མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམིགས་བསལ་ཆིབས་ཞབས་སྐུ་སྲུང་ཨ་ནན་ཟླ་བ་ལགས་འདས་གྲོངས་སུ་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་དམིགས་བསལ་ཆིབས་ཞབས་སྐུ་སྲུང་ཨ་ནན་ཟླ་བ་ལགས་འདས་གྲོངས་སུ་ཕྱིན་པར་ཁོང་གི་ནང་མི་རྣམས་ལ་ཐུགས་གསོ་དང་སྨོན་ལམ་སྐྱབས་འཇུག་ཞུས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཨ་རིའི་མངའ་སྡེ་མི་ནི་སོ་ཊའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ནས་རྒྱ་གར་ལ་བཙན་བྱོལ་ལ་ཕེབས་སྐབས་ཀྱི་དམིགས་བསལ་ཆིབས་ཞབས་སྐུ་སྲུང་ཨ་ནན་ཟླ་བ་ལགས་སྐུ་གཟུགས་བདེ་མིན་ལ་བརྟེན། སྨན་བཅོས་ཞབས་རིམ་ཞུས་ཡོད་འདུག་ཀྱང་། དྲག་སྐྱེད་མ་བྱུང་བར་དགུང་ལོ་ ༨༠ ཙམ་གྱི་ཐོག་འདས་གྲོངས་སུ་ཕྱིན་ཡོད་འདུག

ཨ་ནན་ཟླ་བ་ལགས་ཀྱི་བུ་མོའི་བཟའ་ཟླ་འཇིགས་མེད་ཨོ་རྒྱན་ལགས་ཀྱི་ངོ་དེབ་ཐོག་ཏུ་སྤེལ་བའི་གནས་ཚུལ་ནང་། དམིགས་བསལ་ཆིབས་ཞབས་སྐུ་སྲུང་ཨ་ནན་ཟླ་བ་ལགས་རང་ཉིད་ཀྱི་ཁྱིམ་མི་ལྷན་རྒྱས་འཛོམས་སྐབས། ཞི་བའི་ངང་འདས་གྲོངས་སུ་ཕྱིན་ཡོད་སྐོར་དང་། ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་གྱི་ཨ་རིའི་ཉིན་གུང་རྒྱབ་ཀྱི་ཆུ་ཚོད་ ༡།༣༠ ཐོག་སྐུ་ཕུང་ཞུགས་འབུལ་བྱ་རྒྱུ་ཡིན་སྐོར་བཀོད་འདུག

དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་ལས་བྱེད་ཞིག་གིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་པ་ལྟར་ན། སྐུ་སྲུང་ཨ་ནན་ཟླ་བ་ལགས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པར་གཟིམ་ཆུང་གི་དཀོར་གཉེར་བརྒྱུད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཞུས་འདུག་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་སྲུང་ཟུར་པ་ཨ་ནན་ཟླ་བ་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་སྨོན་སྐྱབས་འཇུག་ཞུས་ཡོད་སྐོར་ཨ་རིར་བཞུགས་པའི་དམ་པ་ཁོང་གི་ནང་མིར་ཞུས་ཡོད་འདུགདམིགས་བསལ་ཆིབས་ཞབས་སྐུ་སྲུང་ཨ་ནན་ཟླ་བ་ལགས་ཕྱི་ལོ་ ༡༩༥༥ ལོར་དགུང་གྲངས་བཅོ་ལྔ་ཙམ་ལས་སོན་མེད་ཀྱང་ནོར་བུ་གླིང་ཁར་༧རྒྱལ་བའི་སྐུ་སྲུང་དམག་མིར་འཛུལ་ཞུགས་བྱས་ཏེ་ལོ་བཞིའི་རྗེས། སྐུ་སྲུང་དམག་མི་ངོ་མར་བསྐོ་བཞག་གནང་བ་དང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་གྱི་མཚན་མོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་དུ་ཕེབས་སྐབས་ཀྱི་དམིགས་བསལ་སྐུ་སྲུང་བ་བདུན་གྱི་གྲས་དང་སྐབས་དེའི་སྐུ་སྲུང་ཆུང་ཤོས་དེ་ཡིན་འདུག་ལ། དམ་པ་ཁོང་ནི་དམིགས་བསལ་ཆིབས་ཞབས་སྐུ་སྲུང་བདུན་ཡོད་པའི་ནང་ནས་སྐུ་སྲུང་མཐའ་མ་དེའང་ཡིན་འདུག

ཨ་ནན་ཟླ་བ་ལགས་ནི་ཕྱི་ལོ་ ༡༩༣༩ ལོར་ཕ་ལྷག་པ་དང་མ་དབྱངས་ཅན་གཉིས་སུ་བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་བ་དང་སྤུན་མཆེད་ལྔ་ལས་ཆུང་ཤོས་དེ་ཡིན་འདུག མ་སུ་རིར་ཐོག་མར་འབྱོར་སྐབས་༧གོང་ས་མཆོག་གི་བཀའ་དགོངས་བཞིན། མ་སུ་རི་སློབ་གྲྭར་ཐོག་མའི་སློབ་ཕྲུག་ལྔ་བཅུའི་གྲས་སུ་ཞུགས། ཕྱིས་སུ་ཨ་རིའི་ཀོར་ནེལ་གཙུག་ལག་སློབ་གྲྭ་ཆེན་ (Cornell University Ithaca) དང་བོས་ཀྲོན་ (Boston) དུ་ཨ་རིའི་གསང་བའི་སློབ་སྦྱོང་གནང་སྟེ། རྒྱ་གར་ལ་ཕྱིར་ཕེབས་རྗེས་བོད་གཞུང་གི་བཀའ་དགོངས་ལྟར་བལ་ཡུལ་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལི། དེ་བཞིན། མ་སུ་རི་སློབ་གྲྭ་སོགས་སུ་ཕྱག་ལས་གནང་། ཁོང་དང་ཁོང་གི་བཟའ་ཟླ་མཁའ་འགྲོ་གཉིས་ལ་བུ་ཕྲུག་གསུམ་ཡོད་པ་དང་། ཕྱི་ལོ་ ༡༩༩༦ ལོར་ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་ནང་གནས་སྤོས་བགྱིས་ཏེ་རྒས་ཡོལ་དུ་ཕེབས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    ཨ་ནན་ཟླ་བ་དམ་པ་ཁོང་ཕྱི་ལོ་ ༡༩༦༢ ལོར་བ་ཡུལ་རྡོར་པ་ཊན་གཞིས་ཆགས་སུ་སུད་སི་རྒྱ་གྲམ་དམར་པོའི་རོགས་ཚོགས་ཀྱི་སྐད་བསྒྱུར་གནང་སྐབས་ང་ཚོ་གཞིས་ཆགས་དེར་ཡོད་ན་ཁོང་སྐུ་ཚེ་རྫོགས་པར་མྱ་ངན་གུས་བཏུད་ཞུ་གི་ཡོད་ལ་ནང་མི་བུ་ཕྲུག་ཚོར་གདུང་སེམས་མཉམ་སྐྱེད་ཞུ་གི་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese