མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྡུལ་མཚོན་དང་དམག་མི་མེད་པའི་འཛམ་གླིང་ཞིག་བསྐྲུན་པར་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན་གསུངས།

བོད་ཀྱི་དུས་བབ།
༢༠༢༠/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

འཇིག་རྟེན་བཀོད་པ་པོ་ནི་བྱམས་བརྩེ་གཞལ་ཐབས་བྲལ་བའི་དཀོན་མཆོག་ཡིན་པ་དང་ང་ཚོ་འགྲོ་བ་མི་ཚང་མ་དཀོན་མཆོག་གི་བྱིན་རླབས་འོག་གི་མཆེད་གྲོགས་གཅེན་གཅུང་དང་དཀོན་མཆོག་གི་བྱིས་པ་ཡིན་ཞེས་གསུངས། འཇར་མན་གྲོང་ཁྱེར་(Potsdam)ནང་རྟེན་གཞི་བྱས་པའི་ཨ་ཡེན་སུ་ཐན་གླེང་སྟེགས་ (Einstein Forum) ཞེས་པའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དེ་རིང་ཕྱི་ཚེས་ ༢༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཐད་ཀར་དྲ་ལམ་བརྒྱུད་༼སྙིང་རྗེ་དང་ཚན་རིག ནང་ཆོས་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་ཆོས་དབུ་འཛུགས་ཞུས་གནང་སོང་བ་དང་། སྐབས་དེར་༧གོང་ས་མཆོག་གིས། ངོས་ནས་ཁྱེད་ཚོ་ལཱ་ཊི་ཝེ་ཡ་(Latvia)དང་ལི་ཐོ་ནེ་ཡ་(Lithuania)། ཨེ་སི་ཊོ་ནེ་ཤི་ཡ་(Estonia)བཅས་ལུང་པ་ཆུང་ཆུང་དེ་ཚོ་གསལ་བོ་ཞེ་དྲགས་དྲན་གྱི་འདུག ངོས་རང་ཐོག་མར་སུ་ཝེ་ཌན་བརྒྱུད་ཧྥི་ལན་ཌིའི་ནང་ངལ་ཅུང་ཙམ་གསོས་རྗེས། ཨེ་སི་ཊོ་ནེ་ཤི་ཡའི་ནང་བསླེབས་པ་རེད། བྷལ་ཊེག་མཚོའི་ཁུལ་གྱི་དམངས་གཙོའི་རྒྱལ་ཁབ་དེ་ཚོ་ཆུང་ཆུང་ཡིན་ཡང་། ཁོར་ཡུག་ཧ་ཅང་གུ་ཡངས་ཡིན་པས་ལུང་པ་ཧ་ཅང་མཛེས་སྡུག་ལྡན་པ་རེད། ངོས་ནས་ལོ་ཤས་རིང་ལཱ་ཊི་ཝི་ཡའི་ཨུ་རུ་སུའི་ཆོས་ཞུ་བ་རྣམས་ལ་ཆོས་བཤད་རྒྱུ་བྱུང་། དེ་རིང་ང་ཚོ་ལུས་པོའི་ཆ་ནས་མཉམ་དུ་མེད་ཀྱང་དྲ་ལམ་བརྒྱུད་ཕན་ཚུན་མཐོང་ཐུབ་པ་དང་བགྲོ་གླེང་བྱེད་ཆོག་གི་ཡོད་པ་རེད། ཅེས་གསུངས།

དེ་རྗེས་ཚན་རིག་དང་ནང་ཆོས། སྙིང་རྗེ་ཞེས་པའི་བརྗོད་གཞི་དང་འབྲེལ་༧གོང་ས་མཆོག་གིས། འཛམ་གླིང་གི་ཆོས་ལུགས་ཚང་མས་བྱམས་སྙིང་རྗེ་གསུང་གི་ཡོད། རྒྱུ་མཚན་ནི་སེམས་པ་བཟང་པོ་དང་བཟོད་སྒོམ། དེ་བཞིན། འདོད་ཆུང་ཆོག་ཤེས་དང་རང་ཁྲིམས་སྲུང་དགོས་པ་སོགས་ནི་ཆོས་ལུགས་ཚང་མའི་ཐུན་མོང་གི་བསླབ་བྱ་ཆགས་ཡོད། ལྟ་གྲུབ་ཀྱི་ཐོག་ནས་འཇིག་རྟེན་བཀོད་པ་པོ་འདོད་མཁན་སོགས་ཆོས་ལུགས་ཕན་ཚུན་མི་འདྲ་བའི་ཕྱོགས་ཡོད།  འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་གཞིར་བཞག་བྱས་ན། འཇིག་རྟེན་བཀོད་པ་པོ་ནི་བྱམས་བརྩེ་གཞལ་ཐབས་བྲལ་བའི་དཀོན་མཆོག་ཡིན་པ་དང་། ང་ཚོ་འགྲོ་བ་མི་ཚང་མ་དཀོན་མཆོག་གི་བྱིན་རླབས་འོག་གི་མཆེད་གྲོགས་གཅེན་གཅུང་དང་དཀོན་མཆོག་གི་བྱིས་པ་ཡིན། དེར་བརྟེན། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་ང་ཚོ་ཚང་མ་དཀོན་མཆོག་གཅིག་གི་འོག་ནས་བྱུང་བའི་གཅེས་གཅུང་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། གཙོ་བོ་རྒྱ་གར་ནས་བྱུང་བའི་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་ལུགས་དང་ངོས་རང་ནས་འགྲོ་བ་མིའི་ཆེས་རིན་ཐང་བྲལ་བ་ནི་བྱམས་བརྩེ་ཡིན་པར་ངོས་འཛིན་གྱི་ཡོད། ད་ལྟ་ཚན་རིག་པས་ཀྱང་ང་ཚོ་སྤྱི་ཚོགས་སེམས་ཅན་ཡིན་པ་དང་། སྐྱེ་དངོས་རིག་པའི་ཐོག་ནས་སྤྱི་ཚོགས་སེམས་ཅན་ཚང་མར་གཅིག་གྱུར་གྱི་འདུ་ཤེས་ཟབ་མོ་ཡོད་པ་བཤད་ཡོད། དེ་བས། ཁྱེད་ཀྱི་སྤྱི་ཚོགས་ཀྱི་བདེ་སྡུག་སྤྱི་ཚོགས་གཞན་གྱི་བདེ་སྡུག་ལ་གཅིག་རྟེན་ཆགས་ཀྱི་ཡོད། མདོར་ན་ང་ཚོ་ཚང་མ་དང་བྱ་བྱེའུ་ཞིག་གི་བདེ་སྡུག་དེ་སྤྱི་ཚོགས་ཧྲིལ་པོའི་བདེ་སྡུག་ལ་བརྟེན་བསྡད་པ་ཞིག་ཡིན། ཞེས་གསུངས།གོ་མཚོན་དང་དམག་མི་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་དགོས་སྐོར་ལ་མགོན་པོ་གང་ཉིད་མཆོག་གིས། འཇིག་རྟེན་གྱི་ཆོས་ལུགས་ཚང་མ་མིས་བསྐྲུན་ཡིན་པ་དང་། བྱམས་སྙིང་རྗེ་དང་འཚེ་མེད་ཞི་བ་ནི་ཆོས་ལུགས་ཚང་མའི་བསླབ་བྱ་ཡིན་ཡང་། དེང་སྐབས་འཛམ་གླིང་ནང་ཁོང་ཁྲོ་དང་ཕྲག་དོགས། འཇིགས་སྣང་སོགས་ཀྱིས་དཀའ་ངལ་མང་པོ་བསྐྲུན་གྱི་ཡོད་སྟབས། རྡུལ་ཕྲན་མཚོན་ཆ་གཙོས་པའི་ཕྱིའི་དངོས་པོའི་མཚོན་ཆ་མང་པོ་བཟོ་ཡི་ཡོད་པ་རེད། མཐར་གཏུག་ན་དེ་ཚོ་ཚང་མ་མིའི་དབང་ཤེས་ཀྱི་རྩལ་ལས་བྱུང་བ་རེད། ཆེས་འཇིགས་སྐྲག་དང་ཞེ་སྡང་གི་རྐྱེན་པས་མཚོན་ཆ་བཟོས་ཏེ་ཞི་བདེ་མེད་པར་བཟོ་ཡི་ཡོད། འོན་ཀྱང་། དགོས་འོས་པ་ཞིག་ལ་དེ་རིང་ཁ་སང་འཛམ་གླིང་ནང་རྡུལ་མཚོན་མེད་པའི་འཇིག་རྟེན་ཞིག་བསྐྲུན་པར་རྒྱབ་སྐྱོར་གནང་མཁན་མང་པོ་བྱུང་གི་ཡོད་པ་དེ་ཧ་ལས་པའི་ཡག་པོ་རེད་ལ། དཀོན་མཆོག་ཡོད་པ་དང་མེད་པར་འདོད་མཁན་གྱི་ཆོས་ལུགས་ཚང་མས་གསུང་གི་ཡོད་པ་ལྟར། ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་སེམས་ལ་བཅངས་ཏེ། མཐའ་མར་ང་ཚོས་དམག་མི་མེད་པའི་འཛམ་གླིང་ཞིག་བསྐྲུན་པར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན། ཞེས་གསུངས།

དྲི་བ་དྲིས་ལན་སྐབས་ལས་འབྲས་དེ་མ་འོངས་པར་ཚན་རིག་དང་མཐུན་པ་ཞིག་ཡོང་ཐུབ་མིན་དྲིས་པར་༧གོང་ས་མཆོག་གིས།  ལས་འབྲས་ཟེར་ན་བྱ་ལ་གོ་དགོས་པ་དང་བྱ་བ་དེ་སྐད་ཅིག་སྐད་ཅིག་ལ་འགག་འགྲོ་བའི་ཆོས་ཉིད་ཅིག་ཡིན། འོན་ཀྱང་། ང་ཚོའི་སྐད་དང་ལུས་པོ། དེ་བཞིན་བསམ་བློའི་བྱ་བ་བཅས་ཀྱིས་སེམས་ལ་བག་ཆགས་ཟབ་མོ་ཞིག་བསྐྲུན་གྱི་ཡོད། བག་ཆགས་ཟབ་མོ་དེ་ཚེ་རབས་གཅིག་ནས་གཅིག་ལ་འཁྱེར་འགྲོ་ཡི་ཡོད། ལས་འབྲས་ཀྱིས་བསྐྲུན་པའི་བག་ཆགས་ཟབ་མོ་དེ་དག་བསྐལ་བ་དུ་མའི་རིང་ང་ཚོའི་སེམས་རྒྱུད་ལ་འཇག་གི་ཡོད། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་དགེ་བའི་བྱ་བ་མང་པོ་སྒྲུབ་སྟེ་ལས་གསོག་དགོས་པ་དང་། ལས་འབྲས་གཞིར་བཞག་ཐོག་དགེ་བའི་བྱ་བ་མང་པོ་བསྒྲུབས་པ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཀྱི་ཡོད་པ་རེད། ཅེས་དང་། ཚན་རིག་པ་དང་ལྷན་དུ་གྲོས་བསྡུར་བྱུང་བ་བརྒྱུད་གནད་དོན་མང་པོ་ཁ་གསལ་བྱུང་བ་དང་། ཁ་སང་དེ་རིང་ཚན་རིག་པ་ཚུད་པའི་མཁས་དབང་འདྲ་མིན་མཉམ་དུ་གྲོས་བསྡུར་བྱེད་སྐབས། དེ་སྔོན་རྒྱ་གར་གྱི་མཁས་དབང་ཞིག་གིས་འཛམ་གླིང་ལེབ་ལེབ་རེད་གསུངས་ཡོད་པར་ངོས་ལེན་མེད་སྐོར་དང་། དཔལ་ནཱ་ལནྜའི་མཁས་པའི་དབང་པོ་ཚོས་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ནས་ནང་པའི་གསུང་རབ་མང་པོ་བྲིས་ཡོད་སྐོར་སོགས་གསུངས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༩ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༤ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese