མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་གོམ་བགྲོད་པ་རྣམ་གཉིས་འབྲས་ལྗོངས་སུ་འབྱོར།

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

དྷ་ས་ནས་བོད་ཧིན་ས་མཚམས་སྣ་ཐོད་ལ་བར་ཟླ་གསུམ་ཙམ་རིང་བོད་དོན་གོམ་བགྲོད་གནང་མཁན་བསྟན་འཛིན་དོན་གྲུབ་ལགས་དང་ཁོང་གི་རོགས་པ་བསྟན་འཛིན་ཉི་མ་གཉིས་འབྲས་ལྗོངས་སུ་འབྱོར་ཡོད་འདུག

དེ་རིང་ཕྱི་ཚེས་ ༡ ཉིན་ (Sikkim Chronicle) ནང་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པར་ཞི་བའི་གོམ་བགྲོད་པ་བསྟན་འཛིན་དོན་གྲུབ་ལགས་དང་བསྟན་འཛིན་ཉི་མ་ལགས་གཉིས་འབྲས་ལྗོངས་སུ་འབྱོར་ཡོད་པ་དང་། འབྲས་ལྗོངས་ཀྱི་བོད་མིའི་ཚོགས་པ་དྲུག་ (Six Tibetan Associations) གི་ཚོགས་མིས་ཁོང་རྣམ་གཉིས་ལ་སྣེ་ལེན་ཞུས་ཡོད་འདུག་ལ། ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། འབྲས་ལྗོངས་ནས་སྣ་ཐོད་ལར་(Nathula) འགྲོ་རྒྱུའི་ཆོག་མཆན་རག་སོང་ན་ཉིན་ལྔ་ལས་འགོར་གྱི་མེད་སྐོར་བརྗོད་བྱུང་།

དེ་རིང་སྔ་དྲོར་འདི་གའི་གསར་འགོད་པས་བསྟན་འཛིན་དོན་གྲུབ་ལགས་སུ་ཁ་པར་བཏང་ཡང་མཐུད་ཐུབ་མ་སོང་། འོན་ཀྱང་། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་འདི་གའི་གསར་འགོད་པར་ཁ་པར་བརྒྱུད་བསྟན་འཛིན་དོན་གྲུབ་ལགས་སུ་གོམ་བགྲོད་སྐོར་སྐད་ཆ་འདྲི་སྐབས་ཁོང་གིས། ད་བར་དྷ་རམ་ས་ལ་ནས་བོད་ཀྱི་ས་མཚམས་སྣ་ཐོད་ལ་བར་དུ་གོམ་བགྲོད་གནང་དོན་ནི། བོད་རང་བཙན་ལས་གལ་ཆེ་བ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པའི་དམིགས་ཡུལ་གཙོ་བོ་ཡིན། དེ་ཡང་རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་གཏོར་བཅོམ་བྱེད་བཞིན་པར་ངོ་རྒོལ་དང་། བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱ་རྒྱུ། དེ་བཞིན་རྒྱ་ནག་གི་ཚོང་ཟོག་བཀོལ་མཚམས་འཇོག་ཡོང་ཆེད་བཅས་ཡིན་སྐོར་དང་། བཞུགས་སྒར་དྷ་ས་ནས་གོམ་བགྲོད་གནང་སྟེ་ཟླ་བ་གསུམ་མ་ཟིན་ཙམ་གྱི་གོམ་བགྲོད་སྐབས། ལམ་བར་ནས་དཀའ་ཁག་འཕྲད་ནའང་རང་ཉིད་ལ་ཚོར་བ་སྐྱིད་པོ་དང་མི་མང་པོ་དང་འབྲེལ་བ་ཡག་པོ་ཆགས་ཅིང་། སོ་སོས་བསམ་པ་བཞིན་བྱེད་ཐུབ་པའི་ཉམས་མྱོང་བྱུང་ཞིང་། ཁོང་ལ་དཔལ་འབྱོར་དང་ལམ་སྟོན་རྒྱབ་སྐྱོར། གསར་འགོད་གསལ་བསྒྲགས་ཀྱི་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེན་པོ་ཡིན་པ་དང་རྒྱབ་སྐྱོར་བ་མེད་པར་ལས་འགུལ་འདི་འགྲུབ་སླ་བོ་མེད་སྐོར་བརྗོད་བྱུང་།

ཡང་ཁོང་གིས། ད་བར་ས་ཆ་ག་པར་ཡིན་ནའང་སོ་སོའི་ངོས་ནས་གསར་འགོད་དྲིལ་བསྒྲགས་དང་གཞན་ལ་རེ་བ་རྒྱག་དགོས་པ་སོགས་གང་ཐུབ་ཐུབ་བྱས་པ་དང་ས་ཐན་པུར་(Sultanpur) ནས་ཁྱི་གཅིག་མཉམ་ཁྲིད་བྱས་ཏེ་གསོ་སྐྱོང་བྱེད་མུས་ཡིན་ལ།   ཁྱི་དེའི་མིང་ལ་འགྲུལ་བ་(Traveller)ཞེས་བཏགས་ཡོད་སྐོར་བརྗོད་བྱུང་།

ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ཚེས་ ༢༩ ཉིན་ (Salugura) ནས་འབྲས་ལྗོངས་བར་དུ་གོམ་བགྲོད་པ་གཉིས་དང་། ཀ་ལིམ་སྤུང་(Kalimpong) དང་རྡོ་རྗེ་གླིང་ནས་བོད་པ་ཁ་ཤས་ཤིག་དང་དྷ་རམ་ས་ལ་ནས་ཁོང་གི་རོགས་པ་བསྟན་འཛིན་ཆོས་འཕེལ་ལགས་བཅས་མཉམ་ཞུགས་གནང་སྟེ་འབྲས་ལྗོངས་སུ་ཕྱིན་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese