མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདུན་ཕྲག་འདིའི་ནང་བོད་མི་གྲངས་ ༣༥༢ ལ་ཏོག་དབྱིབས་ནད་གཞི་ཕོག་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཤུགས་ཆེན་བྱུང་བཞིན་ཡོད་པ་དང་བསྟུན་བོད་པའི་དགོན་སྡེ་དང་སློབ་གྲྭ དེ་བཞིན་ཚོགས་སྡེ་ཁག་གི་འབྲེལ་ཡོད་འགན་འཛིན་རྣམས་ནས་ཟླ་གཅིག་ནས་གཉིས་རིང་ཏོག་དབྱིབས་འགོས་ཁྱབ་ཐད་དོ་ནན་གནང་དགོས་པའི་འབོད་སྐུལ་ཞུས་སོང་།

ཁ་སང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༥༧ སྟེང་། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ཚེ་རིང་ལགས་ཀྱིས། མི་མང་གི་འཕྲོད་བསྟེན་དང་འབྲེལ་ནམ་རྒྱུན་འཕྲོད་བསྟེན་ལས་ཁུངས་ངོས་ནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ལམ་སྟོན་གནང་བཞིན་པ་ངོ་སྤྲོད་དང་སྦྲགས། ད་ལྟའི་ཆར་དམིགས་བསལ་ཞུ་དགོས་པ་ཞིག་ལ་བོད་མི་སུ་ཞིག་ཡིན་རུང་རང་གི་གཞིས་ཆགས་སོགས་ད་ལྟའི་རང་ཉིད་ཀྱི་སྡོད་གནས་རང་ལ་བཞུགས་རྒྱུ་གལ་ཆེན་ཆགས་ཡོད་པ་དང་། ལྷག་པར་དུ་རྒྱལ་ས་ལྡི་ལི་དང་ཀ་ན་ཊ་ག ཨོ་ཊར། ཧི་མ་ཅལ། མ་ཧཱ་ར་ཤི་ཊ་ར། ར་ཇི་སི་ཐན། ཏ་མན་ན་ཌའོ། ནུབ་བྷལ་གཱལ། གྷོ་ཇོ་ར་ཊི་སོགས་མངའ་སྡེ་འདི་དག་ནང་ཉིན་རེར་མི་གྲངས་ཁྲི་ ༢ ཡས་མས་ཀྱི་ནད་པ་འབྱུང་གི་ཡོད་པ་དང་ནད་ཡམས་ཁྱབ་བརྡལ་ཤུགས་ཆེན་འགྲོ་བཞིན་ཡོད་སྟབས། མངའ་སྡེ་འདི་དག་ནང་ཕེབས་མི་དགོས་པར་འབད་བརྩོན་གནང་བའི་འབོད་སྐུལ་ཞུས་སོང་།

དེ་བཞིན། མི་མང་འདུ་འཛོམས་དང་ཚོགས་འདུ་རིགས་མི་བསྐོང་བ་དང་། ཕྱིར་ཕེབས་སྐབས་ཁ་རས་གཉིས་རྩེག་གྱོན་པ་དང་སྨན་ཆས་ལག་ཤུབས་གྱོན་རྒྱུ་གལ་ཆེན་སྐོར། ཏོག་དབྱིབས་ནད་གཞི་འགོས་སླ་བ་དང་མི་ཞིག་ལ་ན་མནར་བྱུང་ཚེ་རྔམ་སྐྲག་མ་བྱས་པར་སེམས་ཁམས་ལྷོད་ལྷོད་བྱས་ནས་བཞུག་དགོས་པ། དམིགས་བསལ་གཞོན་སྐྱེས་སུ་ཞིག་ལ་ཆམ་ནད་རིགས་ཕོག་ཡོད་ཚེ་ལྷོད་གཡེང་བྱས་ནས་མི་འཇོག་རྒྱུ་དང་། ཆམ་ནད་ཕོག་པའི་གཞོན་སྐྱེས་ཚོ་རང་གི་ནང་མི་དང་ཁ་ཐག་རྒྱང་རིང་དུ་འདུག་དགོས་པ་དང་། མི་གཞན་ལ་འབྲེལ་བ་མི་གནང་བའི་འགན་འཁུར་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་བརྗོད་སོང་།

ཡང་ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་ལོ་ན་ ༡༨ ཡན་གྱི་གཞོན་སྐྱེས་ཚོར་སྔོན་འགོག་གི་སྨན་ཁབ་རྒྱག་འཆར་ཡོད་པ་ལྟར། ད་ལྟ་ནས་བོད་པའི་གཞོན་སྐྱེས་ཚོས་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་གྲྭ་སྒྲིག་དང་སྨན་ཁབ་ངེས་པར་དུ་རྒྱག་དགོས་པ་དང་། སྨན་ཁབ་བརྒྱབ་པ་ལ་བརྟེན་ནས་ནད་ཡམས་འགོས་ཁྱབ་ཇེ་ཉུང་དུ་འགྲོ་བ་དང་མི་གཞན་གྱི་སྲོག་སྐྱོབ་ཐུབ་ཀྱི་ཡོད་པ་དང་།  དེ་བཞིན། དགོན་སྡེ་དང་སློབ་གྲྭ ཚོགས་པ་ཁག་གི་འགན་འཛིན་རྣམས་ནས་ཟླ་གཅིག་ནས་གཉིས་བར་ནད་ཡམས་ཐད་དོ་ནན་གནང་དགོས་པའི་འབོད་སྐུལ་ཞུས་སོང་།

ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་བདུན་གཅིག་རིང་གི་བོད་མིའི་གནས་སྟངས་སྐོར་འགྲེལ་བརྗོད་གནང་བ་ལྟར་ན།  ད་རེས་བདུན་ཕྲག་འདིའི་ནང་བོད་མི་གྲངས་ ༣༥༢ ལ་ཏོག་དབྱིབས་ནད་གཞི་ཕོག་ཡོད་པ་དང་མི་ ༣ འདས་གྲོངས་སུ་ཕྱིན་ཞིང་། ནད་གཞི་ཕོག་མཁན་གྲས་ཀྱི་མི་གྲངས་ ༢༢༨ སྐྱེས་པ་དང་བུད་མེད་གྲངས་ ༡༢༤ ཆགས་ཀྱི་ཡོད་འདུག་ལ། ཚབས་ཆེ་ཆུང་ལ་མ་ལྟོས་པར་ནད་གཞི་ཕོག་མཁན་མང་ཆེ་བར་ནད་རྟགས་མངོན་གྱི་ཡོད་ཅིང་། ཆེས་ལོ་ན་ཆེ་ཤོས་ནི་རང་ལོ་ ༨༦ དང་ཆུང་ཤོས་ནི་ལོ་ ༢ མ་ཟིན་ཙམ་ཡིན་པ་རེད་འདུག དེ་བཞིན། གཟའ་འཁོར་འདིའི་ནང་རྒྱ་གར་གྱི་ས་གནས་གྲངས་ ༡༩ དང་བལ་ཡུལ་གྱི་ས་གནས་གྲངས་ ༢ བཅས་ཀྱི་ནང་ཁྱོན་མི་གྲངས་ ༢༣༣༤ ལ་ཏོག་དབྱིབས་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་ཡོད་པ་དང་། མི་གྲངས་ ༣༩  ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་གནང་ཐུབ་ཡོད་པ་རེད།

ད་ལྟའི་ཆར་རྒྱ་གར་གྱི་གཞིས་ཆགས་ ༢༣ དང་བལ་ཡུལ་གཞིས་ཆགས་  ༢ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༢༥ ནང་གི་མི་གྲངས་ ༩༧༢ འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་ཀྱི་ཡོད་པ་དང་། དེ་ཁྲོད་ཀྱི་མི་གྲངས་ ༦༥༥ རང་ཁྱིམ་དུ་བཞུགས་ཀྱི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡ ཕྱི་ཚེས་ ༡༦ ཉིན་ནས་རྒྱ་གར་ནང་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་རྒྱག་མགོ་བརྩམས་ཡོད་པ་ལྟར། ད་བར་འགོག་ཁབ་རྒྱག་རྒྱུའི་ལས་གཞིའི་ཁྲོད་བོད་པའི་སྨན་པ་དང་སྨན་ཞབས་པ་སོགས་ཏོག་དབྱིབས་གཉན་རིམས་ཀྱི་མདུན་སྔར་མཆོངས་མཁན་མི་གྲངས་ ༡༢༣༠ དང་། ན་ཚ་ཡོད་མཁན་མི་གྲངས་ ༡༩༣༧།  ལོ་ན་ ༦༥ ཡན་གྱི་མི་གྲངས་ ༧༤༤༧ དང་ལོ་ན་ ༤༥ ཡན་གྱི་མི་གྲངས་ ༤༨༤༣ བཅས་ཁྱོན་མི་གྲངས་ ༡༥༤༥༧ ལ་ཏོག་དབྱིབས་སྔོན་འགོག་གི་སྨན་ཁབ་བརྒྱབ་ཐུབ་ཡོད་འདུག

ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གནས་ཚུལ་ལྟར་ན། ད་བར་རྒྱ་བལ་གཉིས་ཀྱི་གཞིས་ཆགས་གྲངས་ ༢༥ ནང་ནད་གཞི་ཕོག་པའི་བོད་མི་གྲངས་ ༢༤༥༠ བྱུང་བ་དང་མི་གྲངས་ ༡༧༢༠ དྲག་སྐྱེད་བྱུང་ཡོད་ཅིང་། མི་གྲངས་ ༥༣ རྐྱེན་འདས་སུ་ཕྱིན།  ད་ལྟའི་ཆར་ན་མནར་བཞིན་པའི་མི་ ༦༧༧ ཡོད་པ་དང་ཁོ་ཚོ་མང་ཆེ་བ་ལྡི་ལི་དང་ལྡེ་ར་རྡུན། དྷ་ས་བཅས་ཀྱི་ཁྱབ་ཁོངས་ཆགས་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 2

  1. རྒྱང་བཞུད་པ། says:
    ལོ་ 5 སྔོན།

    ད་ཡིན་ན་བོད་ཀྱི་སྨན་རྩིས་ཁང་དང་སྨན་པ་སྐད་གྲགས་ཅན་དེ་ཚོར་གོ་མེད་ཚོར་མེད་རེད་རིམས་སྲུང་རིལ་བུ་ག་རེ་བྱས་སོང་། སྤྱིར་ང་ཚོ་བོད་པ་འདི་དམངས་ཚོགས་ཀྱི་སྔོན་ན་ཐོན་ནས་འཇོན་འདོག་ཁུལ་བྱེད་རྒྱུར་ཧ་ཅང་གི་དགའ་བོ་འདུག་པས་དེ་བོད་པ་ཚང་གི་ན་ཚ་ཞིག་རེད ། ང་ཚོའི་ན་ཚ་ངོས་ཟིན་དགོས་བ་རེད། ལོ་ཤས་སྔོན་རྒྱ་གར་ནང་བྱ་ནད་ཅིག་ཡོང་བ་རེད་དེ་དུས་ཡང་རིམས་སྲུང་རིལ་བུ་ཁྱབས་སྒྲགས་གནང་བ་རེད་དེ་ལོ་ཤས་རྗེས་ཡང་ཕག་ནད་ཡོང་བ་རེད་ཡང་རིམས་སྲུང་རིལ་བུ་ཁྱབས་སྒྲགས་གནང་བ་རེད་ན་ནིང་ཏོག་ནད་བྱུང་མ་ཐག་ཏུ་ཡང་རིམས་སྲུང་རིལ་བུ་ས་སྒྲགས་གནམ་སྒྲགས་བྱེད་པ་རེད་ཐ་མ་དེར་རྒྱ་གར་རྡ་ས་ས་གནས་སྨན་སྦྱོར་ཁང་ནས་བགག་བགོག་མ་བྱེད་བར་ཏུ་ཡག་པོ་བསྡོད་མ་ཚུད་པ་རེད། ད་ཐེངས་ཀྱི་རིམས་སྲུང་རིལ་བུ་སླབ་བྱ་བླངས་ནས་མ་འོང་བ་ང་ཚོ་བྱ་ལས་སོགས་ཕྱོགས་གང་ཐད་ནས་མི་རིགས་གཞན་གྱི་སྔོན་ན་ཐོན་ནས་སྐད་ཆ་མི་བཤད་རྒྱུ་སེམས་ལ་ངེས་དགོས་བ་རེད། གཞན་བོད་ཀྱི་སྨན་པ་ཚོའི་ཡང་རྩྭི་ཤིང་དང་ཟས་རིགས་སོགས་ལ་བརྟགས་དཔྱད་བཏང་ནས་ཏོག་སྨན་གཅིག་བཟོ་ཐུབ་སོང་ན་རྒྱལ་སྤྱི་སྒང་བོད་ཀྱི་རླུང་རྟ་དར་རྒྱུ་རེད། རྩྭ་རིགས་དང་ཟས་རིགས་ཅིག་ནས་ཏོག་སྨན་ཡོད་པ་དང་རྙེད་རྒྱུ་ཡོད་པ་ང་ཡིད་ཆེ་བརྒྱ་ཆ་བརྒྱ་ཐམ་པ་ཡོད། མཐར་ཚང་མ་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ??

    Reply
  2. Sonam Gyaltsen says:
    ལོ་ 5 སྔོན།

    བློ་བཟང་སེང་གེ་ སྒྲིག་ལམ་འཁྱེར་དགོས་མ་རེད་པས་ ?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese