མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་དྲག་ཤུགས་བཀོལ་བཞིན་པར་ཉེན་བརྡ་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨེན་ཊོ་ནི་བྷི་ལིན་ཀན་ལགས་ནས་ཉེ་ལམ་རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་གླིང་ཁུལ་དུ་ཐའེ་ཝན་ལ་དམིགས་ཏེ་དྲག་ཤུགས་ཅན་གྱི་བྱ་འགུལ་སྤེལ་བཞིན་པ་ནི་བློ་འཚབ་རང་བཞིན་ཅན་ཞིག་ཡིན་པ་མ་ཟད་དྲག་ཤུགས་ཀྱིས་ཞི་བདེ་རྒྱ་མཚོའི་ནུབ་ཁུལ་གྱི་གནས་བབ་བསྒྱུར་ཐབས་བྱེད་པ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པའི་ཉེན་བརྡ་བཏང་འདུག

འདས་པའི་ཟླ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་འགག་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་དྲག་དམག་འགྲེམས་འཇོག་ཤུགས་ཆེ་རུ་བཏང་སྟེ་དམག་སྦྱོང་བྱེད་བཞིན་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཐའེ་ཝན་གྱི་མཚོ་གླིང་ (Pratas Islands) ཐོག་ཏུ་རྒྱ་ནག་གི་དྲག་ཆས་གནམ་གྲུ་ ༡༥ སིམ་འཛུལ་བྱས་ཡོད་སྟབས། ཐའེ་ཝན་གཞུང་གིས་རྒྱ་ནག་གི་གནམ་གྲུ་བསྐྱར་དུ་སླེབས་ཚེ་གས་གཏོར་གཏང་རྒྱུ་ཡིན་སྐོར་གྱི་ཉེན་བརྡ་བཏང་ཡོད་པ་དང་། གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ཚེ། དམག་འཁྲུག་རྒྱག་དགོས་བྱུང་ནའང་ཐའེ་ཝན་གྱིས་ཐེ་ཚོམས་ཅི་ཡང་མེད་པའི་ཐོག་ནས་ཐའེ་ཝན་མཚོ་གླིང་རང་ནུས་གང་ཡོད་ཀྱིས་སྲུང་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་ལྟར། ཨ་རིའི་གཞུང་ནས་ཀྱང་སྲིད་ཇུས་གསར་པ་བཟུང་སྟེ་ཐའེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཁ་སང་ཕྱི་ཚེས་ ༡༡ ཉིན་གྱི་ཨ་རི་གཞུང་གིས་གསར་འགོད་གསལ་བསྒྲགས་ཐོག རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་འགག་ཏུ་དམག་སྦྱོང་བྱེད་བཞིན་པ་དང་ཐའེ་ཝན་གྱི་ནང་དུ་མཁའ་དམག་གཏོང་བཞིན་པ་དང་འབྲེལ། ཨ་རི་གཞུང་གིས་རྒྱ་ནག་ལ་དམག་དོན་གྱིས་རྒོལ་ལན་སློག་རྒྱུ་ཡིན་མིན་དྲིས་པར། ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨེན་ཊོ་ནི་བྷི་ལིན་ཀན་ (Antony Blinken) ལགས་ཀྱིས། ད་ལྟ་ངས་བཤད་ཐུབ་པ་ཞིག་ནི་ང་ཚོར་ཐའེ་ཝན་དེ་བཞིན་རྒྱལ་སྲུང་རང་སྐྱ་འཕེལ་བ་ཞིག་ཡོང་ཐུབ་པར་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད། ཞི་བདེ་རྒྱ་མཚོའི་ནུབ་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ཀྱི་ཐད་ལའང་ཆོད་སེམས་བརྟན་པོ་ཡོད། ཨ་རིའི་ཐའེ་ཝན་ཕྱི་འབྲེལ་ཁྲིམས་གཞི་ (Taiwan Relations Act) ཀྱི་འོག་ཨ་རི་ནི་ཐའེ་ཝན་གྱི་ཐོག་ལ་ལངས་ཕྱོགས་བརྟན་པོ་ཡིན། ཞེས་གསུངས་འདུག

ཉེ་ལམ་ནས་ཐའེ་ཝན་མཚོ་འགག་ཏུ་རྒྱ་ནག་གཞུང་གིས་དྲག་ཤུགས་ཆེ་རུ་གཏོང་བཞིན་པ་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ལམ་སྟོན་ཡིག་ཆ་གསར་པ་ཞིག་སྤེལ་ཏེ་ཨ་རི་དང་ཐའེ་ཝན་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་ཐབས་སུ་ཐའེ་ཝན་གྱི་མགོ་ཁྲིད་དང་ཕོ་བྲང་དཀར་པོའི་མགོ་ཁྲིད་གཉིས་སྔར་ལྷག་རང་དབང་གིས་ཐུག་འཕྲད་བྱས་ཆོག་པ་བཀོད་ཡོད་འདུག་ལ། དེ་དང་འབྲེལ་ནས་རྒྱལ་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ནེཌ་པ་རའེ་སི་ (Ned Price) ལགས་ཀྱིས། ལམ་སྟོན་ཡིག་ཆ་དེར་མཐུད་གྲོས་ཚོགས་ཀྱིས་ཀྱང་དགོས་ངེས་ཀྱི་བསྐྱར་ཞིབ་བྱེད་ཀྱི་ཡོད་པ་དང་། ཨ་རིའི་རྒྱ་ནག་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་དང་འབྲེལ། ཨ་རི་གཞུང་གིས་ཡུན་རིང་གཞུང་འབྲེལ་ཐོག་ནས་རྒྱ་ནག་ནི་པེ་ཅིན་གཞུང་ལ་ངོས་འཛིན་བྱས་པ་དང་འབྲེལ་ནས་གསལ་བཤད་ཞིག་བྱ་སྲིད་སྐོར་དང་། ཐའེ་ཝན་མཚོ་འགག་ཏུ་རྒྱ་ནག་གི་དམག་དོན་བྱ་འགུལ་ཤུགས་ཆེ་རུ་འགྲོ་བཞིན་པའི་ཐད་གཟབ་ནན་ངང་ལྟ་ཞིབ་བྱེད་བཞིན་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་ཐའེ་ཝན་མཚོ་འགག་ཏུ་རྒྱ་ནག་གཞུང་གིས་དྲག་ཆས་མཚོ་དམག་དང་མཁའ་དམག་གི་དམག་སྦྱོང་བྱེད་བཞིན་ཡོད་པ་དེ་ནི་འཆར་ཅན་གྱི་དམག་སྦྱོང་ཞིག་ཡིན་སྐོར་བརྗོད་ཀྱི་ཡོད་ནའང་། ཐའེ་ཝན་གཞུང་གིས་རྒྱ་ནག་གི་དྲག་དམག་རྣམས་ཉིན་ལྟར་ཐའེ་ཝན་གྱི་མཚོ་ཁོངས་སུ་འཛུལ་ཏེ་དཔུང་འཇུག་བྱེད་ཀྱི་ཡོད་སྐོར་ཀྱི་བསྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཐའེ་ཝན་མཚོ་འགག་ཏུ་ཨ་རི་གཞུང་གིས་མེ་ཤུགས་འཕུར་མདེལ་གཏོར་བའི་མཚོ་དམག་གྲུ་གཟིངས་ཞིག་གིས་ཐའེ་ཝན་མཚོ་ཁོངས་སུ་དམག་སྦྱོང་བྱས་ཡོད་པ་རེད། ཨ་རིའི་དམག་སྦྱོང་དེ་དང་འབྲེལ་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཀྲོ་ལི་ཅན་ (Zhao Lijian) གྱིས། ཨ་རིའི་མཚོ་དམག་དེ་ཡིས་ཐའེ་ཝན་རང་བཙན་ཤོག་ཁག་ལ་བརྡ་ལན་ནོར་བ་ཞིག་སྤྲོད་ཀྱི་ཡོད་པ་མ་ཟད། ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་རླིང་ཉེན་ཁའི་གནས་སུ་སྐྱེལ་བཞིན་ཡོད་སྐོར་གྱི་སྐྱོན་བརྗོད་བྱས་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༦ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༡༤ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༩ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese