མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡ་ཆེན་སྒར་གྱི་ཉེ་འཁྲིས་སུ་འཛུགས་སྐྲུན་རྒྱ་ཆེན་པོ་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་ཉེ་འཁྲིས་སུ་ཡོད་པའི་དུད་ཁྱིམ་རྣམས་བཙན་གྱིས་གནས་སྤོར་དུ་བཅུག་སྟེ་རྒན་གསོ་ཁང་སོགས་ཡིན་ལུགས་བརྗོད་དེ་འཛུགས་སྐྲུན་རྒྱ་ཆེན་པོ་ཞིག་བྱེད་ཀྱི་ཡོད་འདུགའདི་གའི་གསར་འགོད་པར་བོད་ནང་གི་མིང་བརྗོད་འདོད་མེད་པའི་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་དབྱར་ཁ་ནས་རྒྱ་ནག་གཞུང་གིས་ཡ་ཆེན་ཆོས་སྒར་གྱི་ཉེ་འཁྲིས་ཀྱི་ཁྲོམ་ཐོག་ས་ཆའི་དུད་ཁྱིམ་ཁག་ཅིག་བཙན་གྱིས་གནས་སྤོར་དུ་བཅུག་སྟེ། གནས་དེར་རྒན་གསོ་ཁང་ཞིག་ཡིན་སྐོར་བརྗོད་དེ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེན་པོ་ཞིག་འགྲོ་བཞིན་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། ས་གནས་དེར་ཡོད་པའི་དུད་ཁྱིམ་ ༧ ཙམ་བཙན་གྱིས་གནས་སྤོར་དུ་བཅུག་རྗེས་འཆར་གཞི་ལྡན་པའི་སྒོ་ནས་ཁང་པ་མང་པོ་ཞིག་རྒྱག་བཞིན་འདུག  ཕར་བལྟས་ཚོད་ལ་རྒན་གསོ་ཁང་གཅིག་པུ་ཙམ་མ་རེད། མང་ཚོགས་ཁྲོད་ལས་འཆར་དེ་ནི་རྒྱ་ནག་གིས་ཆོས་སྒར་འདིར་སྟངས་འཛིན་དོ་དམ་ནན་མོ་དང་ལྷག་པར་དུ་ཉེན་རྟོག་པ་དང་མེ་གསོད་རུ་ཁག་སོགས་ཀྱི་སྡོད་གནས་ཡིན་པའི་གླེང་སློང་བྱེད་བཞིན་འདུག ཅེས་དང་། གནས་སྤོར་དུ་བཅུག་པའི་དུད་ཁྱིམ་དེ་དག་ལ་གུན་གསབ་སྤྲོད་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང་དངོས་སུ་རག་ཁག་པོ་ཆགས་ཡོད་སྐོར་བརྗོད་བྱུང་།ཡང་གནས་ཚུལ་མཁོ་སྤྲོད་པས། ཡ་ཆེན་སྒར་ནས་རྒྱང་ཐག་སྤྱི་ལེ་བདུན་ཙམ་གྱི་སར་ཡོད་པའི་རི་སྒར་མུར་རྣ་བར་དུ་གཞུང་ལམ་དང་ཟམ་ཆེན་ཞིག་རྒྱག་བཞིན་ཡོད་པ་དང་། རྒྱ་ནག་གི་འཆར་གཞི་ལྡན་པའི་འཛུགས་སྐྲུན་དེར་མི་འདོད་པའི་རྣམ་འགྱུར་སྟོན་མཁན་དང་། ཡང་ན་མང་ཚོགས་ཁྲོད་འཛུགས་སྐྲུན་བཀག་འགོག་བྱེད་མཁན་རིགས་བྱུང་ཚེ་ཁྲིམས་ཁང་ལ་འགྲོ་དགོས་ཞེས་དང་ཐོག་ནས་བཀའ་རྒྱ་བཏང་ཡོད་སྟབས། མང་ཚོགས་གནས་སྤོར་དང་དེའི་ཤུལ་དུ་འཛུགས་སྐྲུན་མང་པོ་ཞིག་བྱས་དང་བྱེད་མུས་ཡིན་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༩ ལོར་ཡ་ཆེན་ཨྱོན་བསམ་གཏན་གླིང་ཆོས་སྒར་ནས་ས་གནས་གཞན་ནས་ཡོང་བའི་སློབ་གཉེར་བ་གྲྭ་བཙུན་རྣམས་ཕྱིར་འབུད་གཏོང་བའི་མགོ་བཙུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༨ ནང་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་ཡ་ཆེན་སྒར་གྱི་པར་ཞིག་ཐོག་མར་མཁོ་སྤྲོད་བྱུང་བའི་ནང་། ཆོས་སྒར་ཆེན་མོ་དེའི་ཕྱེད་ཀ་རྩ་མེད་བཟོས་ཟིན་འདུག ད་ལྟ་བར་དུ་ཆོས་སྒར་དེ་ནས་ཉུང་མཐར་གྲྭ་བཙུན་ ༣༠༠༠ ཙམ་ཕྱིར་འབུད་བཏང་ཡོད་པ་མ་ཟད། གྲྭ་བཙུན་རྣམས་རང་ཡུལ་དུ་འབྱོར་རྗེས་རྒྱལ་གཅེས་ཆོས་གཅེས་ཟེར་བ་སོགས་ཀྱི་ཆབ་སྲིད་སློབ་གསོ་སྤྲད་དེ་དུས་ཡུན་ངེས་ཅན་བར་བཀག་ཉར་སྦྱོང་བརྡར་སྤྲད་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད་པ་རེད།

སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༦ ཙམ་ནས་གསེར་རྟ་བླ་རུང་ཆོས་སྒར་ལ་དམ་དྲག་བྱེད་མགོ་བཙུགས་ཤིང་། ཕྱི་ལོ་ ༢༠༠༡ ལོར་དམག་མི་ ༢༠༠༠ ལྷག་ཆེད་གཏོང་གིས། གྲྭ་བཙུན་གྱི་སྡོད་ཤག་ ༢༢༠༠ ལྷག་གཏོར་བཤིག་དང་དགོན་པར་གྲྭ་བཙུན་གྱི་གྲངས་འབོར་ཁྱོན་  ༡༤༠༠ ལས་སྡོད་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་དང་། དེ་རྗེས་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་ལ་དོ་དམ་གྱི་ལས་གཞི་སླར་ཡང་མགོ་འཛུགས་བྱས་ཏེ། ཕྱི་ལོ་ ༢༠༡༦ དང་ ༢༠༡༧ བསྟུད་མར་བླ་རུང་ཆོས་སྒར་ལ་གྲྭ་བཙུན་གྱི་གྲངས་འབོར་མང་དྲགས་པ་དང་གྲངས་འབོར་སྙོམས་དགོས་སྐོར་སོགས་བརྗོད་ནས། བོད་མདོ་དབུས་ཁམས་གསུམ་གཙོ་བོར་གྱུར་བའི་རྒྱ་རིགས་ནང་པའི་གྲྭ་བཙུན་མང་པོ་ཕྱིར་འབུད་བཏང་སྟེ། ད་ལྟ་བླ་རུང་ཆོས་སྒར་ལ་གྲྭ་བཙུན་ཁྱོན་ ༡༤༠༠ མ་གཏོགས་བཞུགས་མི་ཆོག་པ་བཟོས་ཡོད་འདུགདེ་བཞིན། ཕྱི་ལོ་ ༢༠༡༧ ལོར་གསེར་རྟ་བླ་རུང་དགོན་དང་ལྔ་རིག་སློབ་གླིང་གཉིས་བར་ལྕགས་ར་བརྒྱབ་སྟེ་ལོགས་ཁ་བཟོས་པ་མ་ཟད། དགོན་པ་དང་སློབ་གླིང་གཉིས་ལ་དོ་དམ་ལས་ཁུངས་བཙུགས་ཏེ། དེའི་འགན་འཛིན་དང་དྲུང་ཡིག་བཅས་ལ་དམར་ཤོག་ཚོགས་མི་ ༦ བསྐོ་བཞག་བྱས་ཏེ་བླ་རུང་སྒར་གྱི་འཛིན་སྐྱོང་དང་ཉིན་རེའི་བྱེད་སྒོ་ཡོངས་ལ་སྟངས་འཛིན་ནན་མོ་བྱེད་ཀྱི་ཡོད་པ་དང་།  འདི་གའི་གསར་འགོད་པས་བོད་ནང་གཉེན་ཉེ་ཐུག་འཕྲད་དུ་ཕྱིན་པའི་བོད་མི་ཞིག་ལ་གསེར་རྟ་བླ་རུང་སྒར་གྱི་སྐོར་ནས་ཁ་བརྡ་བྱེད་སྐབས། ཕྱི་ལོ་ ༢༠༡༥ ལོ་ནས་རྒྱ་ནག་གིས་བླ་རུང་སྒར་གྱི་སུམ་མདོ་རུ་ཐོག་རྩེག་ཅན་གྱི་ཁང་པ་མང་པོ་འཛུགས་སྐྲུན་གྱིས་ཞིབ་བཤེར་ལས་ཁུངས་བཙུགས་ཡོད་པ་དང་། བླ་རུང་དགོན་གྱི་གྲྭ་བཙུན་ཚོ་ཡར་འགྲོ་མར་འོང་བྱེད་དུས་ངེས་པར་དུ་ཞིབ་བཤེར་ལས་ཁུངས་ལ་ཐོ་འགོད་བྱེད་དགོས་ཀྱི་ཡོད་སྐོར་བརྗོད་བྱུང་།

གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་ལྟར་ན། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་མགོ་བརྩམས་པ་ནས་ད་ལྟ་བར་དགོན་པའི་གཡས་གཡོན་དང་རྒྱབ་མདུན་གང་སར་ཤིང་ནགས་འདེབས་འཛུགས་བྱས་ཏེ། དགོན་པའི་ས་ཁྱོན་ཇེ་ཆུང་དུ་གཏོང་ཐབས་དང་། དེ་བཞིན་བླ་རུང་སྒར་གྱི་ལམ་གཞུང་གཡས་གཡོན་གྱི་གྲྭ་ཤག་དང་ཁང་པ་རྣམས་གཏོར་ཏེ། རླངས་འཁོར་ལྔ་དྲུག་རེ་མཉམ་གཤིབ་ཀྱིས་འགྲོ་ཐུབ་སའི་གཞུང་ལམ་རྒྱ་སྐྱེད་དང་འཛུགས་སྐྲུན་ཇེ་ཆེར་གཏོང་གི་ཡོད་སྐོར་སོགས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༤ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༤ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༥ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese