མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ཞེས་པའི་དཔེ་དེབ་ཀྱི་དགེ་མཚན་གླེང་བ།

བོད་ཀྱི་དུས་བབ།
༢༠༢༠/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

སློབ་དགེ་རྡོ་རྗེ་རིན་ཆེན།

《གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་》ཞེས་པའི་དཔེ་དེབ་འདི་ཉིད་ཀྱི་དགེ་མཚན་གླེང་སྐབས། རྩོམ་པ་པོ་མི་གླེང་ཐབས་མེད་ལ་བརྟེན། དེབ་འདིའི་རྩོམ་པ་པོར་མཚོན་ན་བོད་ཕྱི་ནང་གཉིས་ནས་ཐ་སྙད་རིག་གནས་སྤྱི་དང་། ལྷག་པར་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚུལ་ཐམས་ཅད་ལ་སྦྱོང་བ་མཐར་ཕྱིན་ནས་ཀིརྟི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་དཔོན་གྱི་མཚན་གནས་བཞེས་ཡོད་སྟབས་རྩོམ་པ་པོ་ཧ་ཅང་ཚད་ལྡན་ཡིན་པ་ཤོད་ཅི་དགོས།  གཉིས་པ་དཔེ་དེབ་འདི་ཉིད་རྩོམ་སྟངས་གོ་རིམ་གྱི་ཆ་ནས་གླེང་ན། 《གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ 》ཞེས་པའི་དཔེ་དེབ་འདི་ཉིད་མ་བརྩམས་གོང་དུ། དཔེ་དེབ་འདི་ཉིད་ཀྱི་རྩོམ་པ་པོས་བཙོན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་། སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཐོག་ཉམས་ཞིབ་མཐིལ་ཕྱིན་གནང་ཞིང་། ཉམས་ཞིབ་སྐབས་དངོས་སུ་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་ངོ་བཅར་གྱིས་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཚད་དང་། ལྟ་བའི་རྒྱབ་ལྗོངས་སོགས་ལ་ཞིབ་མཇུག་མཐར་ཕྱིན་པ་མཛད་ཅིང་། དེའི་ཐད་ 《བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས་》ཞེས་པའི་དཔེ་དེབ་ཅིག་བྲིས་ཏེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་པར་བསྐྲུན་གྲུབ་རྗེས། སླར་ཡང་དཔེ་དེབ་འདི་ཉིད་ཀྱི་རྩོམ་པ་པོ་སྐུ་ཞབས་རེ་མདོ་སེངྒེ་ལགས་ཀྱིས་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་སྒོ་གཙོ་བོ་ཏེ། བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ན་ཆུང་སོན་རྩ་ཚོའི་ཀུན་སྤྱོད་སློབ་གསོ་དང་། སྐད་ཡིག་ཡར་རྒྱས་གཉིས་ཀར་ཕན་ཐོགས་འབྱུང་ཕྱིར། 《གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ 》ཞེས་པའི་དཔེ་དེབ་འདི་ཉིད་ཤེས་ཡོན་སྲིད་བྱུས་ཀྱི་དགོས་མཁོ་གཞིར་བཞག་ནས་ཆེད་དུ་བརྩམས་པ་ཞིག་ཡིན་སྟབས།  གཞི་རིམ་བར་མ་ནས་གོང་མ་བར་གྱི་སློབ་ཕྲུག་ཚོར་དཔེ་དེབ་འདི་ཉིད་ཧ་ཅང་ཕན་ཐོགས་རྒྱ་ཆེན་པོ་ཡོད་པ་སྨོས་མ་དགོས་པ་ཞིག་རེད།

དཔེ་དེབ་འདི་ཉིད་ཀྱི་བརྗོད་བྱ་ལ་བརྟེན་ནས་བོད་ཀྱི་མེས་པོ་གོང་མ་ཚོའི་ལོ་རྒྱུས་ཀྱི་རིམ་པ་ཇི་སྙེད་ཅིག་ཤེས་རྟོགས་འབྱུང་སྟབས། ལོ་རྒྱུས་ཀྱི་དཔེ་དེབ་ཅིག་རེད་ཅེས་གླེང་ཆོག་པ་དང་། ཡང་ཆོས་དང་རིག་གཞུང་གི་འཕེལ་རིམ་སོགས་བརྗོད་སྙིང་བྱས་ཡོད་པས་ཆོས་འབྱུང་གི་དཔེ་དེབ་ཅིག་རེད་ཅེས་ཀྱང་སྨྲ་ཆོག་ལ། བོད་ཀྱི་མེས་པོ་གོང་མ་ཚོ་ཤེས་ཡོན་སློབ་སྦྱོང་དང་། ཡ་རབས་བཟང་སྤྱོད། གཞན་ཕན་གྱི་བྱ་བ་སོགས་རྩལ་དུ་བཏོན་ནས་བརྗོད་ཡོད་པས་ཀུན་སྤྱོད་སློབ་གསོའི་དཔེ་དེབ་ཅིག་རེད་ཅེས་ཀྱང་ཤོད་ཆོག དེ་མིན་འབྲི་ཐབས་ཀྱི་ཆ་ནས་ཚིག་གོ་དཀའ་བ་རྣམས་སླ་བར་བཅོས་ཤིང་གཏམ་རྒྱུད་ཀྱི་རྩོམ་ཐབས་སྤྱད་ནས་བྲིས་ཡོད་པས། བོད་ཀྱི་དངོས་བྱུང་གི་གལ་ཆེའི་མི་སྣ་དག་གི་བྱིས་སྒྲུང་ཞིག་རེད་ཅེས་བརྗོད་ཆོག་པ་མ་ཟད། ཉམས་འགྱུར་དང་ཁོར་ཡུག་རྣམས་ཧ་ཅང་གོ་བདེར་བཅོས་སྒྲིག་བྱས་ཏེ་གཏམ་བརྗོད་ཟློས་གར་གྱི་རྣམ་པ་ཐོན་ཐབས་བྱས་ཡོད་པས་ཟློས་གར་འཁྲབ་གཞུང་གི་དཔེ་དེབ་ཅིག་རེད་ཅེས་ཀྱང་ཟེར་ཆོག  ད་དུང་ནང་དོན་གྱི་ཆ་ནས་བོད་རང་གི་མི་སྣ་དང་འཚོ་བ་མཚོན་ཞིང་། རྗོད་བྱེད་ཀྱི་ཆ་ནས་བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་གི་རྩོམ་གཤིས་དང་རྩོམ་འགྲོས་ལྡན་པར་བརྟེན། སྐད་ཡིག་སྦྱོང་མཁན་ཞིག་གི་ངོས་ནས་དཔེ་དེབ་འདི་ཉིད་སྐད་ཡིག་སློབ་དེབ་ཅིག་ལའང་ངོས་འཛིན་གནང་ཆོག

མཇུག་ཏུ་གླེང་འདོད་པ་ནི། ད་ལྟ་《གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་ 》ཞེས་པའི་དཔེ་དེབ་ཉིད་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་བཞི་བཅུ་ཙམ་ཞིག་ཏུ་ཁ་བཀྲམ་ནས་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོར། ཁ་ཚ་དགོས་གཏུགས་ཀྱིས་ཕན་ཐོགས་འབྱུང་རྒྱུར་དམིགས་ནས། ཧ་ཅང་གིས་སྤྱོད་བདེ་བ་སྒྲ་དེབ་ཀྱི་ལམ་ནས་ལྟ་ཉན་གཉིས་ཀ་བྱེད་ཐུབ་པ་བཟོས་ཤིང་། དེ་ཡང་སྨྲ་བརྗོད་དག་ལ་གསལ་བ། འགྲོས་ལྷོད་ཅིང་ཚིག་སྙན་ཆ་ལྡན་པ་ཞིག་བསྐྲུན་གནང་ཡོད་སྟབས། བོད་ཡིག་མི་ཤེས་མཁན་ཞིག་ལ་མཚོན་ནའང་། འགྲོ་ཞོར་འདུག་ཞོར་མིག་གིས་བཀླགས་མ་ཐུབ་ཀྱང་རྣ་བས་ཉན་ནས་ཤེས་རྟོགས་འཕེལ་ཐུབ་པ་དང་། བོད་ཡིག་ཕྲན་བུ་ཤེས་མཁན་ཞིག་ཡིན་ཚེ། དེ་བས་ཀྱང་ལྟ་ཉན་གཉིས་ཀའི་ལམ་ནས་རང་གི་མེས་པོའི་ཞབས་རྗེས་འཚོལ་བའི་ལམ་བུ་བཟང་པོ་ཞིག་བསྐྲུན་འདུག་པས། དེ་ཡང་ཇི་སྐད་དུ། 《རླངས་ཀྱི་པོ་ཏི་བསེ་རུ་ལས་ 》ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཕུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོལ་མ་དང་འདྲ། ཡབ་མེས་ཀྱི་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་འདྲ། ཞེས་པ་ལྟ་བུ་ཞིག་མི་འབྱུང་བའི་ཆེད། འཛམ་གླིང་གི་ཡུལ་གྲུ་གང་སར་བཞུགས་པའི་བོད་རིགས་ན་གཞོན་སྤྱི་དང་། ལྷག་པར་གཞི་རིམ་བར་མ་དང་། གོང་མ་བར་གྱི་སློབ་ཕྲུག་ཚོས་སྒྲ་དེབ་འདི་ལ་ལྟ་ཉན་བྱས་པ་ཡིན་ན། བོད་རང་གི་སྐད་ཡིག་གོང་འཕེལ་དུ་འགྲོ་བ་མ་ཟད། སྔོན་བྱོན་བོད་ཀྱི་སྐྱེས་ཆེན་དམ་པ་མང་པོས་རང་གི་ཆོས་རིག་ཐད་བྱས་རྗེས་ཇི་འདྲ་ཞིག་བཞག་པ་དང་། ཁོང་ཚོས་བཞག་པའི་སྐུ་དྲིན་བརྟེན་ནས་ད་གཟོད་བོད་མི་རིགས་ཞེས་པ་ས་སྒང་འདིའི་སྟེང་གི་མི་འབོར་དུང་ཕྱུར་མང་པོའི་ཁྲོད། མི་རིགས་ཟུར་གསལ་བ་ཞིག་དང་། འཛམ་གླིང་སྤྱི་ལ་ཕན་བདེ་སྒྲུབ་ཐུབ་མཁན་གྱི་རིག་གཞུང་ཕྱུག་པོ་ཞིག་གི་རྒྱུད་འཛིན་པ་ཡིན་པར་ཤེས་ནས་དགའ་མོས་བྱེད་པ་རྟོགས་ཐུབ་ལ། དེ་ལས་ཀྱང་རང་གིས་རང་ཉིད་ཀྱི་འབྱུང་ཁུངས་ཤེས་ཤིང་། རང་ཉིད་བོད་མི་རྣལ་མ་ཞིག་ཏུ་འགྱུར་བར་ཕན་རྒྱ་ཆེར་ཐོགས་ཐུབ་བོ། །

སྒྲ་དེབ་ཀྱི་འབྲེལ་ཐག https://youtu.be/xziHkAn_NTI?fbclid=IwAR1N6jSFeRR-AfC3-z5YuX2HPpjHeqfvltj2C9wtTu81-2v25K7jLdVnRyk

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

ཆུ་ཚོད་ ༡༤ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༡༧ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༢༠ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༢༡ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese