མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་ལེགས་སྨན་ཁང་གི་བོད་རིཊ་སྨན་པ་དང་འཕྲོད་ལས་བ་འགར་ཏོག་དབྱིབས་འགོག་ཁབ་བརྒྱབས།

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་རྒྱལ་ཡོངས་ནང་འདས་པའི་ཉིན་གྲངས་གཉིས་ནང་ཁྱོན་མི་གྲངས་ ༢,༢༤,༣༠༡ ལ་ཏོག་དབྱིབས་འགོག་ཁབ་བརྒྱབས་ཡོད་པ་དང་དེའི་ཁྲོད་མི་གྲངས་ ༤༤༧ ལ་ཟུར་སྐྱོན་ཕོག་ཡོད་ཀྱང་མི་ ༣ མ་གཏོགས་སྨན་ཁང་དུ་སྨན་བཅོས་བྱེད་དགོས་བྱུང་མི་འདུག

དེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁེ་ཉིན་ཕྱི་ཚེས་ ༡༦ དང་ ༡༧ ཉིན་གཉིས་རིང་རྒྱ་གར་གཞུང་གིས་རྒྱལ་ཡོངས་ནང་སྨན་པ་དང་། འཕྲོད་བསྟེན་མི་སྣ་རྣམས་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་དངོས་སུ་རྒྱག་པའི་མགོ་བརྩམས་ཏེ། ཉིན་གྲངས་གཉིས་ནང་ཁྱོན་མི་གྲངས་ ༢,༢༤,༣༠༡ ལ་སྨན་ཁབ་བརྒྱབས་ཚར་ཡོད་པ་དང་། དེའི་ཁྲོད་མི་གྲངས་ ༤༤༧ ལ་ཟུར་སྐྱོན་ཕོག་ཡོད་ཀྱང་། མི་གྲངས་ ༣ མ་གཏོགས་སྨན་ཁང་དུ་སྨན་བཅོས་བྱེད་དགོས་བྱུང་མི་འདུག

དེ་བཞིན་དེ་རིང་ཞོགས་པར་བཞུགས་སྒར་དྷ་སའི་བདེ་ལེགས་སྨན་ཁང་གི་བོད་རིགས་སྨན་པ་དང་འཕྲོད་བསྟེན་མི་སྣ་བཅུ་ལ་དངོས་སུ་སྔོན་འགོག་སྨན་ཁབ་བརྒྱབས་ཡོད་པ་དང་། དེ་བཞིན་རྒྱ་གར་ལྷོ་ཕྱོགས་བྷེང་ལོང་དུ་ཡོད་པའི་ལྷོ་སྤྱི་ཁྱབ་ཁོངས་ཀྱི་བོད་མི་སྨན་པ་དང་འཕྲོད་བསྟེན་མི་སྣ་ ༣༧༥ ལྷག་གིས་འགོག་ཁབ་བརྒྱབ་རྒྱུའི་ཐོ་འགོད་བྱས་པ་ལྟར། འབྱུང་འགྱུར་ཉིན་གྲངས་གཉིས་གསུམ་ནང་བརྒྱབ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག

ཁེ་ཉིན་ཕྱི་ཚེས་ ༡༦ ཉིན་སྲིད་བློན་མུ་དྷི་མཆོག་གིས་རྒྱལ་ཡོངས་ཀྱི་འགོག་ཁབ་ལས་གཞི་དབུ་འབྱེད་དང་འབྲེལ། རྒྱ་གར་རྒྱལ་ཡོངས་ནང་འགོག་ཁབ་བརྒྱབ་སའི་ས་ཚིགས་ ༣༠༠༦ གཏན་འབེབ་ཀྱིས། རྒྱ་གར་གྱི་རྫོང་ཁག་ ༧༠༠ ནང་ཁྱོན་སྔོན་འགོག་སྨན་ཁབ་ཆེད་ལས་བྱེད་འབུམ་ ༡ དང་ཕྱེད་ཀ་བསྐོ་བཞག་བྱས་ཡོད་པ་དང་། ས་ཚིགས་རེར་མི་གྲངས་ ༡༠༠ རེ་ལ་འགོག་ཁབ་བརྒྱབ་གཏན་ཁེལ་ཏེ། ཉིན་དང་པོར་རྒྱལ་ཡོངས་ཀྱི་མི་གྲངས་འབུམ་ ༡།༩༡ ལ་འགོག་ཁབ་བརྒྱབས་ཡོད་པ་དང་། འཕྲོད་བསྟེན་སྨན་བཅོས་ཚན་པར་བརྡབ་གསིག་མི་ཡོང་བའི་ཆེད་དུ་ཁ་སང་ཕྱི་ཚེས་ ༡༧ ཉིན་རྒྱ་གར་གྱི་མངའ་སྡེ་ ༦ ཁོ་ནའི་ནང་འགོག་ཁབ་ལས་གཞི་བརྩམས་ཏེ། ཁྱོན་མི་གྲངས་ ༡༧,༠༠༠ ལ་འགོག་ཁབ་བརྒྱབ་ཐུབ་ཡོད་འདུག རྒྱ་གར་གྱིས་ཉིན་གྲངས་གཉིས་ནང་ཁྱོན་མི་གྲངས་ ༣,༡༦,༣༧༥ ལ་འགོག་ཁབ་བརྒྱབ་རྒྱུའི་འཆར་གཞི་གཞིར་བཟུང་བརྒྱ་ཆ་ ༦༤ ལ་དངོས་སུ་བརྒྱབ་ཐུབ་ཡོད་འདུག

རྒྱ་གར་གྱི་འཕྲོད་བསྟེན་ལྷན་ཁང་གི་དྲུང་འཕར་མ་ནོ་ཧར་ཨག་ན་ནི་ (Manohar Agnani) ཡིས། རྒྱ་གར་གྱིས་ཉིན་གཅིག་ནང་སྨན་ཁབ་བརྒྱབས་པའི་གྲངས་ཚད་དེ་ཨ་རི་དང་། དབྱིན་ཡུལ། ཧྥ་རན་སི་བཅས་ལས་མང་བ་ཆགས་ཡོད་སྐོར་བསྒྲགས་ཡོད་ཅིང་། སྔོན་འགོག་སྨན་ཁབ་ལས་གཞི་དབུ་འབྱེད་ཐོག་སྲིད་བློན་མུ་དྷི་མཆོག་གིས། མང་ཚོགས་རྣམས་ཀྱིས་དཀྲོག་གཏམ་དང་གནས་ཚུལ་རྫུན་མར་གཞི་མ་འཛིན་པར། འགོག་ཁབ་ལས་གཞིའི་ནང་མཉམ་ཞུགས་དགོས་སྐོར་འབོད་སྐུལ་གནང་ཡོད་འདུག

སྤྱིར་རྒྱ་གར་གཞུང་གིས་ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་གཉིས་ལ་ཛ་དྲག་གནས་སྟངས་འོག་བཀོལ་སྤྱོད་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་ལྟར། ད་ལན་མི་གྲངས་འབུམ་ ༢ དང་ཕྱེད་ཀ་མ་ཟིན་ཙམ་ལ་བརྒྱབས་པའི་འགོག་ཁབ་ནི། ཨོག་སི་ཧྥོར་ཌི་གཙུག་ལག་སློབ་ཆེན་དང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ཨ་སི་ཏྲ་ཛེ་ནེ་ཁ་སྨན་སྦྱོར་བཟོ་སྐྲུན་ཁང་ (AstraZeneca) གཉིས་ཀྱིས་མཉམ་འབྲེལ་འོག་བཟོ་སྐྲུན་བྱས་པའི་ཀོ་ཝི་ཤིལ་ཌི་ (Covishield) འགོག་ཁབ་དང་། རྒྱ་གར་རང་གིས་བཟོ་སྐྲུན་བྱས་པའི་ཀོ་ཝེག་སིན་ (Covaxin) གཉིས་ཡིན་ཞིང་། དེ་ཡང་རྒྱ་གར་དབུས་གཞུང་གིས་རྒྱུན་ལྡན་གྱི་སྨན་བཅོས་ཚན་པར་དོ་ཕོག་མི་འགྲོ་བའི་ཆེད་དུ། མངའ་སྡེ་རྣམས་ལ་བདུན་ཕྲག་རེར་ཉིན་གྲངས་བཞི་རེར་འགོག་ཁབ་བརྒྱབ་དགོས་པའི་ལམ་སྟོན་བྱས་ཡོད་ཀྱང་། མངའ་སྡེ་འགའ་ཤས་ཀྱིས་རང་གི་གནས་སྟངས་གཞིར་བཟུང་ཉིན་གྲངས་གཅིག་དང་། ཡང་སྐོར་ཞིག་གིས་ཉིན་ ༦ བསྟུད་མར་འགོག་ཁབ་ལས་གཞི་སྤེལ་མུས་ཡིན་འདུག

རྒྱ་གར་གྱི་སྔོན་འགོག་སྨན་ཁབ་ཀྱི་ཐོག་མའི་ལས་གཞི་དེ་རིམ་པ་ཆེན་པོ་གཉིས་ལ་ཆ་བགོས་ཀྱིས། རིམ་པ་དང་པོའི་ནང་སྨན་པ་དང་། སྨན་ཞབས་པས་མཚོན་པའི་འཕྲེལ་བསྟེན་མི་སྣ་བྱེ་བ་ ༡ དང་། དེ་བཞིན་ཉེན་རྟོག་པ་དང་། གཙང་བཟོ་བ་བཅས་ཀྱིས་མཚོན་པའི་གལ་ཆེའི་ལས་དོན་ནང་ཡོད་པའི་མི་གྲངས་བྱེ་བ་ ༢ ལ་བརྒྱབ་རྒྱུ་ཡིན་འདུག་པ་དང་། དེའི་རྗེས་རིམ་པ་གཉིས་པའི་ནང་། ལོ་ན་ ༥༠ ཡན་གྱི་མི་རབས་རྒན་པ་དང་། ནད་གཞི་ལྕི་མོ་ཡོད་པའི་མི་བཅས་ཁྱོན་མི་གྲངས་བྱེ་བ་ ༢༧ ལྷག་ལ་འགོག་ཁབ་བརྒྱབ་རྒྱུ་ཡིན་འདུག

གཞན་ཡང་། རྒྱ་གར་རྒྱལ་ཡོངས་ནང་ཉིན་རེར་ཏོག་དབྱིབས་ནད་པ་གསར་པ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་ལྟར། འདས་པའི་ཆུ་ཚོད་ ༢༤ རིང་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་ནད་པ་གསར་པ་ ༡༣༧༨༨ ལས་ཐོན་མེད་པ་མ་ཟད། ནད་པའི་འདས་གྲངས་ཀྱང་མར་ཆག་བཞིན་ཡོད་པ་རེད་འདུག རྒྱ་གར་གཞུང་གི་གྲངས་ཐོ་ལྟར་ན། ད་ལྟའི་ཆར་རྒྱལ་ཡོངས་ནང་ཏོག་ནད་ཀྱིས་མནར་བཞིན་པའི་མི་གྲངས་ ༢,༠༨,༠༡༢ དང་། འདས་གྲོངས་སུ་ཕྱིན་པའི་མི་གྲངས་ ༡,༥༢,༤༡༩ བྱུང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༢༠ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 1

  1. བསྟན་རྒྱལ། says:
    ལོ་ 5 སྔོན།

    ད་ལྟ་བ། རྒྱག མ་འོངས་པ། བརྒྱག འདས་པ། བརྒྱབ། སྐུལ་ཚིག རྒྱོབ། ཟེར་བ་ལས་(བརྒྱབས)ཟེར་བའི་ཡི་གེ་ཞིག་ཡོད་རྒྱུ་མ་རེད་དྲན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese