མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་ཁྱིམ་ཚང་ ༡༦ ཙམ་ལ་ཏོག་དབྱིབས་གཉན་རིམས་འགོས།

བོད་ཀྱི་དུས་བབ།
༢༠༢༡/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་བདུན་ཕྲག་གཉིས་མ་ཟིན་ཙམ་གྱི་ནང་སྦེལ་ཇམ་གྱི་བོད་རིགས་ཁྱིམ་ཚང་ ༡༦ ཙམ་ལ་ཏོག་དབྱིབས་གཉན་རིམས་འགོས་པའི་གནས་ཚུལ་བྱུང་ཡོད་ཀྱང་བོད་མི་གཅིག་ལ་ཅུང་ཛ་དྲག་གི་དཀའ་ངལ་བྱུང་ཡོད་པ་ལས་གཞན་རྣམས་ལ་ཛ་དྲག་གི་གནས་སྟངས་བྱུང་མེད་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་སྦེལ་ཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཕུར་བུ་དོན་གྲུབ་ལགས་ལ་ས་གནས་ཀྱི་གནས་སྟངས་སྐོར་དྲིས་པར་ཁོང་གིས། སྤྱི་ཡོངས་ཀྱི་ཆ་ནས་ནད་པ་མང་པོ་མིན་ཡང་བོད་མིའི་སྤྱི་ཚོགས་ཀྱི་མི་འབོར་དང་དུས་ཡུན་ལ་ཆ་བཞག་ན་ནད་པའི་གྲངས་མང་པོ་ཡིན་སྐོར་དང་། འདས་ལོའི་ཕྱི་ཟླ་ ༤ ཙམ་ནས་ས་གནས་བོད་རིགས་ཚོགས་པས་ཡུལ་མིའི་ཁྲིམས་དང་སྐུ་ཚབ་དོན་གཅོད་ཀྱི་བཀའ་མངགས་བཞིན་བོད་རིགས་ཚོ་འཛོམས་འཛོམས་མི་བྱེད་པའི་སྐུལ་མ་ཞུས་དང་ཞུ་མུས་ཡིན་ནའང་། ཉེ་སྔོན་ལོ་སར་སྐབས་འཛོམས་འཛོམས་བྱས་པ་དང་། མཉམ་འཛོམས་ཀྱིས་ཞབས་བརྟན་བསྒྲུབས་པ། དཔེ་ཀློག་བྱས་པ་སོགས་ཀྱི་ཐོག་ནས་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་བའི་གནས་ཚུལ་ཁ་ཤས་བྱུང་ཡོད་པ་གོ་རྒྱུ་འདུག་ཅེས་བརྗོད་བྱུང་།

བོད་མི་ཅི་ཙམ་ལ་ཏོག་དབྱིབས་གཉན་རིམས་འགོས་པ་གཏན་འཁེལ་བྱུང་ཡོད་པ་དང་དེའི་ཁྲོད་དུ་ཛ་དྲག་གི་ནད་པ་བྱུང་ཡོད་མེད་དྲིས་པར་ཁོང་གིས། ཡུལ་ཁྲིམས་ཀྱི་དབང་གིས་བོད་རིགས་ཚོགས་པས་མི་སུ་དང་སུ་ལ་འགོས་ཡོད་མེད་ཤེས་རྟོགས་དཀའ་བ་མ་ཟད། མི་གྲངས་ག་ཙམ་ལ་འགོས་ཡོད་མེད་ཤེས་རྟོགས་དཀའ་ནའང་། བོད་རིགས་ཁྱིམ་ཚང་ ༡༦ ལ་ཏོག་དབྱིབས་གཉན་རིམས་འགོས་ཡོད་པ་གཏན་འཁེལ་བྱུང་ཡོད་པ་དང་། དེའི་ཁྲོད་དུ་བོད་མི་གཅིག་ལ་ཅུང་ཛ་དྲག་གི་གནས་སྟངས་བྱུང་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་ནའང་། ཡུལ་ཁྲིམས་ཀྱི་དབང་གིས་ཕར་ནད་པ་སུ་ཡིན་རྩད་གཅོད་མི་ཆོག་སྟབས། སུ་ཡིན་མིན་ཤེས་རྟོགས་མ་བྱུང་བ་དང་། ཛ་དྲག་གི་དཀའ་ངལ་རིགས་བྱུང་སྟེ་དོ་བདག་གིས་སྦེལ་ཇམ་བོད་རིགས་ཚོགས་པར་འབྲེལ་བ་བྱས་ཚེ། བོད་རིགས་ཚོགས་པས་རོགས་རམ་བྱས་དང་བྱེད་མུས་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

སྦེལ་ཇམ་ནང་ཁྱོན་བོད་མི་གྲངས་བཞི་སྟོང་ནས་ལྔ་སྟོང་བར་གནས་སྡོད་བྱེད་ཀྱི་ཡོད་པ་དང་། ས་གནས་ཀྱི་བོད་རིགས་ཁྱིམ་ཚང་ནང་དུ་ནད་ཡམས་འགོས་ཁྱབ་ཆེན་པོ་ཡོད་པ་ཉིན་གསུམ་ཙམ་གྱི་གོང་ནས་ཤེས་རྟོགས་བྱུང་ཡོད་འདུག་ལ། ས་གནས་ཀྱི་བོད་མི་མང་པོར་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བྱུང་ཡོད་པ་དང་བསྟུན། བོད་རིགས་བུ་མོ་ཆོས་དབྱིངས་དང་མཚོ་མོ་ཞུ་བ་གཉིས་ཀྱིས་ས་གནས་ཀྱི་སྨན་པ་ཁག་ཅིག་ལ་རོགས་འདེགས་བྱས་ཏེ་བོད་རིགས་ཁྱིམ་ཚང་ཁག་ལ་ཏོག་དབྱིབས་གཉན་རིམས་དང་འབྲེལ་ལམ་སྟོན་གནང་གི་ཡོད་འདུག་པ་དང་། སྦེལ་ཇམ་ཏོག་དབྱིབས་གཉན་རིམས་ཚན་པའི་ངོས་ནས་སྦེལ་ཇམ་བོད་རིགས་ཚོགས་པས་ས་གནས་བོད་རིགས་རྣམས་ལ་ནད་ཡམས་སྔོན་འགོག་དང་སྟངས་འཛིན་བྱེད་དགོས་པའི་ལམ་སྟོན་གནང་ཡོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་སྦེལ་ཇམ་གཞུང་གིས་ཡུལ་དེའི་ནང་ཏོག་དབྱིབས་གཉན་རིམས་བསྐྱར་དུ་འགོས་ཁྱབ་ཤུགས་ཆེ་རུ་འགྲོ་ཡི་ཡོད་པའི་ཉེན་བརྡ་བཏང་ཡོད་ཅིང་། སྦེལ་ཇམ་གྱི་བྷུ་རུ་སལ་དུས་བབ་ (The Brussels Times) གསར་ཁང་གི་གནས་ཚུལ་ལྟར་ན།  ད་བར་སྦེལ་ཇམ་རྒྱལ་ཡོངས་ནང་ཏོག་དབྱིབས་གཉན་རིམས་ཕོག་པའི་མི་གྲངས་ ༧,༧༤,༣༤༤ ལྷག་བྱུང་ཡོད་ཅིང་། དེའི་ཁྲོད་ནས་མི་གྲངས་ ༢༢,༡༤༡ འདས་གྲོངས་ཕྱིན་ཡོད་འདུག གཞན་ཡང་སྦེལ་ཇམ་གཞུང་གིས་ཏོག་དབྱིབས་སྔོན་འགོག་སྨན་ཁབ་བགོ་འགྲེམ་གྱི་ལས་གཞི་མགོ་བརྩམས་ཏེ། ད་བར་ཁྱོན་མི་གྲངས་ ༣,༡༤,༣༡༩ ལ་འགོག་ཁབ་ཡོངས་སུ་བརྒྱབ་ཟིན་པ་དང་། དེའི་ཐོག་ད་དུང་མི་གྲངས་ ༥,༠༩,༩༤༨ ལ་འགོག་ཁབ་ཐེངས་དང་པོ་དེ་བརྒྱབ་ཚར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༩ སྔོན་ལ།
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

ཆུ་ཚོད་ ༡༦ སྔོན་ལ།
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese