མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་བུ་རིག་རྒྱས་ཉི་མ་ལགས་ཀློད་གྲོལ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་༢༠༢༡ལོའི་ཟླ་༢ཚེས་༢༥་ཉིན། བྲག་མགོ་རྫོང་གཙང་སྟོད་ཡུལ་ཚོ་ནས་ཡིན་པའི་གངས་བུ་རིག་རྒྱས་ཉི་མ་ལགས་ཀྱི་བཙོན་འཇུག་དུས་ཡུན་ལོ་དགུ་ཚང་ནས་ཀློད་གྲོལ་བཏང་ཡོད་ཀྱང་ནད་པ་ཆགས་འདུག

ད་ལྟ་ཁོང་བཙོན་གྲོལ་ཐོབ་སྟེ་རང་ཁྱིམ་དུ་འབྱོར་ཡོད་ཀྱང་། ཆབ་སྲིད་བཙོན་པ་གཞན་དག་དང་འདྲ་བར་རྒྱ་གཞུང་ནས་ལྟ་རྟོག་ནན་པོ་བྱས་ཏེ། གཉེན་ཉེ་དང་གྲོགས་པོ་སོགས་ལ་ཁོང་བསུ་རུ་མ་བཅུག་པར་མ་ཟད། མི་མང་འདུ་འཛོམས་དང་། བསང་གཏོང་བ། གུར་ཕུབ་པ། བརྙན་དང་པར་བླངས་ནས་དྲྭ་ལམ་སོགས་སུ་སྤེལ་བའི་གནས་ཚུལ་བྱུང་ཚེ་ཁྲིམས་འགལ་ཡིན་ཚུལ་གྱི་བཀའ་བཏང་འདུག

རང་ལོ་ 30་ཡིན་པའི་གངས་བུ་རིག་རྒྱས་ཉི་མ་ལགས་ནི་དཀར་མཛེས་ཁུལ་བྲག་མགོ་རྫོང་། གཙང་སྟོད་ཡུལ་ཚོ་གཙང་སྟོད་སྡེ་བ་ནས་ཡིན་ཞིང་། ཁོང་གི་ཕ་མིང་ལ་དབྱེར་མེད་དང་མ་མིང་ལ་སྐལ་བཟང་མཚོ་ཟེར། ཁོང་ནི་དབྱེར་མེད་ཚང་གི་བུ་གཅིག་པོ་དེ་ཡིན་ལ། བཙོན་དུ་མ་སོང་བའི་སྔོན་ལ་རྫོང་གི་ཆུ་གློག་དང་འབྲེལ་བའི་ལས་ཁུངས་ཤིག་གི་ནང་དུ་ལས་ཀ་བྱས་ཡོད་འདུག

ཕྱི་ལོ ༢༠༡༢ ལོར་བོད་ཀྱི་ལོ་སར་སྐབས་བྲག་མགོ་དང་གསེར་རྟའི་ཕྱོགས་ནས་མི་མང་གིས་རྒྱ་ནག་གི་བཙན་གནོན་ལ་ཞི་བའི་ངོ་རྒོལ་གྱི་སྐད་འབོད་གནང་སྐབས། གངས་བུ་རིག་རྒྱས་ཉི་མ་ཁོང་དང་བྲག་མགོ་དགོན་པའི་དགེ་འདུན་པ་བཀྲ་ཤིས་དར་རྒྱས། རྣམ་རྒྱལ། ཅེས་བེ་སོགས་ཡུལ་མི་བཅུ་ལྷག་ལ་སྤྱི་ཚོགས་ལ་གཏོར་བརླག་དང་། མི་རིགས་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་བཏང་མཐར། ཁོང་ཚོར་མི་ལོ་བཅུ་གཉིས་ནས་བཅུ་བཞིའི་བར་གྱི་ཁྲིམས་འཇུག་བཙོན་ཐག་བཅད།

ཁོང་བཙོན་ཁང་དུ་ཡོད་སྐབས། ཁོང་གིས་ཉམ་ཆུང་བའི་བཙོན་མའི་ལས་དབང་ལ་སྲུང་སྐྱོབ་དང་། ཚད་ལས་འདས་པའི་མནར་གཅོད་སོགས་ལ་ངོ་རྒོལ་དང་གདོང་གཏུག་ཡང་ཡང་བརྒྱབ་པས་ཐེངས་དུ་མར་བཙོན་ནག་ཏུ་ཡུན་རིང་བཅུག་པར་བརྟེན། ད་ལྟ་ཁོང་གི་མིག་གིས་གསལ་བོ་མི་མཐོང་བ་དང་། གློ་བ་ནད་པར་གྱུར་བ། མགོ་ནད་བྱུང་བ། སྒལ་ཚིགས་ནད་པར་གྱུར་བ་སོགས་མདོར་ན་ཁོང་གི་ལུས་སེམས་གཉིས་ལ་རྒྱུན་ལྡན་མིན་པའི་ནད་གཞི་མང་པོ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཁོང་རང་ཁྱིམ་དུ་འབྱོར་ཏེ་ཁྱིམ་མི་དང་སྤུན་མཆེད་ཚོར་སེམས་གཏམ་བཤད་སྐབས། འདིར་ཕེབས་པའི་ཤ་ཉེ་རིང་རྣམས་དང་། རིགས་དང་ཚོར་བ། འདུ་ཤེས་དང་ལས་དབང་གཅིག་པའི་སྤུན་གྲོགས་རྣམ་པ། ཁྱེད་ཅག་ཡུན་རིང་བོར་སེམས་ཁུར་དང་འོ་བརྒྱལ་ལ་གཏད་སོང་། ང་རིག་རྒྱས་ཉི་མ་དེ་རིང་བཙོན་གྲོལ་བྱུང་བ་དང་སླར་ཕ་ཡུལ་གངས་ལྗོངས་ཀྱི་པང་ཁུག་འདི་ནས་ཁྱེད་ཅག་དང་མཇལ་ཐུབ་པའི་བསྐལ་བ་བྱུང་བར་སེམས་གཏིང་ནས་དགའ་འུ་ཡོད་བཀའ་དྲིན་ཆེ་ཞེས་དང་། ང་དེ་རིང་སྔོན་མའི་ན་གཞོན་དེ་ཡང་མིན་ལ་ངའི་དྲན་པ་ཡང་དེ་འདྲའི་གསལ་བོ་ཞིག་མ་རེད་དེ། ངས་ཁྱེད་ཚོར་ཞུ་ཆོག་ཆོག་ཅིག་ལ་ང་རང་སྔར་བཞིན་འགན་ཁུར་ཡོད་པའི་བོད་མི་ཞིག་ཡིན་པ་གཏན་ནས་བརྗེད་མེད། ད་རུང་མ་ཤི་དམྱར་བར་ལན་མང་འཁྱམས་དགོས་ཀྱང་། གཏན་ནས་བརྗེད་ཀྱང་མི་སྲིད་ལ། ཁྱེད་ཚོས་ཀྱང་རང་ཉིད་བོད་མི་ཞིག་ཡིན་པ་དུས་ནམ་ཡང་སེམས་ནས་བོར་མི་ཉན། རང་རང་གི་དཔའ་སྤོབས་མ་ཞུམ། ནང་ཁུལ་ལ་མཐུན་སྒྲིལ་བྱོས། ལྷག་ཏུ་རང་གི་སྐད་ཡིག་དང་ཆོས་ལུགས་ལ་སློབ་སྦྱོང་བྱོས། ང་ཚོ་ཚང་མ་རྨོངས་གཉིད་ལས་སད་དགོས། མནར་གཅོད་ལས་གྲོལ་དགོས། སྐད་ཆ་འདི་དག་ནི་ང་དེ་རིང་གསོན་པོ་ཡིན་པའི་རྟགས་དང་། ཡུན་རིང་ཡིད་ལ་བཅངས་པའི་སེམས་གཏམ་དམར་དམར་ཡིན་པས་ཚང་མས་ཐུགས་ལ་འཛིན་པར་ཞུ། ཞེས་བརྗོད་ཡོད་འདུག

ཁོང་གི་བཙོན་གྲོགས་བཀྲ་ཤིས་དར་རྒྱས་དང་། རྣམ་རྒྱལ་གཉིས་ད་དུང་བཙོན་ཁང་དུ་ལུས་ཡོད་ལ། བཙོན་གྲོགས་གཞན་འགའ་རེ་བཙོན་གྲོལ་ཐོབ་ཡོད་ཀྱང་ལུས་སེམས་གཉིས་ལ་གནོད་སྐྱོན་ཐེབས་ཡོད་འདུག

ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ནས་གནས་ཚུལ་མཁོ་སྤྲོད་གནང་།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 1

  1. བསོད་ནམས་སྨྨྱྱོན་པ་ says:
    ལོ་ 5 སྔོན།

    བོད་ཀྱྱི་དཔའ་བོ་ཁྱྱེད་འདྲྲ་བ་བོད་མི་འབུམ་གཅིག་ཙམ་བྱྱུང་ན་བསྟྟན་དགྲྲ་རྒྒྱྱ་དམར་ལ་དཀའ་ངལ་དང་བོད་མའི་གཅེས་ནོར་སྲྲུང་ཐུབ་།་་ཁྱྱེད་ཀྱྱི་དགོངས་པ་རྡྫྫོགས་པ་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese