མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དམག་བཞི་རྐྱེན་འདས་དང་རུ་དཔོན་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག

བོད་ཀྱི་དུས་བབ།
༢༠༢༡/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་གྷལ་ཝན་ལུང་གཤོངས་ཀྱི་དམར་འཛིང་ཁྲོད་རྒྱ་དམག་ ༤ རྐྱེན་འདས་དང་རུ་དཔོན་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པའི་གནས་ཚུལ་ཐོག་མར་བསྒྲགས་པ་དང་འབྲེལ་རྒྱ་གར་གྱིས་རྐང་བཙུགས་ཏེ་འཁྲུང་ཟིང་བསླངས་ཡོད་ཚུལ་བསྒྲགས་འདུག

རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་གྱི་བོད་ཧིན་ས་མཚམས་ནས་རྒྱ་དཀར་ནག་གི་དམག་མི་རྣམས་དངོས་སུ་ཕྱིར་འཐེན་བྱེད་བཞིན་པ་དང་བསྟུན། དེ་རིང་རྒྱ་ནག་གཞུང་ཕྱོགས་ནས་འདས་ལོར་བོད་ཧིན་ས་མཚམས་ཀྱི་གྷལ་ཝན་ལུང་གཤོངས་ཀྱི་གདོང་ཐུག་ཁྲོད་རྒྱ་ནག་གི་དམག་མི་ ༤ རྐྱེན་འདས་དང་། རུ་དཔོན་ཞིག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐེངས་དང་པོར་བསྒྲགས་ཡོད་པ་མ་ཟད། དམར་འཛིང་ཁྲོད་རྒྱ་དམག་གིས་དཔའ་རྟགས་ཆེན་པོ་བསྟན་ཏེ་རྒྱ་གར་གྱི་དམག་མིར་ཕམ་ཉེས་ཆེན་པོ་བཟོས་ཚུལ་དང་། རྨས་སྐྱོན་དང་རྐྱེན་འདས་ཕྱིན་པའི་རྒྱ་དམག་ལྔ་ལ་རྒྱལ་ཁབ་ཀྱི་ས་མཚམས་སྲུང་སྐྱོབ་བྱེད་མཁན་དཔའ་བོ་ཡིན་པའི་ཆེ་བསྟོད་སྤྲད་འདུག

དང་བྱས་འདུག་པ་མ་ཟད། འདས་ལོའི་གདོང་ཐུག་གི་ངན་ཁག་ཡོད་ཚད་རྒྱ་གར་ལ་གཡོགས་འདུག་ལ།

དེ་ཡང་མི་མང་བཅིངས་གྲོལ་དམག་ཟེར་བའི་གཞུང་འབྲེལ་དྲ་བའི་སྟེང་། ས་མཚམས་སྲུང་སྐྱོབ་རུ་ཁག་གི་རུ་དཔོན་ཆི་ཧྥ་པའོ་ (Qi Fabao) དང་། སྐམ་དམག་རུ་ཁག་གི་རུ་དཔོན་ཁྲིན་ཧོང་ཅིན་ (Chen Hongjun)། རང་ལོ་ ༡༨ ཡིན་པའི་འཐབ་དམག་ཁྲིན་ཤང་རོང་ (Chen Xiangrong)་དང་། ཤའོ་སི་ཡན་ (Xiao Siyuan)། ཝང་ཀྲུའུ་རན་ (Wang Zhuoran) སོགས་ཀྱིས་རྒྱལ་ཁབ་ཀྱི་ས་མཚམས་སྲུང་སྐྱོབ་ཀྱི་ཐད་དཔའ་རྟགས་བསྟན་ཡོད་སྐོར་དང་། དབུས་དམག་དོན་ལྷན་ཁང་ (The Central Military Commission) ནས་དམར་འཛིང་ཁྲོད་རྨས་སྐྱོན་ཚབས་ཆེན་ཕོག་པའི་རུ་དཔོན་ཆི་ཧྥ་པའོ་ལ་མཐའ་མཚམས་རྒྱལ་སྲུང་རུ་དཔོན་དཔའ་བོ་དང་། རྐྱེན་འདས་སུ་ཕྱིན་པ་བཞི་སྟེ་ཁྲིན་ཧོང་ཅིན་མཐའ་མཚམས་རྒྱལ་སྲུང་དཔའ་བོ། དེ་མིན་གྱི་འཐབ་དམག་གསུམ་ལ་རིམ་པ་དང་པོའི་ཆེ་བསྟོད་མཚན་གནས་སྤྲད་ཡོད་སྐོར་བསྒྲགས་འདུག

གཞན་ཡང་། གཞུང་འབྲེལ་གནས་ཚུལ་དེའི་ནང་། ཕྱི་ལོ་ ༢༠༢༠ ཟླ་ ༤ པ་ནས་ཕྱིའི་དམག་གིས་རྒྱལ་ཁབ་ཕྱོགས་གཉིས་ཀྱིས་བཞག་པའི་ཆོད་ཡིག་གི་དགོངས་དོན་དང་འགལ་ཏེ། གྷལ་ཝན་ལུང་གཤོངས་ཀྱི་ཉེ་འཁྲིས་སུ་རྒྱ་ལམ་དང་ཟམ་པ་སོགས་འཛུགས་སྐྲུན་ལས་གཞི་རྒྱ་ཆེར་སྤེལ་ཏེ་ས་མཚམས་ཀྱི་ཐག་ཉེར་སླེབས་ཐབས་ཀྱིས་རྐང་བཙུགས་ནས་འཁྲུག་ཟིང་བསླངས་པས་མི་ཚད། ས་མཚམས་ཀྱི་གནས་བབ་ལ་དོ་ཕོག་དང་རྒྱ་ནག་ཐོག་འཚེ་བའི་བྱ་སྤྱོད་སྤེལ་ཡོད། ཅེས་བཀོད་འདུག འོན་ཀྱང་རྒྱ་གར་གཞུང་གིས་རྒྱ་ནག་གིས་སྔར་དང་མི་འདྲ་བར་ས་མཚམས་ཁུལ་དུ་དམག་མི་ཕོན་ཆེན་འགྲེམ་འཇོག་དང་། འདས་ལོར་གྷན་ཝན་དང་། ཉེ་ཆར་འབྲས་ལྗོངས་ཁུལ་དུ་རྒྱ་དམག་གིས་རྒྱ་གར་གྱི་མངའ་ཁོངས་སུ་བཙན་འཛུལ་ལན་མང་བྱས་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

དམར་འཛིང་དེ་བྱུང་མ་ཐག་རྒྱ་གར་ཕྱོགས་ནས་རྒྱ་གར་གྱི་དམག་མི་ ༢༠ རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་བསྒྲགས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཟླ་བ་ ༨ མ་ཟིན་ཙམ་རིང་དངོས་ཡོད་གནས་ཚུལ་བསྒྲགས་མེད་པ་མ་ཟད། གཞན་གྱིས་སྤེལ་བའི་དེ་འབྲེལ་གྱི་གནས་ཚུལ་རྣམས་བདེན་པ་མིན་སྐོར་བསྒྲགས་ཡོད་པ་རེད།  འདི་ག་བོད་ཀྱི་དུས་བབ་ལ་བོད་ནང་ནས་ཁུངས་ལྡན་གྱི་ཡིག་ཆ་ཞིག་ལག་སོན་བྱུང་བའི་ནང་དུ། གྷལ་ཝན་ལུང་གཤོངས་ཀྱི་གདོང་ཐུག་ཁྲོད་རྒྱ་ནག་གི་དམག་མི་ཁྱོན་ ༥༦ ལ་རིམ་པ་མི་འདྲ་བའི་རྨས་སྐྱོན་ཕོག་ཡོད་པ་དང་། འདས་གྲོངས་ཕྱིན་པའི་དམག་མི་བཞི་ཡི་ནང་ནས་གཅིག་དམག་དོན་ས་ཁྲ་འབྲི་མཁན་ཞིག་ཡིན་པའི་གནས་ཚུལ་བྲིས་འདུག

འདས་ལོའི་ཕྱི་ཟླ་ ༤ པ་ཙམ་ནས་ལ་དྭགས་གཙོས་པའི་བྱང་ཕྱོགས་ཀྱི་བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མི་ཕོན་ཆེན་འགྲེམ་འཇོག་བྱེད་མགོ་བརྩམས་ཏེ། ད་བར་ཕྱོགས་གཉིས་ཀྱི་དམག་མིའི་བར་གདོང་ཐུང་ཆེ་ཆུང་མི་ཉུང་བ་ཞིག་བྱུང་ཡོད་ནའང་། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཕྱོགས་གཉིས་ཀས་གྲོས་མོལ་བརྒྱུད་རྩོད་རྙོག་ཆེ་བའི་ས་ཁུལ་ཁག་ནས་དམག་མི་དང་གོ་མཚོན་རྣམས་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་བྱས་པ་བཞིན། བདུན་ཕྲག་སྔོན་མ་ནས་དམག་མི་དང་མེ་སྒྱོགས་རྣམས་དངོས་སུ་ཕྱིར་འཐེན་བྱས་ཡོད་པའི་སྲུང་སྐར་བརྒྱུད་བླངས་པའི་པར་རིས་དང་གནས་ཚུལ་རིགས་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུའང་བསླེབས་སོང་ལ། དམག་མི་ཡོངས་སུ་ཕྱིར་འཐེན་བྱས་རྗེས་ཕྱོགས་གཉིས་ཀས་ས་མཚམས་ཀྱི་རྩོད་རྙོག་ཞི་འགྲིག་ཡོང་ཐབས་ཐད་གྲོས་མོལ་བྱ་འཆར་ཡོད་སྐོར་བསྒྲགས་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

ཆུ་ཚོད་ ༡༡ སྔོན་ལ།
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese