དེ་རིང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བའི་གནད་དོན་དེ་སྤྱི་ཚོགས་ནང་གླེང་སློང་མི་གནང་བའི་ཡོངས་ཁྱབ་འབོད་སྐུལ་ཞིག་གནང་བའི་ནང་། ཆོལ་ཁ་གསུམ་གྱི་འཐུས་མི་འཛོམས་པའི་ཐོག་ནས་ཁྲིམས་ཞིབ་པ་གསར་པ་གསུམ་གྱི་འོས་མི་འདེམས་སྒྲུག་གནང་བཞིན་ཡོད་ལ། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་གྱི་གྲོས་ཚོགས་འཕར་མའི་ཐོག་ཁྲིམས་ཞིབ་པས་དམ་བཅའ་ཕུལ་བའི་ལམ་ལུགས་གཏན་འབེབ་གནང་ཐུབ་ན་དགེ་ཕན་ཆེ་བ་དང་། གལ་སྲིད་གཏན་འབེབ་གནང་མ་ཐུབ་ཚེ། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༦ ཙམ་ནས་ད་ལྟའི་བཀའ་ཤག་དང་སྤྱི་འཐུས་ཀྱི་ལས་ཡུན་རྫོགས་འགྲོ་ཡི་ཡོད་པས། ཉིན་དེར་སྲིད་སྐྱོང་མཆོག་ཡུ་རོབ་ཏུ་འཐོན་འགྲོ་རྒྱུ་ཡིན་ལ། བཀའ་བློན་རྣམ་པའང་འཐོན་འགྲོ་རྒྱུར་གྲ་སྒྲིག་ཆ་ཚང་བཟོས་ཚར་ཡོད་སྐོར་གསུངས་འདུག
ཡོངས་ཁྱབ་འབོད་སྐུལ་དེའི་ནང་དུ་སྲིད་སྐྱོང་མཆོག་གིས། ད་ལན་བཀའ་ཤག་ངོས་ནས་མི་མང་ལ་འབོད་སྐུལ་ཞུ་རྒྱུར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་འཕོ་འགྱུར་བཏང་བའི་སྐོར་སྤྱི་ཚོགས་ནང་ཡིག་ངག་གཉིས་ཐོག་ནས་དགོངས་ཚུལ་འདོན་མཁན་མང་པོ་བྱུང་སོང་། ད་དགོངས་ཚུལ་དེ་དག་མཚམས་འཇོག་གནང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱུ་མཚན་གང་ཡིན་ཟེར་ན། གྲོས་ཚོགས་ནས་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་གྲོས་ཚོགས་ཀྱི་ཚོགས་འདུ་འཕར་མ་འཚོགས་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཚར་བ་རེད། དེ་བཞིན། བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་། ཚོགས་གཙོ་ཚོགས་གཞོན་དང་སྲིད་སྐྱོང་ཡོད་པའི་ཐོག་ནས་ཚོགས་ཆུང་ཞིག་བསྐོས་པ་རེད། ཚོགས་ཆུང་ནང་ཆོལ་ཁ་རེ་ནས་མི་གསུམ་རེ་དགོས་ཀྱི་ཡོད་པས་ཁོང་ཚོར་འབོད་སྐུལ་ཞུས་པ་ལྟར། ཚོགས་མི་རྣམས་ནས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་ཀྱི་འོས་མི་འདེམས་ནས་འགྲོ་བསྡད་ཡོད་པ་རེད། འདེམས་བཞག་པའི་འོས་མི་དེ་ཚོ་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་གྲོས་ཚོགས་ལ་ཕུལ་ཏེ། ཉིན་དེར་གྲོས་ཚོགས་ནས་ཐུགས་ཐག་གཅོད་ཀྱི་ཡོད་པ་རེད། གྲོས་ཚོགས་ནས་ཐུགས་ཐག་ག་འདྲ་གཅོད་ཀྱི་ཡོད་མེད་གྲོས་ཚོགས་རང་གི་སྐུ་དབང་རེད། དེར་བརྟེན། ཕྱི་ཟླ་ ༥ པའི་ནང་གྲོས་ཚོགས་འཚོགས་དགོས་པ་དང་ཉིན་དེར་གཙོ་བོ་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་ནས་དམ་བཅའ་འབུལ་རྒྱུའི་ལམ་ལུགས་གཏན་འབེབས་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་འདུག དེ་འདྲ་གནང་ཐུབ་པ་ཡིན་ན། ཕྱི་ཟླ་ ༥ ཚེས་ ༢༦ ཉིན་སྲིད་སྐྱོང་གསར་པས་དམ་བཅའ་འབུལ་རྒྱུ་དང་། དེ་ནས་ཕྱི་ཟླ་ ༦ ཚེས་ ༡ ཉིན་ཚོགས་གཙོ་ཚོགས་གཞོན་གསར་པ་དང་གྲོས་ཚོགས་གསར་པས་དམ་བཅའ་ཕུལ་ཏེ་གྲོས་ཚོགས་འཚོགས་ཐུབ་པའི་གནས་སྟངས་ཆགས་ཀྱི་འདུག ཅེས་གསུངས་སོང་།
གལ་ཏེ་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་གྲོས་ཚོགས་འཚོགས་མ་ཐུབ་པ་དང་། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་ཀྱི་དམ་བཅའ་འབུལ་རྒྱུའི་ལམ་ལུགས་བཟོ་མ་ཐུབ་པ་ཡིན་ན་ཁོང་གིས། གཅིག་ནས་སྲིད་སྐྱོང་གསར་པར་དམ་བཅའ་ཕུལ་ས་ཡོད་པ་མ་རེད། སྲིད་སྐྱོང་གསར་པས་དམ་བཅའ་ཕུལ་མ་ཐུབ་པ་ཡིན་ན། བཀའ་ཤག་གསར་པ་འཛུགས་ཐུབ་ཀྱི་མེད། དེ་ནས་ཕྱི་ཟླ་ ༥ པའི་ཟླ་མཇུག་ལ་ད་ལྟ་ཡོད་བཞིན་པའི་གྲོས་ཚོགས་སྒོ་བརྒྱབ་འགྲོ་ཡི་ཡོད་པ་དང་། དེ་ནས་ཕྱི་ཟླ་ ༦ ཚེས་ ༡ ཉིན་གྲོས་ཚོགས་གསར་པ་ཕེབས་པའི་སྐབས་སུ་ཚོགས་གཙོ་ཚོགས་གཞོན་གདམ་རྒྱུ་ཡོད་པ་མ་རེད། གང་ཡིན་ཟེར་ན། ཚོགས་གཙོ་ཚོགས་གཞོན་ལ་དམ་བཅའ་ཕུལ་ས་མེད་པ་རེད། ཚོགས་གཙོ་ཚོགས་གཞོན་མེད་པ་ཡིན་ན་སྤྱི་འཐུས་གསར་པ་ཚོར་དམ་བཅའ་ཕུལ་ས་ཡོད་པ་མ་རེད། དམ་བཅའ་ཕུལ་མ་ཐུབ་པ་ཡིན་ན། ཁྲིམས་ཞིབ་པ་དང་སྲིད་སྐྱོང་གསར་པ་དང་བཀའ་ཤག་མེད་པ་སོགས་གྲོས་ཚོགས་འཚོགས་ཐུབ་ཀྱི་མེད་པའི་གནས་སྟངས་ཆགས་ཀྱི་ཡོད། འོན་ཀྱང་། བཅའ་ཁྲིམས་ནང་། དོན་ཚན་གཅིག་གི་ནང་བཀའ་ཤག་གི་ལས་ཡུན་ལོ་ལྔ་རེད་ཟེར་གྱི་ཡོད་དུས། ཕྱི་ཟླ་ ༥ ཚེས་ ༢༦ ཉིན་ད་ལྟའི་བཀའ་ཤག་གི་ལས་ཡུན་རྫོགས་འགྲོ་ཡི་ཡོད། ཡང་དོན་ཚན་གཞན་ཞིག་གི་ནང་། སྲིད་སྐྱོང་གསར་པས་དམ་བཅའ་མ་ཕུལ་བར་དུ་རྙིང་པ་རང་འཇགས་གནས་དགོས་རེད་ལབ་འདུག ཐ་སྙད་དེ་རྙིང་པ་རེད། དེས་སྲིད་སྐྱོང་གཅིག་པུའམ་ཡང་ན་བཀའ་ཤག་མཉམ་དུ་ཟེར་གྱི་ཡོད་མེད་ག་བར་འཐེན་འཐེན་རེད་འདུག གཅིག་བྱས་ན་སྲིད་སྐྱོང་གཅིག་པུ་དང་ཡང་མིན་ན་བཀའ་ཤག་རྙིང་པ་ཆ་ཚང་ལྷག་གི་འདུག དེ་ལྟར་ལྷག་པ་ཡིན་ན། ཕྱི་ཟླ་ ༦ ཚེས་ ༡ ཉིན་སྲིད་སྐྱོང་གསར་པ་དང་གྲོས་ཚོགས། ཁྲིམས་ཞིབ་ཁང་མེད་སྟབས། སྲིད་སྐྱོང་རྙིང་པ་དང་བཀའ་ཤག་རྙིང་པ་རེད། དེ་བས་མ་འོངས་པར་ཁྲིམས་ཞིབ་པ་ཆེ་བ་བསྐོ་བ་དང་དམ་བཅའ་ཕུལ་བར་ཚོགས་ཆུང་གསར་པ་འཛུགས་དགོས་པ་དང་། ཚོགས་ཆུང་ལའང་ཚོགས་གཙོ་དང་ཚོགས་གཞོན། ཁྲིམས་ཞིབ་པ་ཆེ་བ་དང་སྲིད་སྐྱོང་དགོས་པ་རེད། དེ་མེད་སྟབས་ཁྲིམས་ཞིབ་པ་བསྐོ་རྒྱུ་མེད་པ་རེད། མ་འོངས་པར་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་ལ་དམ་འབུལ་ཞུ་ས་མེད་པར་སྲིད་སྐྱོང་དང་བཀའ་ཤག་རྙིང་པ་མུ་མཐུད་ལྷག་པའི་ཉེན་ཁ་ཞིག་འདུག
བཀའ་ཤག་གི་དུས་ཡུན་རྫོགས་མ་ཐག་དྷ་རམ་ས་ལ་ནས་འཐོན་འགྲོ་རྒྱུར་གྲ་སྒྲིག་ཆ་ཚང་གནང་ཚར་ཡོད་པའི་སྐོར་ལ་སྲིད་སྐྱོང་མཆོག་གིས། དེ་རིང་ང་ཚོ་བཀའ་ཤག་འཚོགས་ཚར་ཙམ་ཡིན། ད་ལྟའི་ཆར་སྲིད་སྐྱོང་དང་བཀའ་བློན་རྣམ་པ་ཚང་མ་ཕྱི་ཟླ་ ༥ ཚེས་ ༢༠ དང་ཟླ་ ༦ པའི་ཟླ་མགོ་ནས་དྷ་ས་ནས་ཐོན་ཏེ་སོ་སོའི་ནང་དུ་ལོག་འགྲོ་བའི་འཆར་གཞི་ཆ་ཚང་བཏིངས་ནས་འདུག སྲིད་སྐྱོང་ཡིན་ནའང་། ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གུང་རྒྱབ་ལ་ལྡི་ལིར་འཐོན་ཏེ་ཕྱི་ཚེས་ ༢༧ ནས་ ༣༠ བར་དུ་ཡུ་རོབ་ལ་མཛད་རིམ་བཟོས་ཚར་ཡོད། དེ་ནས་ཨ་རིར་འགྲོ་རྒྱུའི་འཆར་གཞི་ཆ་ཚང་བཏིངས་ཚར་ཡིན། དེ་བས་གནས་སྟངས་དེ་འདྲ་ཆགས་པ་ཡིན་ན། སྲིད་སྐྱོང་གསར་པ་མེད་པ་དང་ཁྲིམས་ཞིབ་པ་མེད་པ། གྲོས་ཚོགས་མེད་པ་ཞིག་ཆགས་པ་ཡིན་ན། དེ་ནི་སུ་གང་ལའང་དགོས་པ་དེ་མ་རེད། ང་ཚོ་ལ་དགོས་པ་ནི་ཕྱི་ཟླ་ ༦ ཚེས་ ༡ ལ་སྲིད་སྐྱོང་གསར་པ་དང་བཀའ་ཤག་གསར་པ། གྲོས་ཚོགས་གསར་པ་དང་ཁྲིམས་ཞིབ་པ་རྒན་པ་དང་གཞན་གཉིས་བཅས་ཆ་ཚང་ཡོད་པ་ཞིག་བྱུང་བ་ཡིན་ན། གནས་ཚུལ་ཡག་ཤོས་དང་ཚང་མར་དགོས་པ་དེ་རེད། དེར་བརྟེན། རྣམ་པ་ཚོས་དགོངས་ཚུལ་གསུངས་དགོས་པ་ཆ་ཚང་གསུངས་གྲུབ་ཚར་སོང་། དེ་བས་གླེང་སློང་མ་གནང་རོགས་ཞུ་རྒྱུ་དེ་ཡིན། ཞེས་གསུངས་སོང་།
སྲིད་སྐྱོང་མཆོག་ནས་གནད་དོན་དེ་དང་འབྲེལ་ནས་གསར་འགོད་པ་ཚོར་འབོད་སྐུལ་གནང་དོན། གསར་ཁང་དང་གསར་འགོད་པ་ཚོ་ཡིན་ནའང་དེའི་ཐོག་ནས་གླེང་སློང་མ་གནང་རོགས། ང་ཚོའི་གསར་ཁང་སྐད་གྲགས་ཆེ་རུ་འགྲོ་བ་དང་གསར་འགོད་པ་ཡིན་ནའང་དེའི་ཐོག་ག་ཚོད་མང་པོ་བཤད་པ་ཡིན་ན་ང་ལ་མིང་ཆེ་རུ་འགྲོ་གི་རེད་མ་དགོངས་པར་སྤྱི་པའི་རྩ་དོན་བསམ་པའི་ཐོག་ནས་དེའི་སྒང་ལ་བགྲོ་གླེང་མ་གནང་རོགས། ཕྱི་ཟླ་ ༥ ཚེས་ ༢༠ ཉིན་གྱི་གྲོས་ཚོགས་འཕར་མ་དེ་ཡག་པོ་འཚོག་ཐུབ་པ་དང་། དེའི་སྐབས་ལ་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་དམ་འབུལ་ཞུ་བའི་ལམ་ལུགས་དེ་གཏན་འབེབ་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད་འདུག ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་གང་འདྲ་བསྐོ་མིན་གྱི་སྐུ་དབང་དེ་ཆ་ཚང་གྲོས་ཚོགས་ལ་ཡོད་པ་རེད། གྲོས་ཚོགས་ལམ་ལྷོངས་ཡོང་བར་ཤོག་ཅེས་ཚང་མས་སྨོན་འདུན་དང་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་དེ་གཙོ་བོ་ཡིན། དེ་འདྲ་བྱུང་བ་ཡིན་ན། ང་ཚོ་དངོས་གནས་ལྷིང་འཇགས་པོ་ཡོང་བ་དང་བཅའ་ཁྲིམས་ནང་ཡོད་པ་གཞིར་བཟུང་ལག་བསྟར་བྱས་ནས་འགྲོ་རྒྱུ་ཡོད་པ་ཡག་པོ་ཞིག་ཆགས་ས་རེད་ཞུ་རྒྱུ་ཡིན། དེ་བས་ང་ཚོ་བཀའ་ཤག་ཐོག་ནས་སྲིད་སྐྱོང་གསར་པ་དང་བཀའ་ཤག་གསར་པ། གྲོས་ཚོགས་གསར་པ་དང་ཁྲིམས་ཞིབ་པ་ཆེ་བ་གཞན་གཉིས་ཚང་མར་འཚམས་འདྲི་ཞུ་རྒྱུ་དང་མཐུན་རྐྱེན་ག་རེ་སྦྱོར་དགོས་བྱུང་ནའང་སྦྱོར་རྒྱུའི་གྲ་སྒྲིག་དང་། ང་ཚོ་ཡིན་ནའང་འགྲོ་ཆོག་ཆོག་བྱས་ནས་བསྡད་ཡོད། ཅེས་གསུངས་སོང་།
གསར་འགོད་པ། སྐལ་བཟང་སྦྱིན་པ། ཀླུ་མགོན་ཐར།
ད་ཡང་སྲིད་སྐྱོང་བློ་སེང་རྐུན་མ་ནས་དམངས་ཚོགས་ལ་མགོ་བསྐོར་བཏང་རྒྱུར་གྲ་སྒྲིག་ཡག་པོ་བྱས་་འདུག་ན་རྒྱ་ཆེ་དམངས་ཚོགས་ནས་རྐུན་མའི་མགོ་བསྐོར་འོག་མ་འཚུད་གནང་རོགས། ང་ཚོར་ཁྲིམས་ཞིབ་བ་གསར་བ་དགོས་དོན་མེད་རྙིང་བ་རྣམ་པ་གསུམ་ཡང་སྐྱར་འཇོག་རོགས་གནང་དགོས་བ་རྩ་ཁྲིམས་ཀྱིས་འགྲོ་ལུགས་དང་མཐུན་པ་རེད། ཁྲིམས་འགལ་ཅན་གྱི་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་ད་དུང་སྤྱི་འཐུས་སུམ་བཅུ་དེ་ཚོ་སྔོན་ནས་རྩ་དགོངས་ཞུ་དགོས་བ་ཁྲིམས་ལུགས་ཀྱི་འགྲོ་སྟངས་རེད ། གཞན་སྲིད་སྐྱོང་གསར་བ་སྤེན་ཚེ་དང་སྤྱི་འཐུས་གསར་བ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།🙏🙏🙏
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདི་༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་འོག་འགྲོ་བཞིན་པ་ནས་བཅའ་ཁྲིམས་ལེའུ་བཞི་པ་སྒྲིག་འཛུགས་ཀྱི་འགན་འཛིན་། ལེའུ་ལྔ་པ་ཁྲིམས་བཟོའི་དབང་འཛིན་། ལེའུ་དྲུག་པ་ཁྲིམས་ལུགས་དབང་འཛིན་། བཅས་སྡེ་ཚན་དེ་གསུམ་ལ་མང་གཙོའི་ཀ་བ་གསུམ་ཟེར་བ་ལྟར་སྡེ་ཚན་དེ་གསུམ་གྱིས་ལས་དོན་ཡོངས་རྫོགས་བཅའ་ཁྲིམས་ལ་འགན་ཁུར་དགོས་པ་ནས་སྔ་ལོ་གྲོས་ཚོགས་འཕར་འགྱངས་སྐོར་དང་། ཉེ་ལམ་ཆེས་མཐོའི་ཁྲིམས་ཞིབ་ཆ་ཚང་འཕོ་འགྱུལ་བཏང་བ འི་སྐོར་དང་། རིང་མིན་སྤྱི་འཐུས་གྲོས་ཚོགས་འཕར་མ་ཚོགས་རྒྱུའི་སྐོར་སོགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འབྲེལ་ཆགས་སྒྲིག་གཞི་ཁག་དང་ཕྱོགས་མཐུན་བྱུང་ཡོད་མེད་ཐོག་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་རང་གི་བསམ་ཚུལ་རིང་མིན་ཁ་བརྡ་དྲ་སྟེང་དུ་འཇོག་རྒྱུ་བཅས་།
སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་ཡག་པོ་ཡོད་ཙམ་ད་སྔར་བཀའ་ཤག་ཀླེ་ཀོར་སྤྲོད་ཐུབ་པ་མ་ཚད་སྲིད་སྐྱོང་གསར་པའི་གོ་གནས་རག་གྲབས་འདུག་ག སྤེན་པ་ཚེ་རིང་མྱང་མ་རེད།བཙན་བྱོལ་སྤྱི་ཚོགས་ནང་ད་དུང་ཡིན་ན་སྐུ་དྲག་རིང་ལུགས་ཀྱི་བལྟ་སྒྲུབ་ཡོད་བསྡད་པ་རེད་།སྤེན་པ་ཚེ་རིང་ལ་ཁེ་སང་དེར་ཡོག་རེད།ཁྱེད་སེམས་ཁྲལ་འཕར་མ་བྱེད་དགོས་མ་རེད། སྤེན་པ་ཚེ་རིང་སྲིད་སྐྱོང་གི་དམ་བཅའ་ཕུལ་དུས་ནས་བཟུང་ང་ཚོས་ཁག་་ཅིག་གནས་ཡུལ་རྒྱལ་ཁབ་ཀྱི་སྤྱི་འབངས་མི་སེར་འགན་ཁུར་རྒྱུ་ལས་སྲིད་སྐྱོང་གསར་པའི་སྒྲིག་འཛུགས་དང་རྩ་བ་ཉིད་ནས་འབྲེལ་བ་བྱེད་རྒྱུ་མེད་པ་དེ་ལུགས་ཁྱེད་ཚོས་ཁྱི་སྤྱང་ནང་བཞིན་ངུས་ནས་སྡོད་ཨ།
༼ཆེེས་མཐོའི་ཁྲིམས་ཞིབ་པ་གསར་པའི་འོས་མི་རྣམས་འདེམས་སྒྲུག་གནང་བཞིན་ཡོད་འདུག༽ 😂 😂 😂 😅 མ་འོང་ ཁྲིམས་ཞིབ་པ་གསུམ་ གསང་ཇག་ཐོག་ནས་འདེམས་སྒྲུག་གནང་ ཟིན། 😂 😂 😂 😅 པདྨ་བྱུང་གནས།♠️ ཨ་ཅརྱ་ ཡེ་ཤེས་ཕུན་ཚོགས། ♠️ ཆོས་སྐྱོང་དབང་ཕྱུག ♠️ ཁོང་གསུམ་ཨེ་ཀ་ཐིག་རེ། དེའི་སྒང་ལ་ Joker 🃏གཅིག་ བློ་བཟང་སེང་གེ། ད་དུང་གྲངས་ཀ་དང་པེཊ་་་ སྤྱི་འཐུས་གྲྭ་རྫུན་ ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཟེར་མཁན་། བིར་བཀའ་རྒྱུད་ བསྟན་པ་ཡར་འཕེལ། སེར་སྨད་ ཨ་ཀྲུག་ཚེ་རྟེན། ས་སྐྱ་མཁན་པོ་ཀ་ཊ་དངོས་སྒྲུབ་བསོད་ནམས། འབྲས་སྤུངས་བློ་གསལ་ གོ་བོ་ཕན་བདེ། བེལ་ཀོབ་རྣམ་གྲོལ་གླིང་བསོད་ནམས་རྟེན་འཕེལ་སོགས། ད་ སྤེན་པ་ཚེ་རིང་མྱང་ཡ་རེད། 😂 😂 😂 😅
སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་ཡག་པོ་ཡོད་ཙམ་ད་སྔར་བཀའ་ཤག་ཀླེ་ཀོར་སྤྲོད་ཐུབ་པ་མ་ཚད་སྲིད་སྐྱོང་གསར་པའི་གོ་གནས་རག་གྲབས་འདུག་ག
སྤེན་པ་ཚེ་རིང་མྱང་མ་རེད།བཙན་བྱོལ་སྤྱི་ཚོགས་ནང་ད་དུང་ཡིན་ན་སྐུ་དྲག་རིང་ལུགས་ཀྱི་བལྟ་སྒྲུབ་ཡོད་བསྡད་པ་རེད་།སྤེན་པ་ཚེ་རིང་ལ་ཁེ་སང་དེར་ཡོག་རེད།ཁྱེད་སེཌྷས་ཁྲལ་འཕར་མ་བྱེད་དགོས་མ་རེད།
སྤེན་པ་ཚེ་རིང་སྲིད་སྐྱོང་གི་དམ་བཅའ་ཕུལ་དུས་ནས་བཟུང་ང་ཚོས་ཁག་་ཅིག་གནས་ཡུལ་རྒྱལ་ཁབ་ཀྱི་སྤྱི་འབངས་མི་སེར་འགན་ཁུར་རྒྱུ་ལས་སྲིད་སྐྱོང་གསར་པའི་སྒྲིག་འཛུགས་དང་རྩ་བ་ཉིད་ནས་འབྲེལ་བ་བྱེད་མེད་པ་དེ་ལུགས་ཁྱེད་ཚོས་ཁྱི་སྤྱང་ནང་བཞིན་ངུས་ནས་སྡོད་ཨ།