མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡེ་ཤུའི་ཆོས་དཔོན་ཕོབ་མཆོག་ཨེ་རག་ཏུ་ཕེབས།

བོད་ཀྱི་དུས་བབ།
༢༠༢༡/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཡེ་ཤུའི་ཆོས་དཔོན་ཕོབ་མཆོག་ནས་ཉིན་གྲངས་ ༣ རིང་ཨེ་རག་ནང་གཟིགས་སྐོར་གནང་སྟེ་སྤུན་ཟླའི་མཛའ་བརྩེ་འཚོལ་བ་དང་ཆོས་ལུགས་འདྲ་མིན་བར་ཁྱིམ་ཚང་གཅིག་ལྟར་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་སློང་གནང་རྒྱུ་ཡིན་སྐོར་གསུངས་འདུག

དེ་རིང་ཉིན་རྒྱབ་ཏུ་ཡེ་ཤུའི་ཆོས་དཔོན་ཕོབ་(Pope Francis)མཆོག་ཨེ་རག་གི་རྒྱལ་ས་བྷག་ཌཱད་ (Baghdad)ཡི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཡོད་པ་དང་། སྐབས་དེར་ཨེ་རག་གི་སྲིད་བློན་ (Mustafa Al-Kadhimi)ལགས་སོགས་ཕེབས་བསུར་བཅར་ཡོད་པ་དང་། ཕོབ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གྱི་ཐུགས་འགན་བཞེས་རྗེས་ཨེ་རག་ནང་ཕེབས་པ་ཐེངས་དང་པོ་དེ་ཆགས་ཡོད་འདུག ཕྱི་ལོ་ ༢༠༠༠ ལོར་སྐབས་དེའི་ཡེ་ཤུའི་ཆོས་དཔོན་ཕོབ་ཇོན་ཕོལ་(Pope John Paul II) ཨེ་རག་ནང་གཟིགས་སྐོར་དུ་ཕེབས་རྩིས་གནང་ཡོད་ཀྱང་། སྐབས་དེའི་སྲིད་འཛིན་སཱ་ཌམ་ཧོ་སིན་(Saddam Hussein)ལགས་ནས་དྭང་ལེན་གནང་མེད་པ་རེད།

ཨེ་རག་ནི་ཕོབ་ཧྥན་སེ་སི་མཆོག་གཟིགས་སྐོར་དུ་ཕེབས་སའི་རྒྱལ་ཁབ་ ༥༢ པ་དེ་ཡིན་ཞིང་། རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་ཡུལ་ལུང་གང་སར་བཀག་སྡོམ་དང་འཕྲོད་བསྟེན་བདེ་འཇགས་ཐད་ཉེན་ཁ་ཆེ་བའི་དུས་སྐབས་འདིར། ཆོས་དཔོན་མཆོག་ཡུལ་དེའི་ནང་གཟིགས་སྐོར་དུ་ཐོག་མར་ཕེབས་པ་དེ་ལོ་རྒྱུས་རང་བཞིན་གྱི་གནས་ཚུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག་ལ། ཆོས་དཔོན་མཆོག་གིས་ང་རང་ཞི་བའི་ཐོག་ནས་གནས་བསྐོར་ལ་འགྲོ་དགོས་དོན་ནི། སྤུན་ཟླའི་མཛའ་བརྩེ་འཚོལ་རྒྱུ་དང་། ཆོས་ལུགས་གཞན་གྱི་གཅེན་གཅུང་ཚོ་དང་ལྷན་དུ་སྨོན་ལམ་འདེབས་པ་དང་གོམ་པ་ལྷན་དུ་བརྒྱབ་སྟེ། ཁ་ཆེ་དང་འཇིའུ། ཡེ་ཤུ་རྣམས་ནང་མི་ལྟར་འཆམ་མཐུན་ངང་གནས་བར་སྐུལ་སློང་གནང་ཆེད་གཟིགས་སྐོར་དུ་ཕེབས་པ་ཡིན་སྐོར་གསུངས་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། དེ་རིང་ཆོས་དཔོན་མཆོག་ནས་རྒྱལ་སྤྱིའི་གནམ་ཐང་ནས་ཐད་ཀར་སྲིད་འཛིན་ཕོ་བྲང་དུ་ཕེབས་ཏེ་སྲིད་འཛིན་བྷར་ཧམ་སཱ་ལི་(Barham Salih)ལགས་ལ་མཇལ་མོལ་དང་། གནད་ཡོད་མི་སྣའི་འདུ་ཚོགས་ཤིག་གི་ཐོག་ཕེབས་ཏེ་གསུང་བཤད་གནང་གི་ཡོད་འདུག་ལ། ཕྱི་ཚེས་ ༦ ཉིན་ཁ་ཆེའི་ཤེ་ཡ་ལུགས་ཀྱི་གནས་སྐོར་ལྟེ་གནས་ཆེ་གྲས་གྲོང་ཁྱེར་ནཱ་ཇིབ་(Najaf)དུ་བཞུགས་ཡོད་པའི་ཤེ་ཡ་ལུགས་ཀྱི་ཆོས་དཔོན་ཆེན་མོ་ (Grand Ayatollah Ali al-Sistani) མཆོག་ལ་མཇལ་འཕྲད་གནང་རྒྱུ་དང་། དེ་བཞིན་འཇིའུ་དང་ཡེ་ཤུ། ཁ་ཆེའི་ཆོས་ལུགས་ཀྱི་བླ་ཆེན་ཨབ་རཱ་ཧམ(Abraham)འཁྲུང་ཡུལ་ཨེ་རག་ལྷོ་ཕྱོགས་ཀྱི་ཨོར་(Ur)འཚོག་རྒྱུ་ཡིན་པའི་ཆོས་ལུགས་འདྲ་མིན་བར་གྱི་ཚོགས་འདུ་(interreligious meeting) ལ་ཕེབས་ཏེ་གསུང་བཤད་གནང་འཆར་ཡོད་འདུག ཉིན་མཐའ་མ་དེར་གྲོང་ཁྱེར་མོ་སོལ་(Mosul)ནང་ཁ་ཆེ་དང་ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་པའི་འཁྲུག་རྩོད་ཁྲོད་ཚེ་སྲོག་ཤོར་བའི་འདས་པོ་ཚོར་རྗེས་དྲན་གནང་རྒྱུ་ཡིན་འདུག

ཨེ་རག་ནང་ཆོས་ལུགས་ཀྱི་འཁྲུག་རྩོད་རྒྱུན་མ་ཆད་པར་བྱུང་དང་འབྱུང་བཞིན་ཡོད་ལ། ཕྱི་ལོ་ ༢༠༡༠ ལོར་རེས་གཟའ་ཉི་མའི་རོ་མན་ཁེ་ཐོ་ལིག་གི་ཆོས་ལུགས་འདུ་འཛོམས་ཐོག་ཁ་ཆེའི་དྲག་སྤྱོད་པས་གཏོར་རྒོལ་ཐེབས་ཏེ་མི་གྲངས་ ༥༠ ལྷག་གིས་ཚེ་སྲོག་ཤོར་ཡོད་པ་དང་།  ཕྱི་ལོ་ ༢༠༡༩ ཟླ་ ༡༠ པར་ས་གནས་ཀྱི་ཡེ་ཤུའི་ལྷ་ཁང་ཞིག་ཏུའང་མི་གྲངས་ ༤༨ རྐྱེན་འདས་སུ་བཏང་། དེ་བཞིན་ཡེ་ཤུའི་ཆོས་དཔོན་གཉིས་དམར་གསོད་བཏང་བ་དང་ཆོས་བྱེད་པ་ ༡༠༠ ལྷག་འཛིན་བཟུང་བྱས་པ་སོགས་ཆོས་བྱེད་པར་དྲག་པོའི་གཏོར་རྒོལ་དོན་རྐྱེན་བསྟུད་མར་བྱུང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༨ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese