མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀང་རཱ་རྫོང་ཁོངས་སུ་བྱ་ནད་ཅིག་བསླེབས་ཡོད་པས་བྱ་ཤ་ཉ་ཤ་སོགས་ཟ་མི་ཉན་པའི་ཛ་དྲག་ཉེན་བརྡ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༥ ཉིན་རྒྱ་གར་བང་ཆེན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཧི་མ་ཅལ་མངའ་སྡེའི་ཀང་རཱ་རྫོང་ཁོངས་ཀྱི་པོང་ཆུ་མཛོད་ (Pong Dam Lake) ཁུལ་དུ་བྱ་གྲངས་ ༡༨༠༠ ཡས་མས་ལ་བྱ་ནད་ཅིག་བྱུང་སྟེ་ཤི་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༤ ཉིན་ནས་ཀང་རཱ་རྫོང་ཁོངས་སུ་བྱ་རིགས་དང་འབྲེལ་ནས་སྒོ་ང་དང་གསོ་བྱ། ཉ་དང་བྱ་རིགས་ཡོངས་རྫོགས་ཉོ་ཚོང་མཚམས་འཇོག་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུགདེ་བཞིན་ཀང་རཱ་རྫོང་གི་རྫོང་དཔོན་ར་ཁེ་ཤི་ (Rakesh Prajapati) ལགས་ཀྱིས། ཛ་དྲག་གི་གནས་སྟངས་འོག་པོང་ཆུ་མཛོད་ (Pong Dam Lake) ནས་རྩིས་པའི་སྤྱི་ལེ་ ༩ ཡི་བར་དུ་ཉེན་ཁ་ཆེ་བའི་ས་ཁུལ་དུ་ངོས་འཛིན་བྱས་ཏེ་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་པ་དང་། ཡུལ་སྐོར་སྤྲོ་འཆམ་དང་འབྲེལ་བའི་ལས་དོན་ཁག་མཚམས་འཇོག་བྱས་ཡོད་པ། དེ་བཞིན་མངའ་སྡེའི་བདག་མེད་སྲོག་ཆགས་སྲུང་སྐྱོབ་དང་ཕྱུགས་གསོ་ཁང་སོགས་ཀྱི་ལས་མི་ཡོངས་ལ་བརྡ་ཁྱབ་སྤེལ་ཏེ། བྱ་རིགས་ཤི་བའི་གནད་དོན་མྱུར་དུ་འབྲེལ་ཡོད་ལས་བྱེད་ལ་ཞུ་གཏུག་བྱེད་དགོས་པ་དང་བྱ་ནད་དང་འབྲེལ་ནས་ཛ་དྲག་གི་བརྡ་ཁྱབ་བཏང་ཡོད་སྐོར་བརྗོད་འདུག

མངའ་སྡེའི་སྲོག་ཆགས་ནད་རིགས་རྟག་དཔྱད་ཁང་གི་ཉམས་ཞིབ་པ་རྒན་པ་ཝེ་ཀི་རམ་སིན་ (Dr Vikram Singh) གྱིས། འདས་པའི་ཉིན་གྲངས་ ༣ ནས་ ༤ བར་དུ་གནས་སྤོ་བྱེད་པའི་བྱ་གྲངས་ ༡༨༠༠ ཙམ་ཤི་ཡོད་པ་དང་། དེའི་ཁྲོད་ངང་བ་ (bar-headed goose) ནི་བརྒྱ་ཆའི་ ༩༠ ཟིན་ཡོད་སྐོར་དང་། རྒྱལ་ཡོངས་སྲོག་ཆགས་ནད་རིག་ལྟེ་གནས་ཁང་གིས་ངང་བ་ (bar-headed goose) བཞི་ལ་བརྟག་དཔྱད་བྱེད་སྐབས་ཚང་མར་བྱ་ནད་ (H5N1) རྟགས་ཅན་གྱི་ནད་རྟགས་ཐོན་ཡོད་ནའང་། ནད་རིགས་གཏན་འཁེལ་ཆེད་བྱ་ནད་ཀྱི་མ་དཔེ་མཱ་དྷི་ཡ་པྲ་དེཥ་ (Madhya Pradesh)  མངའ་སྡེའི་ (Bhopal) གྲོང་ཁྱེར་ལ་བརྟག་དཔྱད་བྱེད་དུ་བཏང་ཡོད་སྐོར་བརྗོད་འདུགཔོང་ཆུ་མཛོད་ (Pong Dam Lake) ཁུལ་གྱི་བདག་མེད་སྲོག་ཆགས་ཚན་པའི་ལས་བྱེད་ཤཱར་མ་ (Sharma) ཡིས། ངང་བ་ (bar-headed goose) ནི་ལོ་ལྟར་དགུན་དུས་སུ་དཀྱིལ་དབུས་ཨེ་ཤ་ཡ་དང་ཨུ་རུ་སུ། སོག་པོ་སོགས་ནས་ཧི་མ་ལ་ཡའི་རི་བརྒྱུད་བརྒལ་ཏེ་གནས་སྤོ་བྱེད་མཁན་གྱི་བྱ་རིགས་ཤིག་ཡིན་པ་དང་། འདས་པའི་ཟླ་ཤས་རིང་ངང་བ་དེའི་རིགས་གྲངས་ཁྲི་ ༥ ཙམ་ས་གནས་སུ་འབྱོར་ཡོད་སྐོར་དང་། བྱ་ནད་ཀྱི་ཁྲིམས་སྒྲིག་ལྟར་བྱ་ནད་བྱུང་བ་དེ་དག་འཕྲལ་དུ་ས་འོག་ཏུ་སྦས་དགོས་པ་དང་། ཉེ་ལམ་རྒྱ་གར་གྱི་མངའ་སྡེ་ཀེ་རི་ལ་ (Kerala) དང་མཱ་དྷི་ཡ་པྲ་དེཥ་ (Madhya Pradesh) ། ར་ཇ་སི་ཐན་ (Rajastan) བཅས་ཀྱི་ནང་དུའང་བྱ་ནད་དེ་བྱུང་ནས་གསོ་བྱ་མང་པོ་སྡེབ་གསོད་བྱ་དགོས་བྱུང་ཡོད་པ་མ་ཟད། བ་གླང་ལའང་འགོས་ཏེ་ཤི་རྐྱེན་བྱུང་བའི་གནས་ཚུལ་ལྷག་ཡོད་སྐོར་བརྗོད་འདུག

རྒྱལ་ཚོགས་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གནས་ཚུལ་ལྟར་ན། བྱ་ནད་ (H5N1) རྟགས་ཅན་དེ་ནི་འགོས་ཚབས་ཆེ་བའི་ནད་རིགས་ཤིག་ཡིན་པ་དང་། དེ་ལ་བརྟེན་ནས་དབུགས་གཏོང་ལེན་དཀའ་བ་སོགས་ཀྱི་ནད་རྟགས་ཡོད་པ་དང་། དེའི་ནད་འབུ་བྱ་རིགས་ནས་མི་ལ་འགོས་ཁྱབ་དུ་འགྲོ་བ་ཡོད་ནའང་། མི་ནས་མིའི་བར་འགོས་ཁྱབ་དུ་འགྲོ་བའི་གནས་སྟངས་ནི་ཅུང་དཀོན་པོ་ཞིག་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༢ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༢༠ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༢༠ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese