མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱིས་ཆུ་མཛོད་བརྒྱབ་སྟེ་རྒྱ་ནག་ལ་ཁ་གཏད་གཅོག་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཉིན་ཤས་གོང་དུ་རྒྱ་ནག་གཞུང་གིས་བོད་མེ་ཏོག་རྫོང་ཁོངས་ཀྱི་ཡར་ཀླུང་གཙང་པོའི་རྒྱུད་དུ་ཆུ་མཛོད་ཆེན་པོ་ཞིག་རྒྱག་འཆར་ཡོད་སྐོར་བསྒྲགས་པ་ལྟར་རྒྱ་གར་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ནང་དའང་དེ་ལས་ཆེ་བའི་ཆུ་མཛོད་ཅིག་རྒྱག་འཆར་ཡོད་སྐོར་བསྒྲགས་འདུགཁ་སང་ཕྱི་ཚེས་ ༡ ཉིན། ལྷོ་རྒྱུད་རྒྱ་ནག་ཞོགས་པའི་ཆ་འཕྲིན་སོགས་རྒྱལ་སྤྱིའི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། རྒྱ་གར་གཞུང་གིས་ཀྱང་ཡར་ཀླུང་གཙང་པོའི་རྒྱུད་དུ་གློག་ཤུགས་གྷི་ག་ཝ་ (Gigawatts)  ༡༠ འདོན་ཐུབ་པའི་ཆུ་མཛོད་ཅིག་རྒྱག་འཆར་ཡོད་པ་དང་། དུས་རྒྱུན་རྒྱ་ནག་གཞུང་གིས་ལས་གཞི་གང་འདྲ་ཞིག་བརྩམས་ཀྱང་རྒྱ་གར་ཕྱོགས་སུ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་མི་ཡོང་བ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ནའང་།  ད་ལྟ་རྒྱ་གར་གཞུང་གིས་རྒྱ་ནག་གི་ཁས་ལེན་དེ་དུས་ནམ་ཞིག་གི་བར་དུ་གནས་རྒྱུ་ཡིན་མིན་ཚོད་དཔག་དཀའ་བ་ཞིག་ཡིན་སྐོར་བརྗོད་འདུག

གནས་ཚུལ་དེ་དང་འབྲེལ་ནས་རྒྱ་གར་དབུས་གཞུང་གི་ཆུའི་ལྷན་ཁང་གི་མགྲིན་ཚབ་པ་ (T.S. Mehra) ལགས་ཀྱིས། ད་ལྟའི་དུས་སུ་ཁ་ཚ་དགོས་གཏུག་ཡིན་པ་ནི་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆུ་མཛོད་ཆེན་པོ་ཞིག་བརྒྱབས་ཏེ། རྒྱ་ནག་གི་ཆུ་མཛོད་ཀྱི་ལས་གཞི་དེའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཆུང་དུ་གཏོང་རྒྱུ་དེ་ཡིན་པ་རེད། ཨ་རུ་ན་ཅལ་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ། རྒྱ་གར་གཞུང་གི་ལས་གཞི་གལ་ཆེ་ཤོས་སུ་བཞག་ཡོད་པ་རེད། ཅེས་འགྲེལ་བརྗོད་བྱས་འདུག

ཉེ་སྔོན་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན། རྒྱ་ནག་གི་ཆུ་མཛོད་འཛུགས་བསྐྲུན་ཚོགས་པ་མགོ་འཛུགས་བྱས་ཏེ་མི་ལོ་ ༤༠ འཁོར་བའི་དུས་དྲན་སྟེང་། རྒྱ་ནག་གཞུང་གིས་རྒྱ་གར་དང་ས་འབྲེལ་དུ་ཡོད་པའི་བོད་ཀྱི་མེ་ཏོག་རྫོང་གི་ཡར་ཀླུང་གཙང་པོའི་རྒྱུད་དུ། རྒྱ་སྒོར་དུང་ཕྱུར་ ༢༠ ལྷག་དང་གློག་གི་ནུས་ཤུགས་ཀེ་ལོ་ཝ་ཊི་ (kilowatts) ས་ཡ་ ༦༠ འདོན་ཐུབ་པའི་ཆུ་མཛོད་ཆེན་པོ་ཞིག་རྒྱག་འཆར་ཡོད་པ་དང་། དེ་ཡིས་རྒྱ་ནག་གི་རྒྱལ་སྲུང་དང་རྒྱལ་ནང་བདེ་འཇགས་ཅན་དུ་བསྒྱུར་ཐུབ་པ། དེ་བཞིན་ཆུ་མཛོད་དེ་ཡིས་རྒྱ་ནག་དང་ལྷོ་ཨེ་ཤ་ཡའི་གློག་དང་གཞུང་ལམ་མཉམ་འབྲེལ་ལ་ཞི་འཇགས་ཡོང་གི་ཡོད་སྐོར་བསྒྲགས་ཡོད་པ་དང་། དེ་ཡིས་རྒྱ་གར་དང་བྷང་གྷ་ལ་གཉིས་ཀྱི་ཡུལ་མིར་ཡུར་ཆུ་ཆད་པ་དང་ཆུ་ལོག་འབྱུང་སྲིད་པའི་བློ་འཚབ་བསླངས་ཡོད་པ་རེད།

དེ་དང་འབྲེལ་ནས་བྷང་ག་ལའི་ཆུ་བོ་གཙང་སེལ་གྱི་ལས་འགུལ་ཚོགས་པའི་ (Riverine People) སྤྱི་ཁྱབ་དྲུང་ཆེ་ (Sheikh Rokon) ལགས་ཀྱིས། རྒྱ་ནག་གཞུང་གིས་ཆུ་མཛོད་ལས་གཞི་མགོ་འཛུགས་མ་བྱས་གོང་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གྲོས་མོལ་ཞིག་བྱེད་དགོས་པ་དང་། ཆུ་མཛོད་ཀྱི་ལས་གཞི་རྒྱ་ཆེན་སྤེལ་འཆར་ཡོད་པ་དེ་ཡིས་གཙང་པོའི་སྨད་རྒྱུད་དུ་ཆགས་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བློ་འཚབ་སྐྱེ་གཞིར་འགྱུར་བ་ནི་རྒྱུ་མཚན་དང་ལྡན་པ་དང་། དེ་ཡིས་གཙང་པོའི་བཞུར་རྒྱུན་ལ་དོ་ཕོག་གཏོང་གི་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་བོད་ནས་བཞུར་བཞིན་པའི་གཙང་པོ་ཁག་གི་རྒྱུད་དུ་ཆུ་མཛོད་ཤུགས་ཆེན་རྒྱག་བཞིན་པར་བརྟེན། གཙང་པོའི་སྨད་རྒྱུད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཡུར་ཆུ་དང་འཐུང་ཆུའི་དཀའ་འཕྲད་བཞིན་ཡོད་ནའང་། རྒྱ་ནག་གཞུང་གིས་དེ་ལ་ངོས་ལེན་བྱེད་ཀྱི་མེད་པ་རེད། ཐེངས་འདིའི་རྒྱ་ནག་གཞུང་གི་ཆུ་མཛོད་ལས་འཆར་དེའི་ཐད་གནད་དོན་དབྱེ་ཞིབ་པས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་ལྷོ་ངོས་སུ་དཀྱོག་པའི་མཚམས་སུ་ཆུ་ལག་མང་པོ་ཡོད་པ་དང་། རྒྱ་གར་ནང་མ་བཞུར་གོང་གཙང་པོ་ཤུགས་ཆེན་རྒྱས་ཀྱི་ཡོད་སྟབས། དེར་ཆུ་མཛོད་ཅིག་རྒྱག་རྒྱུར་དཀའ་ཚེགས་ཆེན་པོ་ཡོད་པ་དང་། ས་གཤིས་སོགས་ལ་བརྟེན་ནས་གཙང་ཆུའི་སྨད་རྒྱུད་དུ་ཆུ་ལོག་འབྱུང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

བོད་མཐོ་སྒང་ནི་ཨེ་ཤ་ཡའི་ཆུ་བོ་ཆེན་པོ་ཁག་གི་འབྱུང་ཁུངས་ཡིན་ལ། ཆུ་བོ་དེ་དག་རྒྱ་ནག་དང་རྒྱ་གར། གྷང་ག་ལ་དང་འབར་མ། པ་ཀི་སི་ཐན་སོགས་ཀྱི་ནང་བཞུར་ཏེ་འཛམ་གླིང་གི་མི་འབོར་གྱི་བརྒྱ་ཆའི་ ༢༠ ལྷག་གི་འཚོ་རྟེན་དུ་གྱུར་ཡོད་པ་རེད། ལྷག་པར་དུ་རྒྱ་གར་དུ་ཡར་ཀླུང་གཙང་པོ་དང་སེང་གེ་ཁ་འབབ། གླང་ཆེན་ཁ་འབབ་དང་རྨ་བྱ་ཁ་འབབ་སོགས་ཆུ་བོ་མང་པོ་འབབ་ཀྱིན་ཡོད་པ་དང་། རྒྱ་དཀར་ནག་གཉིས་སུ་བོད་ནས་བཞུར་གྱིན་པའི་ཆུ་བོ་དང་འབྲེལ་ནས་གཞུང་འབྲེལ་གྱི་གྲོས་ཆོད་མེད་ནའང་། ཕྱོགས་གཉིས་ཀྱིས་གཙང་པོ་དེ་དག་གི་རྒྱུད་ཀྱི་ལས་གཞི་ཁག་ཕན་ཚུན་ལ་མཁོ་སྤྲོད་བྱེད་རེས་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༥ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༧ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༩ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese