མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ཅིག་གིས་བྱིས་པ་སྐྱེས་མཁན་མང་ཤོས་ཀྱི་ཟིན་ཐོ་གསར་པ་བཀོད།

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་ཧྥེ་རི་ཁའི་རྒྱལ་ཁབ་མ་ལི་ནས་ཡིན་པའི་བུད་མེད་ཅིག་ལ་ཕྲུ་གུ་དགུ་མཉམ་དུ་སྐྱེས་ཏེ་འཛམ་གླིང་གི་སྐྱེ་ཐེངས་གཅིག་ལ་བྱིས་པ་མང་ཤོས་སྐྱེས་མཁན་བུད་མེད་ཆགས་ཡོད་འདུག

དེ་རིང་ཕྱི་ཚེས་ ༧ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་རྒྱལ་ཁབ་སྐྱོ་ཤོས་ཀྱི་གྲས་སུ་གཏོགས་ཀྱི་ཡོད་ཅིང་ནུབ་ཨ་ཧྥི་རི་ཁའི་རྒྱལ་ཁབ་མཱ་ལེ་ (Mali) ཡི། ལོ་ན་ ༢༥ ཡིན་པའི་ཧ་ལི་མཱ་ (Halima Cissé) ཞུ་བའི་བུད་མེད་ཅིག་གིས་ཁྱོན་བྱིས་པ་ ༩ སྐྱེས་ཏེ། སྐྱེ་ཐེངས་གཅིག་ལ་བྱིས་པ་མང་ཤོས་སྐྱེས་མཁན་གྱི་འཛམ་གླིང་ཇེ་ནེ་སི་ཟིན་ཐོ་ (World Guinness Record) གསར་པ་ཞིག་བཀོད་ཡོད་པ་རེད་ལ། སྐྱེས་མ་ཐག་པའི་ཕྲུ་གུ་རྣམས་ཟླ་བདུན་ཙམ་ཡིན་པས་གློག་འོད་དྲོད་ཁང་ (incubator)་དུ་ཟླ་བ་གཉིས་སམ་གསུམ་རིང་བཞག་དགོས་ཀྱི་ཡོད་འདུག

མོ་རོ་ཁོ་སྨན་ཁང་གི་དབུ་འཛིན་ཡུས་སི་ཧྥི་ཨེ་ལོབ་ (Youssef Alaoui) ལགས་ཀྱིས། གནས་ཚུལ་འདི་དམིགས་བསལ་ཞིག་དང་དཀོན་པོ་རེད། ཕྲུ་གུའི་ཨ་མ་ཧ་ལི་མཱ(Halima Cisse)ལགས་ཀྱི་ཕྲུ་གུ་དགུ་ལས་ལྔ་བུ་མོ་དང་བཞི་བུ་ཡིན་ལ།  མ་བུ་ཚང་མ་བདེ་པོ་དང་ཐང་པོ་རེད་ལ། ཕྲུ་གུ་དེ་དག་སྐྱེས་པའི་སྐབས་སུ་ལྗིད་ཚད་ ༥༠༠ གྷ་རམ་དང་ཀེ་ལོ་གཅིག་བར་རེད་འདུག ཅེས་བརྗོད་ཡོད་པ་རེད།

ཡང་ཁོང་གིས། ཧ་ལི་མྰར་མངལ་ཆགས་ནས་བདུན་ཕྲག་ ༢༥ སྐབས་སྨན་ཁང་དུ་འབྱོར་ཞིང་། དེ་ནས་བདུན་ཕྲག་ ༣༠ བར་འཕར་འགྱངས་བྱེད་ཐུབ་ཡོད་སྐོར་དང་། སྨན་པ་ ༡༠ དང་ཛ་དྲག་གི་སྨན་ཞབས་པ་ ༢༥ ཡི་རོགས་སྐྱོབ་འོག་ཕྲུ་གུ་རྣམས་སྐྱེས་ཐུབ་ཡོད་པ་དང་། དང་ཐོག་ཁྲག་མང་པོ་ཐོན་ནས་མོའི་གནས་སྟངས་དེ་ཛ་དྲག་ཆེན་པོ་ཆགས་ཡོད་ཀྱང་། ད་ལྟའི་ཆར་ཁོ་མོ་ཉེན་ཁ་ལས་ཐར་ཡོད་པ་དང་ཁོ་མོའི་གཟུགས་པོའི་གནས་སྟངས་ཡག་པོ་ཆགས་ཡོད་པ་རེད། ང་ཚོའི་རེ་བ་ལ་ཨ་མ་དང་ཕྲུ་གུ་རྣམས་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡོད། ཅེས་བརྗོད་འདུག

དང་ཐོག་མཱ་ལིན་སྨན་ཁང་གིས་སྦྲུམ་བུར་ (ultrasound) བརྟག་དཔྱད་བྱེད་སྐབས་ཕྲུ་གུ་བདུན་ཡོད་པའི་བརྟག་འབྲས་བཏོན་ཡོད་ཀྱང་། ཕྱིས་སུ་མཐུན་རྐྱེན་ལེགས་པའི་མོ་རོ་ཁོ་ (Morocco) ་སྨན་ཁང་ནས་བརྟག་དཔྱད་བྱེད་སྐབས་ད་དུང་ཕྲུ་གུ་གཉིས་ལྷག་ལུས་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ཧ་ལི་མཱ་སྨན་ཁང་དེར་འབྱོར་ནས་བདུན་ཕྲག་ལྔའི་རྗེས་སུ་ཕྲུ་གུ་རྣམས་སྐྱེས་ཡོད་འདུག

ཕྲུ་གུའི་པ་ལགས་ཁ་ཌིར ཨར་བྷའེ་ (Adjudant Kader Arby) ནི་ད་ལྟའང་མཱ་ལི་ལ་ཡོད་པ་དང་ཁོང་གིས། ངའི་བཟའ་ཟླ་མོ་རོ་ཁོ་རུ་ཡོད་ཀྱང་རྒྱུན་དུ་འབྲེལ་བ་བྱེད་ཀྱི་ཡོད། ངའི་ནང་མིའི་མ་འོངས་པའི་མི་ཚེ་ལ་སེམས་ཁྲལ་མེད། ལྷ་ཡིས་ང་ཚོ་ལ་ཕྲུ་གུ་རྣམས་གནང་བ་རེད། ཅེས་སེམས་ཁྲལ་མེད་སྐོར་བརྗོད་འདུག

ཕྲུ་གུ་མཚེ་མ་དང་མཚེ་གསུམ། ཡང་ན་དེ་ལས་མང་བ་སྐྱེས་པའི་གནས་ཚུལ་གང་ཙམ་ཡོང་གི་ཡོད་པ་རེད། ཕྱི་ལོ་ ༡༩༧༡ ལོར་ཨོ་སི་ཊོ་ལི་ཡའི་བུད་མེད་གཅིག་ལ་ཕྲུ་གུ་དགུ་སྐྱེས་ཡོད་པ་དང་གཞན་ཡང་ཕྱི་ལོ་ ༡༩༩༩ ལོར་མ་ལ་ཞེ་ཡའི་བུད་མེད་གཞན་ཞིག་ལ་ཕྲུ་གུ་དགུ་སྐྱེས་ཡོད་པ་རེད། འོན་ཀྱང་ཕྲུ་གུ་གཅིག་ཀྱང་གསོན་པོར་གནས་ཐུབ་མེད་པ་རེད། ཕྱི་ལོ་ ༢༠༠༩ ལོར་ཨ་རིའི་བུད་མེད་ཅིག་ལ་ཕྲུ་གུ་བརྒྱད་སྐྱེས་ཏེ་གསོན་པོར་གནས་ཐུབ་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese