མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་དྲག་གསར་མའི་མགོ་ལ་རྭ་སྐྱེས།

བོད་ཀྱི་དུས་བབ།
༢༠༢༠/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་རྒྱལ།

ཕྱི་ཟླ་ ༩ པའི་ཚེས་ ༢༥ ཉིན་དཔལ་ལྡན་བོད་མི་མང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ <<སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་གྲངས་ ༡༡ ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་བྱེད་འཛོལ་ལ་ཆད་འགེལ་གྱི་ཐག་གཅོད་བཀའ་ཁྱབ།>> ཤོག་ལྷེ་ ༡༣ ཅན་ཞིག་བཏང་པའི་ཉིན་དེ་མ་ཐག་ཏུ།   དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ <<ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་དང་འགལ་བའི་ཆད་འགེལ་བྱས་པར་ངོས་ལེན་མེད་པའི་གསལ་བསྒྲགས།>> ཤོག་ལྷེ་༤ ཞིག་སྤེལ་འདུག

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་དང་སྤྱི་འཐུས་ལྷན་ཚོགས་ཀྱི་གསལ་བསྒྲགས་གཉིས་བཀླགས་རྗེས། སྤྱི་འཐུས་རྒྱུན་ལས་དེ་དག་གི་ལྐུགས་པའི་ཨུ་ཚུགས་ལ་ཧ་ལས་ཧོན་འཐོར་བ་དང་། རང་ཉིད་ཚུད་པའི་བཙན་བྱོལ་བོད་མི་མང་ཚོགས་རྣམས་ལའང་ཡི་མུག་གི་ཚོར་བ་ཤུགས་ཆེན་པོ་ཞིག་སྐྱེས་སོང་། སྤྱི་འཐུས་རྒྱུན་ལས་དེ་དག་གིས་བཅའ་ཁྲིམས་དང་འགལ་ཡོད་པ་ཤེས་བཞིན་བསམ་བཞིན་དུ་ལས་འཁུར་དམ་བཅའ་རྩིས་མེད་ཀྱིས་སོ་སོའི་མིང་སྐམ་པོ་ཞིག་གི་དོན་དུ་བཅའ་ཁྲིམས་རིན་པོ་ཆེ་ཆུ་ལ་བསྐྱུར་སོང་བ་དང་། ང་ཚོ་བཙན་བྱོལ་བོད་པའི་མང་ཚོགས་ཀྱི་ངོས་ནས་ཀྱང་ནང་ཁུལ་གྱི་ཞེན་ཁོག་སྐམ་པོ་རེ་བརྩད་དེ་སྤྱི་འཐུས་འདི་རིགས་ཡར་བསྐོས་པ་ནི། དོན་ལ་ “ར་སྤུའི་འུར་རྡོ་ར་མའི་མཇིང་བར་ཕོགས་” ཟེར་བའི་དཔེ་རུ་སོང་བ་མ་ཡིན་ནམ།

སྤྱི་འཐུས་རྒྱུན་ལས་ཀྱིས་ལྐུགས་པའི་ཨུ་ཚུགས་ཀྱི་ཉེར་ལེན་ལ་བརྟེན་ནས། ད་ལྟ་གནད་དོན་གཙོ་བོ་ཁག་གསུམ་བཟོས་ཟིན་འདུག  གཅིག  སྤྱི་འཐུས་རྒྱུན་ལས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ ༡༠ པ་འཕར་འགྱངས་བྱས་པ་ཁྲིམས་འགལ་ཆགས་ཡོད་མེད་དང་། གཉིས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཆད་འགེལ་བཀའ་ཁྱབ་དེ་ཁྲིམས་འགལ་ཆགས་ཡོད་མེད། གསུམ། སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ངོས་ལེན་མ་བྱས་པ་དེ་ཁྲིམས་འགལ་ཆགས་ཡོད་མེད་བཅས་རེད། ད་ནི་ལམ་ཁ་གཅིག་རང་ལྷག་ཡོད་པ་ནི་སྤྱི་འཐུས་རྒྱུན་ལས་དེ་དག་གི་བདམ་བྱའི་ཐོབ་ཐང་འཕྲོག་སྟེ་རང་བཞིན་གྱིས་རྩ་དགོངས་ཆགས་འཇུག་རྒྱུ་ལས་གཞན་ལྷག་མེད། དེ་ལྟར་མ་བྱས་ཚེ་ད་ནི་བཅའ་ཁྲིམས་རྩེད་ཆས་ལྟ་བུ་བཟོས་ཚར་སྟབས། བཅའ་ཁྲིམས་ཀྱི་ནུས་པ་ཧ་ལམ་ཉམས་ཚར་རེད། མུ་མཐུད་རང་སྣང་གང་ཤར་དུ་རྩོད་པ་རྒྱག་ནས་འདུག་རྒྱུ་ཡིན་པ་ནི་ནམ་ལངས་ཉི་ཤར་ཆགས་འདུག

སྤྱི་འཐུས་རྒྱུན་ལས་ཀྱི་བྱེད་སྤྱོད་ཁྲིམས་འགལ་ཆགས་ཡོད་མེད་ཐད་ནས།  དོན་རྩ་མདོར་དྲིལ་ན།  སྤྱི་འཐུས་རྒྱུན་ལས་ཀྱིས་ཁོང་ཚོས་ཚོགས་འདུ་ཕྱིར་འགྱངས་བྱས་པའི་ཐག་གཅོད་དེ་ནི་ “ རྒྱལ་སྤྱིའི་ཁྲིམས་ལུགས་དང༌བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ།”  ཞེས་པའི་ཚིག་དོན་དང་འགལ་མེད་ཅེས་སྐད་བརྒྱབ་སྟེ། “ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ།”  ཞེས་པའི་ཚིག་དོན་དང་འགལ་མེད་པ་དག་འབུལ་བྱ་ཐུབ་བམ། འདི་ནི་རྭ་མགོ་ལུག་སྦྱར་རང་མ་རེད་དམ།  གལ་སྲིད་སྤྱི་འཐུས་རྒྱུན་ལས་ཚོས་ཐག་གཅོད་དེ་ཁྲིམས་མཐུན་ཆགས་དགོས་ཀྱི་ཡོད་ཚེ། ཐོག་མར་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནི་ “རྒྱལ་སྤྱིའི་ཁྲིམས་ལུགས་དང༌བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་འགལ་ཡོད་པར”  བསྒྲུབ་དགོས་འཁེལ་གྱིན་ཡོད་རེད།  སྤྱི་འཐུས་རྒྱུན་ལས་མི་ ༡༡ གིས་དེ་ལྟར་བསྒྲུབ་ཐུབ་ཀྱི་ཨེ་རེད། དེ་ལྟར་བསྒྲུབ་རྒྱུའི་འགན་དབང་ཡོད་དམ། འདི་ནི་མགོ་ཡི་ཞྭ་ཕུད་ནས་རྐུབ་ལ་ལྷན་པ་བརྒྱབ་པ་དང་གཅིག་མཚུངས་རེད། གང་ལྟར་བཅའ་ཁྲིམས་ཀྱི་ཚིག་དོན་རྩོད་རྙོག་ཐད་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ནང་འགྲེལ་བརྗོད་ཞིབ་ཕྲ་རིམ་པ་དང་ཐེམ་པ་བྱས་ཏེ་བསྐྱོན་ཡོད་སྟབས། འདིར་དབྱེ་ཞིབ་ཀྱི་ཚུལ་དུ་ཚིག་ཚོགས་མང་པོ་ཞིག་སྤུང་དགོས་དོན་མི་འདུག

འདིར་བརྗོད་འདོད་པ་ནི་མ་གཞི་སྤྱི་འཐུས་རྣམས་ནི་གྲོས་ཚོགས་ནང་དུ་མགོ་བདེ་དྲན་འཕྲུལ་བཤད་རྒྱུར་གོམས་བྱང་སོང་ཡོད་སྟབས། ཐེངས་འདིར་ཡང་སྤྱི་འཐུས་རྒྱུན་ལས་དེ་དག་གིས་སྨྱོ་ཧམ་ལྟ་བུའི་ཚིག་འགའ་ཤས་སྤྱད་དེ་མང་ཚོགས་མགོ་འཐོམ་ཐབས་བྱེད་ཀྱིན་ཡོད། དཔེར་མཚོན་ཙམ་དྲངས་ན། སྤྱི་འཐུས་ལྷན་ཚོགས་ཀྱི་གསལ་བསྒྲགས་ནང་དུ་ “ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅའ་ཁྲིམས་ལ་ལྟོས་མེད་ཐོག” ཅེས་པ་དང་། “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་གཏོང་སའི་ཁྱབ་ཁོངས་སུ་མེད།”  “མང་གཙོའི་ཀ་བ་གསུམ་གྱི་འགན་དབང་གི་ས་མཚམས་ལས་བརྒལ” “ཕྱོགས་གཅིག་ཁོ་ནའི་བསམ་ཚུལ་དང་འགྲེལ་བཤད་ཤ་སྟག་བྱས།”  “ཐོག་མ་ཉིད་ནས་བོད་ཀྱི་ཡུལ་མིའི་ལས་འགན་མ་བླངས་མཁན་རང་དུ་ངོས་འཛིན།”  “སྤྱི་འཐུས་རྒྱུན་ལས་ཚོའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱ་རྒྱུའི་ཉེས་ཆད་གཅོད་རྒྱུའི་དབང་ཚད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འགོ་མཇུག་བར་གསུམ་གང་དུ་ཡང་གསལ་མེད” ལ་སོགས་པ།   ཁྲིམས་ཀྱི་བྱ་རིམ་ཁྲོད་གཞི་འཛིན་ས་མེད་པའི་རང་སྣང་གང་ཤར་གྱི་ཚིག་བརྗོད་རྐྱང་སྤུངས་ཏེ་རང་ཉིད་ཀྱི་ནག་ཉེས་གཡོལ་ཐབས་ཁོ་ན་བྱེད་བཞིན་ཡོད།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་བཀའ་ཁྱབ་ལས་མཐོང་ཐུབ་པ་ལྟར། སྤྱི་འཐུས་རྒྱུན་ལས་དེ་དག་གིས་བཅའ་ཁྲིམས་དང་འགལ་བའི་གནད་དོན་ཞིག་ཁྲིམས་དང་སྒྲིག་གཞིའི་འགྲོ་རིམ་ལྟར་གནད་དོན་ཐག་གཅོད་ཡོང་ཐབས་ལ་འབད་བརྩོན་བྱེད་ཀྱི་མེད་པར། རྫ་མགོའི་ཁྲིམས་རྨོངས་ཕྱུགས་བརྫི་རྒན་རྒོན་ཚོའི་བླུན་སྤྱོད་དང་གནའ་བོའི་སྐུ་དྲག་མི་དྲག་ཚོའི་རང་སྣང་གང་དྲན་གྱི་གཤིས་སྤྱོད་ལྟར།  ལྐོག་ལྐོག་སུད་སུད་ཀྱིས་མིའི་འབྲེལ་ལག་བརྒྱུད་ནས་ཁྲིམས་འགལ་གཡོལ་ཐབས་བྱེད་བཞིན་ཡོད་པ་དེ་ནི་ཧ་ཅང་རྫབ་ཆེན་རེད།  ད་དུང་སྤྱི་འཐུས་ལྷན་ཚོགས་ཀྱི་གསལ་བསྒྲགས་ལས་མཐོང་ཐུབ་པ་ནི། སྤྱི་འཐུས་རྒྱུན་ལས་ཀྱི་ཐག་གཅོད་ཁྲིམས་འགལ་ཆགས་ཀྱང་དེར་མང་ཚོགས་ཀྱིས་རྩོད་གླེང་བྱེད་མ་ཤེས་པ་ཡིན་ན། ཧ་ལམ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་མཐོང་ཡང་མིག་བཙུམ་ནས་འདུག་དགོས་པ་ལྟ་བུ་ཞིག་བཤད་འདུག  སྣང་ཚུལ་འདི་རིགས་ལས་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནི་དོན་གྱིས་རྒྱ་དམར་ཆབ་སྲིད་ཅུའུ་རྒྱུན་ལས་ཀྱི་མི་བདུན་པོ་ལྟར་བཅའ་ཁྲིམས་རིན་པོ་ཆེའི་སྟེང་ན་བཞུགས་ཡོད་དམ། ཡང་ན། ཁྲིམས་སྒྲིག་སྲོག་ཤིང་དུ་བཟུང་བའི་དེང་རབས་དམངས་གཙོའི་རྒྱལ་ཁབ་ལྟར་བཅའ་ཁྲིམས་རིན་པོ་ཆེ་དབུ་ལ་བཀུར་ཡོད་མེད་ཐད་དོགས་སློང་སྐྱེས་དགོས་པའི་ཚད་དུ་སླེབ་གྲབས་འདུག

ཕྱོགས་མང་པོ་ཞིག་ལ་ཞིབ་ཏུ་བསམ་བློ་བཏང་ན།  ད་ལྟའི་ང་ཚོའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་དབང་ཚད་ད་དུང་འདི་མུར་ཚད་མེད་དུ་གསོབ་བཅུག་ཚེ།  ནམ་ཞིག་གྷི་རུག་གི་སྤྱི་ལོ་དུས་རབས་སྔོན་མའི་ཕཱེལ་ཕཱའོ་ནི་སེའ་དམག་འཁྲུགས་(Peloponnesian War) རྒྱབ་ལྗོངས་སུ་གྱུར་བའི་གནའ་བོའི་ཨལ་ཐིན་དམངས་གཙོ་(Athenian democracy) ལྟར་འཇིགས་སུ་རུང་བའི་ཆག་སྒོ་དང་ཉམས་ཉེས་ཀྱི་སྣ་འདྲེན་འཆག་མི་སྲིད་པའི་ངེས་པ་གཏན་ནས་མི་འདུག་ཨང་།  ང་ཚོའི་བཅའ་ཁྲིམས་རིན་པོ་ཆེ་དེ་སྤྱི་འཐུས་ཚོས་ཡར་བཀུག་མར་དཀྲིས་སྣ་ཚོགས་ཤིག་བྱས་ཏེ། ཁོ་ཚོའི་བློ་ཕུགས་དང་རན་པའི་རྒྱ་མོ་རྐང་དོའི་ལྷམ་མགོ་འདྲ་ཞིག་བཟོ་བཞིན་འདུག   སྤྱི་འཐུས་ཁོང་ཚོའི་སྐུ་དབང་དང་འབྲེལ་བའི་ལམ་ཁ་ནི་ཡངས་ཤིང་རྒྱ་ཆེ་བའི་སྤང་ཐང་ལྟ་བུ་ཞིག་བཟོས་ཏེ། ཁོང་ཚོས་སྨྱོ་རྟགས་གཟའ་རྟགས་ག་རེ་བསྟན་ཡང་ཐུག་ས་རག་ས་མེད་པ་ཞིག་ཆགས་བཞིན་འདུག  ཁྲིམས་བཟོ་མཁན་དང་ཁྲིམས་འགྲེལ་མཁན། ཁྲིམས་འགལ་ཡོད་མེད་ངོས་འཛིན་བྱ་མཁན་ཚང་མ་སྤྱི་འཐུས་ཆགས་པ་ཡིན་ན།  དམངས་གཙོའི་ཀ་བ་གསུམ་ལ་དབང་ཤུགས་ཆ་བགོ་བྱས་ཡོད་ཟེར་པར་དོན་སྙིང་ཅི་ཞིག་འདུག

ད་ལྟའི་བཅའ་ཁྲིམས་ནང་དུ་གལ་སྲིད་སྲིད་སྐྱོང་དང་བཀའ་ཤག་ཡོངས་རྫོགས། ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་བཅས་འཕོ་འགྱུར་གཏོང་དགོས་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ལ་དེ་དག་འཕོ་འགྱུར་གཏོང་རྒྱུའི་ཐོབ་ཐང་ཡོད། དེ་བཞིན། བཅའ་ཁྲིམས་ལེའུ་དང་པོར་འཁོད་པའི་༧གོང་ས་མཆོག་གི་ལྷན་སྐྱེས་སྐུ་དབང་ལ་འཕོ་འགྱུར་གཏོང་ཆོག་པའི་ལམ་ཁ་ཡང་ཡོད་པ་རེད། ཡིན་ནའང་། ཉིན་ཞིག་སྤྱི་འཐུས་ལྷན་ཚོགས་རུལ་སུངས་དམར་ཤོག་འདྲ་ཞིག་ཆགས་པ་ཡིན་ན། དེ་ལ་འཕོ་འགྱུར་གཏོང་རྒྱུའི་ལམ་ཁ་གཞན་ཞིག་བཅའ་ཁྲིམས་ཀྱི་མགོ་མཇུག་དབར་གསུམ་གང་དུ་ཡང་བཟོས་མེད། འདི་ནི་འབྱུང་འགྱུར་སྤྱི་འཐུས་ལྷན་ཚོགས་སྐུ་དྲག་གསར་པ་འཆག་ཆོག་པ་མ་ཟད། མགོ་ལ་གླང་དར་མའི་རྭ་ཅོ་དེའང་སྐྱེས་ཆོག་པའི་ལམ་ཁ་ཞིག་རེད།

ཡང་ཕྱོགས་གཞན་ཞིག་ནས།  ཆོལ་ཁ་དང་ཆོས་བརྒྱུད། སྐུ་དྲག་མི་དྲག་གི་ཕྱོགས་འཁྱེར་སོགས།  སྔར་གྱི་མི་དགོས་པའི་ན་ཚ་མང་པོ་ཞིག་མི་རབས་རིམ་བརྒྱུད་ཀྱིས་གཞོན་སྐྱེས་ཚོའི་སེམས་ལ་དུག་སྡོང་ལྟར་རྩ་བ་རྒྱས་ཤིང་ལོ་མ་འབུས་འཇུག་མཁན་ནི་སྤྱི་འཐུས་གྲོས་ཚོགས་ར་བ་དེ་ཆགས་ཡོད་ལ། དེ་ནི་ཁོ་ཚོས་སོ་སོར་འོས་ཤོག་བཟོ་བར་དྲིལ་བསྒྲགས་ཀྱི་ཐབས་ཤེས་གཙོ་བོ་དེ་རེད། འདི་ལྟར་སྤྱི་འཐུས་ལྷན་ཚོགས་ནི་སྐུ་དྲག་གསར་པ་རྭ་ཅན་ཆགས་པའི་ཉིན་མོར། བཙན་བྱོལ་བོད་མི་མང་ཚོགས་ཀྱིས་ཡར་ལངས་ལས་འགུལ་སྤེལ་ཏེ་མགོ་རྟིང་བསློག་རྒྱུ་ལས་གཞན་པའི་ལམ་ཁ་ཞིག་གཞར་ནས་བཞག་མེད་དོ།།

འབྲེལ་ཡོད་གསར་འགྱུར།

Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། བདེ་སྐྱིད་ཀྱི་ལྡེ་མིག་གཙོ་བོ།

ཆུ་ཚོད་ ༡ སྔོན་ལ།
འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦

མཆན། 5

  1. ཐུབ་བསྟན་བྱམས་པ། says:
    ལོ་ 6 སྔོན།

    གོང་གསལ་བློ་མཐུན་ཚཻ་རིང་རྒྱལ་ལགས་ཀྱི་མང་གཙོའི་རང་དབང་བེད་སྤྱད་ནས་དེང་གི་སྐུ་དྲག་གསར་པ་ཚོའི་བྱེད་ངན་འཐེར་སྟོན་བྱས་པར་རྒྱབ་སྐྱོར་ཡོད། ད་ལྟ་བརྗོད་བཞིན་པའི་སྤྱི་འཐུས་རྒྱུན་ལས་མི་ ༡༡ གི་མང་གཙོའི་བཅའ་ཁྲིམས་རིན་པོ་ཆེར་འགྱུར་བཅོད་བཏང་བ་ནི་ཧ་ཅང་གི་ཐལ་ཆེ་བ་དང་ཁྲིམས་འགལ་ཡིན་པ་ཤེས་བཞིན་དུ་རང་སྣང་གང་ཤར་བྱས་པ་ནི་ཤིན་ཏུ་ནས་མི་འོས་པ་ཞིག་རེད། མང་གཙོའི་ཁྲིམས་དང་སྒྲིགས་གཞི་འགྱུར་བ་གཏོང་བར་མི་ཉུང་ཤས་ཞིག་གིས་རང་སྣང་་གང་ཤར་བྱས་པ་ཡིན་ཚེ་དམར་པོའི་གཞུང་གི་ལང་ཕྱོགས་ལྟ་བུར་སྔོན་བཞིན་འདུག ད་ཡོད་མི་ ༡༡ དེ་དག་གིས་དེ་ལྟར་ནོར་ཁྲུལ་ཤོར་བ་ཤེས་རྟོགས་བྱུང་ན་མང་ཚོགས་ནང་དགོངས་བསེལ་ཞུ་དགོས་པ་དང་། ཁྲིམས་དང་སྒྲིགས་གཞིའི་འགྲོ་ལུགས་གང་ཡང་མ་ཤེས་པར་གྲོས་ཚོགས་ནང་ཆོ་གའི་འཐེན་ཁྱེར་དང་འོད་སྒྲོགས་བཤད་མཁན་དེ་རིགས་ཡིན་ཚེ་རང་ངོས་ནས་དགོངས་ཞུ་བྱེད་དགོས། མང་གཙོའི་ཀ་བ་གསུམ་པའི་ཁྲིམས་ཞིབ་ཁང་ནས་བཅས་ཁྲ་བཏང་བར་རྩིས་མེད་ཀྱིས་ད་དུང་རང་ངོས་ཀྱི་ཐག་གཅོད་དེར་ནོར་འཁྲུལ་མེད་པའི་རྣམས་པ་གཏན་པ་ནི་ཤིན་ཏུ་ནས་ཐ་ཤལ་གྱི་བྱ་བ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ། སྤྱིར་དེང་དུས་ཀྱི་སྐུ་དྲག་གསར་པ་ཚོ་སེམས་ཤུགས་ཡོད་འདོག་དང་འཇོན་ཐང་ཡོད་འདོག་མགོ་བདེ་དྲན་འཕྲུལ་གྱི་མང་ཚོགས་ལ་ཐབ་རྒྱུ་ཇུས་སྟོང་གི་མགོ་སྐོར་གཏོང་ཐབ་ཀྱི་དོན་དངོས་དམིགས་ཡུལ་གཙོ་བོ་འབྱོར་ལྡན་རྒྱལ་ཁབ་ཁག་ནང་སྐྱབ་བཅོལ་དུ་སྐྱོད་རྒྱུའི་དམིགས་ཡུལ་གཙོ་བོར་བཟུང་ཡོད།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཆད་འགེལ་བཀོད་ཁྱབ་ལ་སྤྱི་འཐུས་རྒྱུན་ལས་ནས་ངོས་ལེན་མེད་པའི་གསལ་བསྒྲགས་གནང་བ་དེ་ནི་ང་ཚོའི་མང་གཙོ་དེ་དམངས་གཙོ་ལ་ཁ་ཕྱོགས་འདོད་པ་མ་རེད་དམ?

    Reply
  3. ྦབཟོད་པ་ལྷ་རྩེ། says:
    ལོ་ 6 སྔོན།

    ད་ལྟའི་བཅའ་ཁྲིམས་ནང་དུ་གལ་སྲིད་སྲིད་སྐྱོང་དང་བཀའ་ཤག་ཡོངས་རྫོགས། ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་བཅས་འཕོ་འགྱུར་གཏོང་དགོས་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ལ་དེ་དག་འཕོ་འགྱུར་གཏོང་རྒྱུའི་ཐོབ་ཐང་ཡོད། དེ་བཞིན། བཅའ་ཁྲིམས་ལེའུ་དང་པོར་འཁོད་པའི་༧གོང་ས་མཆོག་གི་ལྷན་སྐྱེས་སྐུ་དབང་ལ་འཕོ་འགྱུར་གཏོང་ཆོག་པའི་ལམ་ཁ་ཡང་ཡོད་པ་རེད། ཡིན་ནའང་། ཉིན་ཞིག་སྤྱི་འཐུས་ལྷན་ཚོགས་རུལ་སུངས་དམར་ཤོག་འདྲ་ཞིག་ཆགས་པ་ཡིན་ན། དེ་ལ་འཕོ་འགྱུར་གཏོང་རྒྱུའི་ལམ་ཁ་གཞན་ཞིག་བཅའ་ཁྲིམས་ཀྱི་མགོ་མཇུག་དབར་གསུམ་གང་དུ་ཡང་བཟོས་མེད། འདི་ནི་འབྱུང་འགྱུར་སྤྱི་འཐུས་ལྷན་ཚོགས་སྐུ་དྲག་གསར་པ་འཆག་ཆོག་པ་མ་ཟད། མགོ་ལ་གླང་དར་མའི་རྭ་ཅོ་དེའང་སྐྱེས་ཆོག་པའི་ལམ་ཁ་ཞིག་རེད།

    Reply
  4. ཉི་མ་རང་གྲོལ། says:
    ལོ་ 6 སྔོན།

    ཧ་ལམ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་མཐོང་ཡང་མིག་བཙུམ་ནས་འདུག་དགོས་པ་ལྟ་བུ་ཞིག་བཤད་འདུག སྣང་ཚུལ་འདི་རིགས་ལས་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནི་དོན་གྱིས་རྒྱ་དམར་ཆབ་སྲིད་ཅུའུ་རྒྱུན་ལས་ཀྱི་མི་བདུན་པོ་ལྟར་བཅའ་ཁྲིམས་རིན་པོ་ཆེའི་སྟེང་ན་བཞུགས་ཡོད་དམ། ཡང་ན། ཁྲིམས་སྒྲིག་སྲོག་ཤིང་དུ་བཟུང་བའི་དེང་རབས་དམངས་གཙོའི་རྒྱལ་ཁབ་ལྟར་བཅའ་ཁྲིམས་རིན་པོ་ཆེ་དབུ་ལ་བཀུར་ཡོད་མེད་ཐད་དོགས་སློང་སྐྱེས་དགོས་པའི་ཚད་དུ་སླེབ་གྲབས་འདུག

    Reply
  5. ལྷ་སྲས། says:
    ལོ་ 6 སྔོན།

    ཚེ་རིང་རྒྱལ་ཟེར་བ་འདི། སྙིང་རྗེ། ཧ་མ་གོ་བར་ཧོན་ལོག འདྲེ་མ་རིག་པར་ཕུད་རྒྱག་མཁན་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese