབས་གནང་རོགས་ཞེས་ཞུ་ཡི་ཡོད་ལ། ང་ལ་མཚོན་ན་སྤྱི་ཚོགས་མཉམ་དུ་སྐྱིད་སྡུག་གཅིག་པ་ཡིན་པས་སྲིད་སྐྱོང་རྩེ་གྲ་དེ་བྱེད་ཐུབ་པས། འགན་འཁུར་མཁན་ཚོས་སློབ་སྦྱོང་གང་ཡང་མེད་པའི་ལུག་རྫི་ཁོང་ལ་འོས་བླུག་དགོས། ཞེས་བརྗོད་སོང་།

མཇུག་ཏུ་ཁོང་གིས་མ་འོངས་པར་ཁོང་ལ་སྲིད་སྐྱོང་འོས་ཐོབ་པ་ཡིན་ན། ད་ལྟ་སྲིད་སྐྱོང་ལ་ལངས་མཁན་མི་སྣ་ཚང་མར་ཁོང་གི་བཀའ་ཤག་ནང་གོ་སྐབས་སྤྲད་རྒྱུ་ཡིན་པས། ཁོ་རང་ཚོར་བསམ་ཚུལ་གང་ཡོད་མཉམ་དུ་སྤོང་ཆོག་སྐོར་དང་། མཐའ་མར་རེ་བ་གཅིག་ལ་ཕྱི་ལོ་ ༢༠༢༡ ལོའི་སྤྱི་འཐུས་འོས་བསྡུའི་ནང་སྔོན་མའི་སྤྱི་འཐུས་རྙིང་པ་ཁག་ནས་དགོངས་པ་ཞུ་རོགས་གནང་། དོན་དེ་དབུས་གཙང་སྤྱི་འཐུས་གཅིག་པུ་མིན་པར་ཆོལ་ཁ་ཚང་མའི་སྤྱི་འཐུས་རྙིང་པ་དེ་དག་མ་ལངས་རོགས་ཞེས་ཞུ་བཞིན་ཡོད་ལ། རྙིང་པ་ཁྱེད་རང་ཚོས་ལོ་ངོ་ ༡༠ ནས་ ༡༥་བར་སྤྱི་འཐུས་བྱས་ཏེ་ནུས་པ་འདོན་དགོས་པ་དེ་བཏོན་ཚར་བ་རེད། ཁྱེད་རང་ཚོས་ནུས་པ་འདོན་མ་ཐུབ་པའི་རྒྱུ་མཚན་གྱིས་ད་ལྟ་ང་ཚོའི་སྤྱི་ཚོགས་དེ་འཁྲུག་ཆ་དོད་པོ་དང་འུ་ཐུག་པའི་གནས་སྟངས་སུ་ལྷུང་བསྡད་ཡོད་པ་རེད། དེ་བས་ཁྱེད་རང་ཚོ་མི་མང་གིས་རེ་བ་བྱེད་སའི་མི་སྣ་ཞིག་ལ་བརྩི་ཡི་མེད་སྟབས། བསྐྱར་དུ་འོས་བསྡུའི་ནང་མ་ལངས་རོགས་ཞེས་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦
གངས་་སྐྱིད་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༨ པ་སྲུང་གཙི་གནང་།  ༢༠༢༥།༠༥།༡༦ དུས་བབ་ཀྱི་པར།
Mobile App

བོད་ཀྱི་སྒྱུ་རྩལ་པས་སྒྱུ་རྩལ་བརྩམས་ཆོས་ཀྱི་ཐོག་ནས་བོད་དོན་འགྲེམས་སྟོན་བྱས།

༢༠༢༥/༠༥/༡༦

མཆན། 3

  1. ཚེ་དཔག་རིག་འཛིན། says:
    ལོ་ 5 སྔོན།

    བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་རྨི་ལམ་ཡག་པོ་བཏང་འདུག ཁྱེད་ལྟར་ན། བཀའ་ཟུར་ཟམ་གདོང་རིན་པོ་ཆེས་ལོ་ ༡༠ མཁས་ཉམས་གཏམ་བཤད་རྐྱང་རྐྱང་བཤད་ནས་བསྐྱལ་བ་དང་། སྲིད་སྐྱོང་བློ་བཟང་སེང་གེས་ལོ་ ༡༠ སྤྱང་དྲུང་མགོ་བདེ་དྲན་འཕྲུལ་ཤ་སྟག་བཤད་ནས་ལོ་དུས་ཚང་ལ་ཉེ་སོང་བས། བསྡོམས་བོད་དོན་གྲུབ་རྒྱུ་མེད་པར་མི་ལོ་ ཧྲིལ་པོ་ ༢༠ ཐམ་པ་འཕྲོ་བརླག་ཏུ་འགྲོ་སོང་ཟེར་ན། དེའི་སྒང་ལ་ལུག་རྫི་བཀྲིས་སྟོབས་རྒྱལ་ལགས་ཁྱེད་ཀྱིས་ཀྱང་གླེན་རྟགས་ཤ་སྟག་སྟོན་རྒྱུའི་རེ་བ་སྟོང་པ་འཆང་ནས་གལ་སྟེ། ཁྱེད་རང་ལ་སྲིད་སྐྱོང་གི་ཞབས་སྟེགས་རེག་པའི་དབང་དུ་བཏང་ན། མ་མཐའ་ཡང་ལོ་ ༥ འགོར་དགོས་འབྱུང་རྒྱུ་ལགས་པས། དེ་ནི་ཨ་ཁུ་སྟོན་པའི་ཕད་གོག་གི་སྒྲུང་དང་གཅིག་པ་གཅིག་རྐྱང་གི་གནས་སྟངས་ཤིག་དུ་འགྱུར་རྒྱུ་དང་། བོད་མིའི་བསོད་ནམས་དང་རེ་བ་ཟད་པའི་མངོན་རྟགས། ཤ་ཟད་རུས་ལ་ཐུག་པའི་འུ་ཐུག ཉི་མ་ནུབ་ནས་ཤར་རྒྱུའི་རེ་བ་སྟོང་ཟད་གཅིག་རེད་དོ་ཞེས་ཟེར་ན་འདོད། འོན་ཀྱང་བཀྲ་ཤིས་སྟོབས་རྒྱལ་ལགས་ཁྱེད་ཀྱི་སྙིང་ཁམས་དང་གླེན་རྟགས། ཨོར་འཐོམ་དང་ཧམ་བཤད་དེ་ཙམ་ཤོད་ཕོད་པ་ལ་ངོ་མ་ངས་མངོན་པར་བསྟོད་དོ། མ་གཞི་ཆབ་སྲིད་དུག་ཅན་གྱི་ཡོ་ལངས་ལ་གང་ཅི་ཡང་རུང་བ་ཞིག་ལོས་ཡོང་སྲིད། ཡ་ཡ། ད་ཤུགས་རྒྱོབས་ཤོག་ལུག་རྫི་ལགས། ངས་ཀྱངརང་གི་རྩ་ཆེའི་འོས་ཤོག་གཅིག་པོ་དེ་ཁྱེད་རང་རང་ལ་འབུལ་དགོས་མིན་ནམ་བསམ་ནས་བསྡད་ཡོད། ། བཀྲ་ཤིས།།

    Reply
  2. Samchu says:
    ལོ་ 5 སྔོན།

    Good objective. Best of luck. I have to add an suggestion for your benefit. The suggestion is that there is no UNO to appeal your facts and truth. Please do not think about UNO for your objectives.
    Why do not think UNO for your truth? UNO does not exist for facts. However it is an agent, that controlled by Chinese Communist Party. How can they listen your problems.

    Reply
  3. ཆོས་ཀྱི་གྲགས་པ། says:
    ལོ་ 5 སྔོན།

    གལ་སྲིད་སྐུ་ངོ་ལུག་རྫི་སྲིད་སྐྱོང་ལ་བཞེངས་པ་ཡིན་ན། ད་ལྟའི་འོས་མི་ཆ་ཚང་མཉམ་དུ་སྲིད་སྐྱོང་ལ་ལངས་པ་དང་གཅིག་པ་ཡིན་པས། ང་ཚོས་ཅིས་ཀྱང་ཁོང་ལ་བསམ་བློ་གཏོང་འོས། ཁོང་ཐེངས་མ་གཉིས་ལ་རེ་ལ་སྲིད་སྐྱོང་ལ་ལངས་པ་དེས། ཁོང་ལ་རེ་བ་ཞིག་དང་འཆར་གཞི་ཞིག་ཡོད་པའི་རྟགས་མཚན་རེད། དེ་མིན་ཁོང་གིས་དེ་ལྟར་བྱེད་མི་སྲིད། དེ་བས་ཁོང་སྲིད་སྐྱོང་ལ་ཐོབ་པ་ཡིན་ན་ནང་བཀྲ་ཤིས་ཤིང་། ཕྱིའི་དགྲ་བོ་ལས་སྟོབས་ཀྱིས་རྒྱལ་བའི་རེ་བ་དང་སྨོན་ལམ་གྱི་རྟགས་མཚན་འཆར་འདུག ད་ནི་བོད་མི་ཚོས་བསམ་བློ་གཏོང་རན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese