མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡིག་རྨོངས་པའི་རེ་འདོད་ལྟར་འོས་མིའི་མཚན་སོཊ་མ་བྲིས་པའི་གནད་དོན་བྱུང་།  

བོད་ཀྱི་དུས་བབ།
༢༠༢༡/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་འོས་བསྡུའི་ས་ཚིགས་ཤིག་ཏུ་ཡིག་རྨོངས་པའི་རེ་འདོད་ལྟར་འོས་མིའི་མཚན་སོགས་བྲིས་མེད་པའི་རྐྱེན་གྱིས་ཡིག་འབྲི་བ་གནས་དབྱུང་བཏང་སྟེ་འོས་བསྐྱར་དུ་འཕེན་དགོས་བྱུང་འདུགཁ་སང་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་སྐབས། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་འོས་བསྡུའི་ས་ཚིགས་ཤིག་ཏུ། འོས་འཕེན་པ་ཡིག་རྨོངས་རྣམ་པར་ཆེད་དུ་བཀོད་སྒྲིག་བྱས་པའི་ཡིག་འབྲི་བས་འོས་འཕེན་པའི་རེ་འདོད་ལྟར་འོས་མིའི་མཚན་དང་ཕ་ཡུལ། ལས་གནས་སོགས་བཀོད་མེད་པའི་གནད་དོན་བྱུང་བར་བརྟེན། འོས་ཤོག་བསྐྱར་དུ་འཕེན་དགོས་བྱུང་ཡོད་འདུག་ལ། ཚོགས་འདུ་བསྡུས་ཏེ་ཡིག་འབྲི་བ་དེར་ཉེས་ཆད་ཐག་གཅོད་གནང་འཆར་འདུག

ལ་དྭགས་གླེ་བྱང་གི་ས་གནས་འོས་བསྡུའི་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་ཞལ་པར་བརྒྱུད་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཁྱོན་ཡོངས་ནང་འོས་བསྡུའི་ས་ཚིགས་ ༦ བཀོད་སྒྲིག་བྱས་ཡོད་ཅིང་། ས་ཚིགས་རེར་ས་གནས་འོས་བསྡུའི་ཚོགས་མི་རེ་དང་། ཕྱག་རོགས་དྲུང་ཡིག ཟུར་དཔང་བཅས་བསྐོ་གཞག་བྱས་ཡོད་པའི་ཁྲོད་ནས། བརྒྱ་ཤོག་ ༨ པའི་སྤྱི་ཁང་དུ་ཡོད་པའི་འོས་བསྡུའི་ས་ཚིགས་སུ། རོགས་པ་བྱེད་མཁན་མེད་པའི་ཡིག་རྨོངས་པ་ཚོར་དྲུང་ཡིག་དེས་རོགས་སྐྱོར་བྱེད་དུ་བཅུག་ཡོད་ཀྱང་། ཁ་སང་ཉིན་རྒྱབ་ཆུ་ཚོད་ ༡ མ་ཟིན་ཙམ་ལ་ཟུར་དཔང་བརྒྱ་ཤོག་ ༩ པའི་བརྒྱ་དཔོན་གྱིས། དྲུང་ཡིག་དེས་འོས་མི་ཡིག་རྨོངས་བ་ཞིག་གི་རེ་འདོད་ལྟར་གྱི་འོས་མི་བྲིས་མེད་པ་ཤེས་རྟོགས་བྱུང་འཕྲལ། ས་གནས་འོས་བསྡུ་འགན་འཛིན་དང་འགན་འཛིན་ལས་རོགས་རྣམས་ཡུལ་དངོས་སུ་བཅར་ཏེ། དྲུང་ཡིག་དེ་གནས་དབྱུང་བཏང་ནས་གསར་པ་ཞིག་བསྐོས་ཡོད་པ་མ་ཟད། མང་ཚོགས་ཁྲོད་འོས་བསྡུ་དྲང་བདེན་བྱུང་མེད་པའི་བློ་འཚབ་བྱེད་མཁན་མང་པོ་བྱུང་ཡོད་སྟབས། དབུས་འོས་བསྡུ་ལས་ཁང་གི་ལམ་སྟོན་བཀོད་ཁྱབ་བཞིན་གནད་དོན་མ་བྱུང་གོང་གི་འོས་ཤོག་ཁྱོན་ ༡༩༢ རྣམས་ཆ་ཚང་རྩིས་མེད་བཏང་སྟེ། ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་འོས་བསྡུ་བསྐྱར་དུ་གནང་ཡོད་འདུག

ཡང་ཁོང་གི་འགྲེལ་བརྗོད་ལྟར་ན། འདི་ལོའི་འོས་བསྡུའི་ནང་ལ་དྭགས་གླེ་བྱང་ནང་འོས་བསྡུའི་ས་ཚིགས་ ༡༦ ཡོད་པའི་ཁྲོད་ནས། ༡༠ ལ་དྭགས་བྱང་ཐང་ཁུལ་དུ་ཡོད་པ་དང་། ས་གནས་འོས་བསྡུ་ལས་ཁང་ངོས་ནས་ལ་དྭགས་བྱང་ཐང་ཁུལ་དུ་ཆེད་མངགས་འོས་བསྡུའི་ཚོགས་མི་རེ་བཏང་ཡོད་པ་མ་ཟད། བདུན་ཕྲག་གཅིག་གཉིས་གོང་ནས་ས་གནས་ཀྱི་འགན་འཁུར་བ་རྣམས་ལ་འོས་བསྡུ་དང་འབྲེལ་བའི་ལམ་སྟོན་རྣམས་ཞུས་ཟིན་པ་ལྟར། ད་ལྟའི་ཆར་ལ་དྭགས་ཀྱི་འོས་བསྡུའི་ས་ཚིགས་གཞན་ནས་དྲང་བདེན་མ་བྱུང་བ་སོགས་ཀྱི་གནས་ཚུལ་བྱུང་མེད་པ་མ་ཟད། འབྱུང་འགྱུར་དངོས་གཞིའི་འོས་བསྡུའི་སྐབས་ད་ཐེངས་ལྟ་བུའི་གནད་དོན་མི་བྱུང་བའི་ཆེད་དུ། ས་གནས་འོས་བསྡུའི་ཚོགས་མི་རྣམས་འཛོམས་ཏེ་ཐབས་ལམ་གསར་པ་འཚོལ་རྒྱུ་ཡིན་སྐོར་བརྗོད་བྱུང་།

ཐེངས་འདིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་ཕྱི་ཟླ་ ༡ ཚེས་ ༣ ཉིན་གཏན་འཁེལ་ཡོད་ཀྱང་། དབྱིན་ཡུལ་གཙོ་བོར་གྱུར་བའི་ཡུ་རོབ་ཁུལ་དུ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་དང་། བལ་ཡུལ་སོགས་ཀྱི་ནང་ཆབ་སྲིད་ཀྱི་གནས་སྟངས་འོག་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད་པར་བརྟེན། སྔོན་འགྲོའི་འོས་བསྡུ་སྔ་ནུར་གྱིས་དུས་ཡུན་རིང་དུ་གཏོང་དགོས་བྱུང་ཡོད་སྟབས། འོས་སྒམ་ཉིན་ཤས་རིང་བདག་ཉར་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་པར་བརྟེན། འོས་སྒམ་བདག་ཉར་དོ་དམ་ག་འདྲ་གནང་ཐུབ་ཀྱི་ཡོད་མེད་ཐད་སེམས་འཚབ་གནང་མཁན་ཡོང་གི་ཡོད་པ་དང་། དེའི་ཐད་དབུས་འོས་བསྡུའི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་ནས་འོས་སྒམ་བདག་ཉར་གང་ལེགས་གནང་གི་ཡོད་སྐོར་གསུངས་འདུག

གཞན། ད་ལན་གྱི་སྔོན་འགྲོའི་འོས་བསྡུའི་སྐབས་རྒྱ་གར་ནང་གི་ས་གནས་གྲངས་ ༢༡ དང་། བལ་ཡུལ་གྱི་ས་གནས་གྲངས་ ༣ བཅས་བོད་མིའི་སྒྲིག་འཛུགས་ནས་མཐུན་འགྱུར་གནང་བའི་ཟུར་འཇོག་ཁང་ཁྱོན་ ༢༤ ནང་ཡོད་པའི་བོད་མི་གྲངས་ ༢༥༧  གྱིས་སྔོན་འགྲོའི་འོས་བླུགས་ཐུབ་མེད་པ་རེད། དེ་བཞིན། འོས་བསྡུའི་སྒྲིག་གཞི་གཞིར་བཟུང་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་བྱས་པ་བོད་མི་ ༦ དང་། སྔོན་འགྲོའི་སྐབས་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་བྱས་པ་སྤྱི་འཐུས་རྒྱུན་ལས་གྲངས་ ༡༡ ཆགས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 1

  1. ཐུབ་བསྟན། says:
    ལོ་ 5 སྔོན།

    ཡིག་རྨོངས་པའི་འོས་མིའི་མཚན་བྲིས་མེད་པས་འོས་བསྐྱར་དུ་འཕེན་དགོས་ཐུག་པ་མ་རེད། གཙོ་བོར་མི་ངན་ཚོས་བོད་སྤྱི་པའི་མང་གཙོ་ལ་རྡོག་རོལ་དང་སྒེར་གྱི་རང་དབང་འཕྲོགས་བྱས་ནས་ཉེས་པ་རྫབ་ཆེན་བསགས་པ་ཤེས་རྟོགས་བྱུང་བར་བརྟེན་འོས་བསྐྱར་ཏུ་བླུགས་དགོས་བྱུང་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese