མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དེབ་ཕྲེང་སྟོད་སྨད་གཉིས་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་ཕྱི་ལོ་ ༡༩༡༣ ནས་ ༡༩༣༣ བར་གྱི་སྲིད་དོན་ལོ་རྒྱུས་ཡོ་བ་བསྲངས་ཤིང་གབ་པ་ཕྱུང་བའི་ཉེ་རབས་བོད་ཀྱི་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ་ཞེས་པའི་དཔེ་དེབ་སྟོད་སྨད་གཉིས་བརྩམས་ནས་དབུ་འབྱེད་གནང་སོང་། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་བཞུགས་སྒར་དྷ་སའི་ནོར་བུ་གསོལ་མགྲོན་ཁང་དུ། རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་བརྩམས་པའི་དེབ་ཕྲེང་གཉིས་ཅན་གྱི་ཉེ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ་ཞེས་པའི་དཔེ་དེབ་སྟོད་སྨད་གཉིས་དབུ་འབྱེད་ཀྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་སོང་བ་དང་། མཛད་སྒོར་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་རྣམ་གཉིས་ནས་བརྙན་ལམ་བརྒྱུད། ཉེ་རབས་བོད་ཀྱི་ལོ་རྒྱུས་འབྲི་རྩོམ་གྱི་གལ་ཆེའི་རང་བཞིན་སྐོར་ལ་དཔེ་དེབ་དབུ་འབྱེད་དང་སྦྲགས་གསུང་བཤད་གནང་སོང་བ་དང་། གཞན། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གངས་རི་ལགས་དང་། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་སྐུའི་དྲུང་ཡིག་ཆེན་མོ་འབྲིང་བ་འཇིགས་མེད་ལགས། དྷ་ས་རིགས་ལམ་སློབ་གཉེར་ཁང་གི་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་བཅས་ནས་མཛད་སྒོའི་སྐུ་མགྲོན་དུ་ཆེབས་ཏེ། དཔེ་དེབ་ཀྱི་གལ་ཆེའི་རང་བཞིན་སྐོར་ལ་གཏམ་བཤད་དང་། དཔེ་དེབ་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་དང་། དཔེ་དེབ་པར་སྐྲུན་སོགས་ཀྱི་སྦྱིན་བདག་ལྷ་བྲིས་སྒྱིས་ཚང་སྐལ་བཟང་ལགས་དང་། རྣམ་རྒྱལ་ཟ་ཁང་གི་སྦྱིན་བདག་རྟ་བྷེ་ལགས། ནམ་མཁའ་བསྟན་འཛིན་ལགས་བཅས་ལ་ཐུགས་རྗེ་ཆེ་ཞུས་སོང་།

བོད་ཀྱི་ཉེ་རབས་སྲིད་དོན་ལོ་རྒྱུས་དེབ་ཕྲེང་གཉིས་ཀྱི་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ནས་གསར་འགོད་པར་དཔེ་དེབ་ངོ་སྤྲོད་གནང་དོན། དེབ་སྟོད་ཆ་དང་སྨད་ཆ་གཉིས་དེ་མགོ་འཛུགས་ས་དེ་དང་པོ་དབྱིན་ཇི་བོད་ལ་ཡོང་ནས་བོད་དང་འབྲེལ་བ་བྱུང་བ་དང་། རིམ་པས་བོད་ནང་ཤུགས་རྐྱེན་གང་འདྲ་སྤྲད་ཡོད་མེད་བཅས་གཙོ་བོར་བཟུང་ནས་བྲིས་པ་ཞིག་རེད། དེབ་འདིའི་ནང་ཚན་པ་ཁ་ཤས་ཤིག་ཡོད་པའི་ནང་ནས། དང་པོ་དབྱིན་ཇི་ཐོག་མར་བཀྲ་ཤིས་ལྷུན་པོ་དང་དེ་ནས་དབུས་ལ་སླེབས་པའི་རིམ་པ་དང་། གཉིས་པ་དེ་༧རྒྱལ་དབང་བཅུ་གསུམ་པའི་སྐབས་ལ་ཕྱི་ལོགས་ཀྱི་བཙན་འཛུལ་ཡོང་བའི་གནས་སྟངས། དེའི་གཞུག་ཏུ་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པ་དང་། དེ་ནས་ཡང་བསྐྱར་བོད་ལ་ཕེབས་པ། གང་ལྟར་ཕྱི་ལོ་ ༡༩༡༣ ནས་ ༡༩༣༣ བར་ཡོངས་བསྒྲགས་སུ་མཁས་པ་ཚོས་བོད་ཀྱི་ལོ་རྒྱུས་ནང་དུས་སྐབས་དེར་བོད་ནང་གནས་སྟངས་ཛ་དྲག་དང་ཟང་ཟིང་མེད་སྐོར་གསུང་གི་ཡོད་པ་རེད། ཡིན་ན་ཡང་། དོན་དངོས་ཐོག་བོད་ཀྱི་ལོ་རྒྱུས་ཐོག་ཞིབ་ཚགས་ཀྱིས་ཉམས་ཞིབ་བྱས་ཡོང་དུས། ནང་ཁུལ་གྱི་ཛ་དྲག་ཆེ་ཤོས་དེ་ཕྱི་ལོ་ ༡༩༡༣ ནས་ ༡༩༣༣ བར་དུ་བྱུང་བ་རེད། དེ་ཧ་ཅང་གི་གནད་འགག་ཆེན་པོ་རེད། དེའི་སྐོར་དེ་དེབ་འདིའི་ནང་ཞིབ་ཚགས་པོ་བྲིས་ཡོད་པ་རེད། དེ་ནས་ཕྱི་ལོ་ ༡༩༣༤ ནས་ ༡༩༥༢ བར་གྱི་གནས་སྟངས་རེད། རྒྱ་མིས་བོད་ལ་དངོས་སུ་བཙན་འཛུལ་བྱས་ཏེ་བོད་ནང་ཤུགས་རྐྱེན་དང་དྲག་ཤུགས་སླེབས་པ་དང་། རིམ་པས་བཙན་བྱོལ་དུ་སླེབས་པའི་རིམ་པ་རེད། དེ་ནས་བཙན་བྱོལ་ནང་གི་གནས་སྟངས་ཆེ་ཁག་དང་། ལྷག་པར་དུ་ཞི་དྲག་གཉིས་ནས་དྲག་པོའི་ལམ་ནས་རྒྱ་དམར་ལ་འགོག་རྒོལ་བྱེད་ཐབས་ཀྱི་རིམ་པ་དེ་བྲིས་ཡོད་པ་རེད། ཅེས་བརྗོད་སོང་།

ཡང་ད་ལྟའི་ལོ་རྒྱུས་དེབ་ཕྲེང་དེའི་ནང་བོད་ཀྱི་ཉེ་རབས་ཀྱི་སྲིད་དོན་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ་ལགས་གཉིས་བར་འབྲེལ་བ་འདོགས་ཐབས་ཇི་འདྲ་ཡིན་མིན་གྱི་སྐོར་ལ་ཁོང་གིས། མི་མང་པོ་ཞིག་གིས་ད་ལན་གྱི་ལོ་རྒྱུས་དེབ་ཕྲེང་དེ་ལྷ་སྲས་རྒྱལ་ལོ་དོན་གྲུབ་ལགས་ཀྱི་སྐུ་ཚེ་རྐྱང་པའི་ལོ་རྒྱུས་ཤིག་མིན་ནམ་སྙམ་པའི་དོགས་པ་ཞིག་ཡོང་གི་ཡོད་ཀྱང་། དོན་དངོས་དེ་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཤིག་ཡིན་པ་དང་། བོད་མི་རྣམས་བཙན་བྱོལ་དུ་གྱར་བའི་གནད་དོན་དེར་ལྷ་སྲས་རྒྱལ་ལོ་དོན་གྲུབ་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པ་དང་། ཁོང་ནི་དུས་ཕྱིས་བོད་ནས་རྒྱ་གར་ལ་བཙན་བྱོལ་ལ་འབྱོར་མཁན་བོད་མི་ཐོག་མ་དེ་ཡིན་པ་མ་ཟད། ཁོང་གིས་རྒྱ་གར་ནས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ཕྱག་ལས་དང་། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ཕེབས་ཆེད་སྐབས་དེའི་རྒྱ་གར་གྱི་ནེ་རུ་གཞུང་ལ་བཀའ་འཁྲོལ་ཞུ་རྒྱུའི་མཚོན་པའི་ཕྱག་ལ་ཁག་ལ་གཙོ་འགན་བཞེས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཕྱིའི་རྒྱལ་ཁབ་རྣམས་ལ་བོད་དོན་ཞུ་གཏུག་དང་། གློ་སྒྲིག་འཛུགས་གསར་འཛུགས་དང་ཕྱིས་སུ་བོད་རྒྱ་འབྲེལ་མོལ་སོགས་ཀྱི་ཐད་ལ་ཕྱག་ལས་མང་པོ་གནང་ཡོད་པས། བོད་ཀྱི་ཉེ་རབས་སྲིད་དོན་ལོ་རྒྱུས་ཁྲོད་ཀྱི་མེད་དུ་མི་རུང་བའི་མི་སྣ་ཞིག་ཆགས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

ད་ལྟ་བོད་རྒྱ་འབྲེལ་མོལ་སྐོར་ནས་ཞིབ་འཇུག་བྱེད་མུས་ཡིན་སྟབས། ད་ཐེངས་ཀྱི་དེབ་ཕྲེང་སྟོད་སྨད་གཉིས་ནང་དེའི་སྐོར་ཞིབ་ཚགས་བཀོད་མེད་སྐོར་ལ་ཁོང་གིས། ཕྱི་ལོ་ ༡༩༤༧ དང་ ༡༩༤༨ བར་བོད་རང་བཙན་ཤོར་བ་རེད་ཟེར་བ་དེ་སྐབས་དེར་དོ་ནན་མ་བྱས་པའི་རྐྱེན་གྱིས་ཡིན་པ་དང་། སྐབས་དེར་བོད་རང་བཙན་བསྒྲུབ་རྒྱུའི་གོ་སྐབས་ཡག་ཤོས་དེ་ཡིན་ནའང་། དེ་དུས་ང་ཚོས་ནང་ཁུལ་གྱི་རྙོག་དྲ་རྐྱང་རྐྱང་ལ་དུས་ཚོད་བཏང་ཡོད་པ་ལོ་རྒྱུས་ལ་བལྟས་ན་ཤེས་ཐུབ་པ་ཞིག་ཡིན་སྐོར་བརྗོད་བྱུང་།

བོད་ཀྱི་ཉེ་རབས་སྲིད་དོན་ལོ་རྒྱུས་ཀྱི་དེབ་ཕྲེང་འདིའི་འབྲི་རྩོམ་གྱི་བརྒྱུད་རིམ་ནང་རྩོམ་པ་པོས་དེང་རབས་ཀྱི་ཞིབ་འཇུག་ཐབས་ལམ་བརྒྱུད། ཡིག་ཆ་གསར་རྙིང་དང་། བོད་དབྱིན་སྐད་ཡིག་ཐོག་གི་དཔེ་དེབ། བཀའ་སློབ་དང་གསུང་བཤད། བཅར་འདྲི་སོགས་དཔྱད་གཞི་མི་འདྲ་བ་ ༢༠༠ ལྷག་ལ་དབྱེ་ཞིབ་ཀྱིས། དེབ་ཕྲེང་སྟོད་སྨད་གཉིས་ལ་ཁྱོན་ཤོག་ངོས་ ༡༢༠༠ ལྷག་དང་། ཞབས་མཆན་ ༡༣༧༠ ལྷག་བཀོད་འདུག་ལ། རྩོམ་པ་པོས་དཔེ་དེབ་ཀྱི་སྔོན་གླེང་དུའང་། དཔེ་དེབ་འདིར་འཁོད་པའི་ལོ་རྒྱུས་དག་ནི་རྩོམ་པ་པོའི་ཚོར་བ་དང་བསམ་ཚུལ་མིན་ལ། ཡིན་ཀྱང་མི་རུང་། མི་སྡེ་སྤྱི་ཚོགས་ཀྱི་འདས་པའི་ལོ་རྒྱུས་གང་ཡིན་ཡང་ཚོར་བ་དང་བསམ་ཚུལ་གྱིས་འབྲི་མི་རུང་བ་ནི་ཉམས་ཞིབ་པའི་རྩ་དོན་ངོ་མ་དེ་རེད། ཉམས་ཞིབ་ཀྱི་མྱོང་གོམས་མེད་པ་དང་དཔེ་ཀློག་ཚུལ་བཞིན་བྱེད་མི་ཤེས་པ་དག་གིས་དཔེ་དེབ་ཏུ་གང་འཁོད་པ་རྣམས་རྩོམ་པ་པོའམ་ཉམས་ཞིབ་པའི་བསམ་ཚུལ་དུ་འདོད་སྲིད་ཀྱང་། དཔེ་དེབ་འདི་ལ་ཞབས་མཆན་ཅི་མང་བཀོད་དེ་ལོ་རྒྱུས་ཀྱི་ཁུངས་བསྟན་ཅིང་། མཇུག་ཏུ་ཁུངས་ལུངས་ཡིག་ཆ་སོགས་ཀྱི་མཚན་བྱང་ཞིབ་ཏུ་བཀོད་པའི་དགོས་དམིགས་ངོ་མ་མཁྱེན་རྒྱུ་དེ་ཤིན་ཏུ་གལ་ཆེ། ཞེས་བཀོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༦ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༧ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese